རྒྱལ་ཡུམ་འཕྲིན་ལས་ཅན་མ་ལ་བསྟོད་པ། རྐང་ཚ་འཇིགས་མེད་རྒྱ་མཚོ།

文摘   动漫   2024-08-17 09:07   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台













རྒྱལ་ཡུམ་འཕྲིན་ལས་ཅན་མ་ལ་བསྟོད་པ་དངོས་གྲུབ་ཆུ་གཏེར་སྤེལ་བའི་ཟླ་ཤེལ།



 རྐང་ཚ་འཇིགས་མེད་རྒྱ་མཚོ།





དབང་གཞུའི་གུར་ཁང་མཛེས་པའི་ཆུ་གཏེར་དབུས།།
ཆུ་ཤེལ་ལྷུན་པོའི་ལང་ཚོར་ཆགས་པའི་ལྷ།།
མཛེས་འཛུམ་ཟུར་མིག་འགྲོ་ལ་གཡོ་བ་དེས།།
ངག་རིག་སྨྲ་བའི་སྤོབས་པ་མཆོག་སྩོལ་ཅིག།


ལྷར་བཅས་འགྲོ་བའི་གཙུག་ན་ལྷམ་མེ་བ།།
རྒྱལ་བ་མཚན་དཔེའི་ཡོད་ཏན་རྫོགས་རྣམས་ཀྱི།།
འཕྲིན་ལས་རྣམ་འཕྲུལ་གཅིག་ཏུ་བསྡུས་པའི་ལྷ།།
རྒྱལ་ཡུམ་སྒྲོལ་མའི་ཞབས་ཟུང་གཙུག་གི་རྒྱན།།


འདབ་སྟོང་ཆུ་སྐྱེས་གསར་བའི་དབུས་ཉིད་ན།།
མརྒད་ནོར་བུའི་ཁམས་ལས་ལེགས་འཁྲུངས་པའི།།
མཛེས་ལྡན་ཞབས་ཟུང་བརྐྱང་བསྐུམ་ཀྱིས་འཁོད་པས།།
ཐབས་ཤེས་ཟུང་དུ་འཇུག་པས་ཅི་ཡང་མཚོན།།


པད་མ་རཱ་གའི་རྡུལ་མང་རྩིག་པའི་སྤོར།།
ཉི་གཞོན་འཆར་ཀའི་མདངས་ཀྱིས་རབ་འཁྱིལ་བའི།།
དཔག་ཡས་ཚེ་དང་ཡེ་ཤེས་ཀུན་སྩོལ་བའི།།
ཚེ་དཔག་མེད་མགོན་སྤྱི་བོར་བརྒྱན་ལ་འདུད།།


རིན་ཆེན་གཡུ་ཡི་འཁྲི་ཤིང་མཐོ་བ་ལ།།
འཇམ་མཉེན་ཕྱག་གཉིས་ཡལ་ག་བརྐྱངས་བ་ཡིས།།
འདབ་བརྒྱད་ཨུཏྤལ་གཞོན་ནུའི་ལང་ཚོ་ལ།།
ཆགས་པའི་རྐང་དྲུག་མགྲོན་ལ་འབོད་པར་བྲེལ།།


ཡིད་འོང་སྟོན་ཟླ་རབ་རྒྱས་འབུམ་ཕྲག་གིས།།
མདངས་ཀྱི་མཛེས་སྡུག་ཀུན་ནས་འཕྲོག་བྱེད་པ།།
ཞལ་གྱི་དཀྱིལ་འཁོར་ཆུ་སྐྱེས་ཕོན་པོའི་ཚལ།།
རབ་མཛེས་ཟུར་མིག་བུང་བ་གཡོ་ལ་འདུད།།


བརྩེ་ཆེན་ཆུ་འཛིན་ཕུང་པོ་འཁྲིགས་པ་ལས།།
རྨད་བྱུང་གསུང་སྙན་དབྱར་སྐྱེས་སྟོང་གི་སྒྲས།།
འགྲོ་བའི་སྙིང་དབུས་ནོར་འཛིན་ཡངས་པའི་གཞིར།།
ཡན་ལག་བརྒྱད་ཅུའི་སྦྲང་ཆར་རྟག་ཏུ་ཕབས།།


གཏིང་མཐའ་མི་མངོན་ཆུ་གཏེར་ཕུང་པོ་དང་།།
ཉེར་མཚུངས་མ་ལུས་ཆོས་ཀྱི་དེ་ཉིད་ཀུན།།
བློ་གྲོས་འདབ་གཤོག་སྐྱོད་པའི་ཟློས་གར་གྱིས།།
ལྷག་མེད་ཁོང་དུ་ཆུད་ལ་ཡིད་རབ་མགུ།།


ཏིང་འཛིན་གཡོ་མེད་རོ་ཡི་ཞིམ་མངར་ལ།།
འཛད་མེད་སྤྱོད་པའི་མཐུ་ལ་དབང་འབྱོར་ཡང་།།
ན་རྒའི་རླབས་རིས་གཡོ་བའི་འཁོར་བའི་མཚོར།།
འགྲོ་རྣམས་དགྲོལ་པའི་སྐྱོ་བ་སྤངས་ལ་འདུད།།


མ་རུང་འཇིགས་བརྒྱད་དུག་གི་ཁ་རླངས་ཀྱིས།།
ཀུན་ནས་སྦགས་པའི་བདག་ཡིད་སྐྱེད་མོས་ཚལ།།
ལྷུན་གྲུབ་འཕྲིན་ལས་ཉི་གཞོན་ཤར་རིའི་རྩེར།།
བགྲོད་བས་སྙིང་གི་པདྨོ་ཁ་འབྱེད་ཤོག།


དེ་ལྟར་རྒྱལ་བའི་ཡུམ་གྱུར་རྗེས་བཙུན་མར།།
དད་པས་སྤེལ་བའི་གཏམ་གྱི་རོལ་མོ་འདིས།།
ཐོབ་པའི་དགེ་ཚོགས་ཟླ་དཀར་ཟེགས་མ་ཡིས།།
སྙིང་དབུས་ཀུ་མུད་འདབ་སྟོང་གྲོལ་གྱུར་ཅིག།







版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章