ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།
琼翁文学网 属于我们共同的文学大舞台
ལྷ་གཡག་མགོན་པོ་བདུད་འདུལ་རི་ནས་ངུར།།
གཡང་རིགས་ལྷ་ལུག་དཀར་ཆུང་སྒང་ནས་འབའ།།
འདོ་བརྒྱའི་རྐྱང་ཆུང་བཙན་དམར་རྒྱང་ནས་འཚེར།།
མིང་མི་ཐོགས་པའི་བྱ་སོགས་མགོ་ནས་འཕུར།།
རྩྭ་ལོ་སྔོ་ཡག་ལྗང་ཆུང་རླུང་ཁར་འཕྱོ།།
དར་ཤིང་དམར་སེར་གདུགས་ཆུང་ལ་རྩེར་ཕུབས།།
ལྦ་མགྱོགས་ལ་ཁར་ཆུ་མགོ་དཀར་མོ་འཐུང་།།
སྲས་མོ་ཆོས་དབྱིངས་སྐྱིད་ཀྱི་ཕ་གཞིས་ནས།།
ལྷོ་སྤྲིན་བྱང་བཞུད་དག་དང་ལམ་ཐུག་རྒྱབ།།
ལྗོངས་རྒྱུའི་སྤྲེའུ་ཚོགས་པར་བརྙན་གང་སར་རྒྱག།
ཕྱེ་མ་ལེབ་རྣམས་ཕྱི་ནང་བརྗེ་བཞིན་འཕུར།།
ལམ་འཚིག་ཞི་རྗེས་སླར་ཡང་སུན་ཚིག་ཟ།།
འདི་ཡིན་འཕྲོ་ལ་དེ་མིན་གཞན་ཞིག་འོང་།།
མདུན་གྱི་ཉི་མ་ཇེ་ཐུང་ཇེ་ཐུང་རེད།།
རྒྱབ་ཀྱི་གྲིབ་མ་ཇེ་རིང་ཇེ་རིང་རེད།།
མཚོ་བསྐོར་བྱས་རྗེས་ཡང་ཡང་མཚོ་ལ་བལྟས།།
སྨོན་ལམ་བཏབ་རྗེས་ཨ་མ་ཡང་ཡང་དྲན།།
གཏེར་ལེན་ཁ་རུ་ཧེ་ཙིས་ཨ་ཅེ་སྒུག།
ཚངས་མགུར་རྨུ་ཐག་གནམ་སའི་མཚམས་སུ་འཐེན།།
རྐང་ཚའི་མཁར་ནང་སེང་རྡོར་ཡིད་ལ་ཤར།།
སྦྲ་རྩིབས་ཁྱི་ཁ་གློང་བཞིན་ཨེ་ཡོད་གྲང་།།
སོག་གུར་ཁྲ་མོ་བསྐོར་བཞིན་ཨེ་ཡོད་ལགས།།
༼ཉག་ག་ཕ་གིའི་༽ངོ་ལ་ཐོད་མིག་བལྟས།།
རྟ་ཤོར་སྒ་དྲུད་ཁྱི་ཟུག་གློག་མེ་འཚུབ།།
རི་ཉིལ་ས་འགུལ་ཐོགས་བརྒྱབ་ཆུ་ལོག་རྒྱུགས།།
ཨ་བྲ་སོ་ཉིས་སྤྱང་ཚང་ལམ་ནས་བརྒྱལ།།
བཱ་ཡན་དབུ་ལ་ཁྲི་རྟའི་རྔམ་ཟིལ་བསྐྱོན།།
སྨན་མཆོག་བཟང་དྲུག་ལྷ་བསང་དྲི་ཞིམ་མཆོད།།
སྟག་སེང་ཁྱུང་ལྡིང་གཡུ་འབྲུག་ཡར་ལ་འཁྱིལ།།
ཚེ་དཔལ་བསོད་ནམས་སྟོབས་འབྱོར་མངའ་ཐང་རྒྱས།།
མཚེའུ་ཆུང་ཆ་འགྲིག་ནོར་བུ་མེ་འབར་དང་།།
མཚོ་སྙིང་མ་ཧ་དེ་བའི་བྱིན་རླབས་ཀྱིས།།
ཀུན་མཁྱེན་བླ་མའི་དབུ་འཕང་དགུང་ལ་བསྟོད།།
༢༠༢༤ལོའི་སྤྱི་ཟླ་༧པའི་ཚེས༣༠ཉིན།
版权声明:版权归《卡加琼翁综合文学网》所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。
བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།
དོ་ཁུར་གནང་རོགས།
谢谢关注视频号
དཔེ་ ཀློག
དཔེ་ཀློག| ཤེས་རབ་ཀྱི་མི་ཚེ།
འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།
རྩོམ་རིག|གཞུང་ལུགས་ཀྱི་འཇིངས།
赞赏
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག
རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།
ནང་དོན་འགོད་ལུགས།
༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག འཆད་ཁྲིད། གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ།
琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!