༄༅།། བསེ་ཚང་དྲན་གླུ། ལེན་མཁན། ཧོར་གཙང་ལྷ་ལུང་མཚོ།

文摘   动漫   2024-08-29 09:23   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台






༄༅།།བསེ་ཚང་དྲན་གླུ།


ཚིག    ཁ་གྱའི་ཁྱུང་སྔོན།‍‍‍

དབྱངས།    བློ་གསལ།

ལེན་མཁན།   ཧོར་གཙང་ལྷ་ལུང་མཚོ།‍‍‍‍‍‍‍


འགྲོ་བའི་ཉི་མ་ནུབ་ལ་ཡིབ་དུས།།

ཡིད་ཀྱི་གངས་རི་ཞེ་ལ་དཀར་སོང་།།

ཡང་དར་བསྟན་པའི་གསེར་གྱི་ཀ་ཆེན།།

དུས་ཀྱི་གདོང་ནས་གློ་བུར་འགྱེལ་བས།།

ས་ཆེན་སྐྱེ་དགུའི་འགྲོ་བའི་གདོང་ལ།།

ཁ་བ་ནག་པོ་ཟོལ་གྱིས་བབས་བྱུང་།།

བླ་མ་ལགས་་་བསེ་ཚང་རིན་པོ་ཆེ།།

འཇིགས་མེད་ཀྱི་སྙིང་སྟོབས་གོ་ཆས། ཡང་དར་གྱི་རྒྱལ་མཚན་སྒྲེང་མཁན། རྒྱལ་སྲས་ཆེན་པོ་བསེ་ཚང་ལགས་་་རིན་པོ་ཆེ།  མར་མེ་ཁྲི་འབུམ་གྱི་འོད་ངོགས་ན། སྐྱོ་གདུང་དང་མྱ་ངན་གྱིས། གསོལ་འདེབས་དང་སྐྱབས་འཇུག་རེ་རེ་་་་བསྐལ་བའི་མཐའ་རུ་བསྲིངས་ཡོད། ཨོ་ཧོ་ཧོ་་་་བླ་མ་ལགས་་་་་བསེ་ཚང་རིན་པོ་ཆེ།

སློབ་གསོའི་མཁའ་ནས་ཟླ་བ་བཞུད་དུས།།

ཡིད་ཀྱི་གཙང་བོ་ཞེ་ལ་མེར་སོང་།།

དུས་ཀྱི་མུན་པ་ཟ་བའི་སྒྲོན་མེ།།

ཤེས་རིག་གླིང་ནས་གློ་བུར་གཟིམ་པས།།

རིག་གཞུང་སྐད་ཀྱི་ཕྲེང་བའི་རྒྱུན་ཐག།

ལོ་ཟླ་ནག་པོའི་གསེང་ནས་འཐོར་སོང་།།

སློབ་དཔོན་ལགས་་་བསེ་ཚང་རིན་པོ་ཆེ།།

རིག་གཞུང་གི་སློབ་གསོའི་གླིང་ནས། སྐད་ཡིག་གི་སྒྲོན་མེ་སྦར་མཁན། རིག་པའི་དཔའ་བོ་བསེ་ཚང་ལགས་་་རིན་པོ་ཆེ།  མི་རིགས་སློབ་གསོ་ཡི་མཛད་ཆེན་ལ། ཕྱིར་དྲན་དང་དད་གདུང་གིས།  ཞལ་གདམས་དང་བཀའ་སློབ་རེ་རེ་་་་་སྙིང་གི་དཀྱིལ་ན་བཞད་ཡོད། ཨོ་ཧོ་ཧོ་་་་སློབ་དཔོན་ལགས་་་་བསེ་ཚང་རིན་པོ་ཆེ།



版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章