[དེབ་འཕྲིན། ] བདེ་སྐྱིད་ཀྱི་ལྷན་ཐབས། དགེ་བཤེས་དངོས་གྲུབ་དཔལ།

文摘   2024-08-24 12:26   甘肃  

ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台






དེབ་གསར་འགྲེམ་བརྡ།《བདེ་སྐྱིད་ཀྱི་ལྷན་ཐབས།》དགེ་བཤེས་དངོས་གྲུབ་དཔལ།



གསུང་མཁན། དགེ་བཤེས་དངོས་གྲུབ་དཔལ། 
ཟིན་འབེབས་པ། དགེ་འདུན་རྒྱ་མཚོ། 

བདེ་སྐྱིད་ཀྱི་ལྷན་ཐབས།




མི་རིགས་ཤིག་གི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས། དེ་ཡི་གཞི་རྩ་སྐད་དང་ཡི་གེ་སོགས་རིག་གཞུང་གི་ཆ་ལག་མང་ཆེ་བ་ཇེ་རྒུད་ནས་ཇེ་རྒུད་དུ་འགྲོ་བའི་དུས་མཚམས་འདིར་སླེབས་དུས། རང་རེ་རྣམས་ཀྱི་ཕྲག་ཏུ་ལྡོག་མེད་ཀྱི་འོས་འགན་ཞིག་ཡོད་དེ། མི་རིགས་དང་རིག་གཞུང་གི་སླད་དུ་མི་རང་གི་འཇོན་ནུས་དང་བསྟུན་ཏེ་ལས་ཀ་ཅུང་ཙམ་པ་རེ་ནི་ངེས་པར་བསྒྲུབ་དགོས་པའོ། །
རྒྱུ་དེ་འདྲ་བ་ལ་བསམས་ནས་ད་ཐེངས་ཕྲན་གྱིས་ལོ་ཟླའི་འཁོར་བསྐྱོད་ལ་སློབ་སྦྱོང་གི་བགྱི་བ་སྐྱོང་བའི་ཞོར་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་༧དགེ་བཤེས་དངོས་གྲུབ་དཔལ་ལགས་ཀྱི་ཞལ་སྔ་ནས་ཀྱིས་ཆོས་དང་རིག་གཞུང་གི་ཐད་ལ་དགོངས་ཚུལ་བཏོན་པའི་ཞལ་གསུང་དྲོན་མོ་འགའ་ཞིག་ཆེད་དུ་མ་བསྐུལ་དང་བླངས་ཀྱིས་ཡུལ་གངས་ཅན་པའི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་འགྲོ་ལུགས་བཞིན་ཡི་གེའི་གཟུགས་སུ་ཕབ་གྲུབ་ཡོད། 
དེ་ཡང་ལུགས་གཉིས་ཀྱི་ལེའུ་གཉིས་སུ་བགོས་ཏེ། ལེའུ་དང་པོར་སྐད་ཡིག་འཛིན་སྐྱོང་དང་། རིག་གཞུང་རྒྱུན་འཛིན། མི་གཞི་ཀུན་སྤྱོད་སོགས་ལས་བརྩམས་ཏེ་བརྗོད་བྱ་མི་ཆོས་རང་ལུགས་གཙོ་བོར་བྱས་པའི་དགོངས་ཚུལ་འགའ་ཞིག་ཆེད་དུ་བདམས་ཤིང་། ལེའུ་གཉིས་པར་སྐྱབས་ཡུལ་དཀོན་མཆོག་གསུམ། བློ་ལྡོག་རྣམ་པ་བཞི། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཆོས་ཁྲིད་ཤིན་ཏུ་ཁ་གསལ་བ་གཙོ་བོ་དམ་པ་ལྷ་ཆོས་ཀྱི་བརྗོད་བྱ་གཞི་བྱས་ཏེ་བསྒྲིགས་ཡོད། 
མདོར་ན་ཕྲན་གྱི་ཟིན་བྲིས་ཀྱི་དེབ་འདི་ནི་ཆོས་དང་རིག་གནས་གཉིས་ཆར་ལ་སྨན་པའི་སླད་དུ་དམ་པ་གང་དེའི་ལུགས་གཉིས་ཀྱི་བརྗོད་བྱ་ལས་བརྩམས་པའི་ཡུལ་དུས་མི་འདྲ་བའི་དགོངས་ཚུལ་འགའ་ཞིག་ཆེད་དུ་བདམས་པའི་ཡི་གེའི་ཕུང་བོ་ཞིག་ཏུ་ངོས་བཟུང་བས་འཐུས་སོ། ། 
དེབ་འདི་སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་ཡོད་ཅིང་། མངག་ཉོ་གང་དགོས་རྣམས་ཀྱིས་གཤམ་གྱི་འབྲེལ་ལམ་བརྒྱུད་དེ་དུས་ལྟར་འབྲེལ་བ་གནང་རོགས།

སྐད་འཕྲིན་འབྲེལ་གནས། GE200193
ཁ་པར་ཨང་གྲངས། ༡༣༣༢༠༦༧༤༠༧༢

བདེ་སྐྱིད་ཀྱི་ལྷན་ཐབས།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章