ཀ་ཕྲེང་མི་ཚེ་སྙིང་པོ། ཐེ་བོ་དཀོན་སེང་།

文摘   2024-08-05 15:53   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ཁྱུང་སྔོན་རྩོམ་རིགས་དྲ་བ།  

琼翁文学网  属于我们共同的文学大舞台




ཀ་ཕྲེང་མི་ཚེ་སྙིང་པོ།

ཐེ་བོ་དཀོན་སེང་།



ཀ་དག་བདེ་བ་ཆེན་པོ་ཡུམ་གཅིག་གི་འཛུལ་ཞལ།།
ཁ་ཙམ་མིན་པར་རྟེན་འབྲེལ་རིགས་འཕྲུལ་གྱིས་བཙལ་ན།།
ག་ལེར་ལྷན་སྐྱེས་བདེན་འཛིན་འཛིན་སྟངས་རྣམས་ཞིག་སྟེ།།
ང་ཁྱོད་ཕྱོགས་རིས་མེད་པའི་བཏང་སྙོམས་ཞིག་སྐྱེ་འོང་།།

ཅ་དག་དལ་བའི་རྟེན་འདིར་སྙིང་པོ་ཞིག་དགོས་ན།།
ཆ་ལུགས་ཕྱི་ཚུལ་ཙམ་ལ་སྲེད་ཞེན་དེ་བཀག་ནས།།
ཇ་སྡོང་ལྟ་བུར་བསྔགས་པའི་གནས་ལུགས་ཀྱི་ཨ་མར།།
ཉ་མོའི་འཁྱུག་རྩལ་ངོམ་སྟེ་ཨེ་མཇལ་ལ་རེམ་དགོས།།

ཏ་ཐཱ་ག་ཏའི་བསྟན་པའི་ཡང་སྙིང་དུ་གྱུར་བའི།།
ཐ་སྙད་བཏགས་དོན་བཙལ་མཐར་སྟོང་སང་གི་མཛེས་ཉམས།།
ད་ཐེངས་འབད་འབད་མཐའ་མར་མཇལ་རྒྱུ་ཞིག་བྱུང་ན།།
ན་ཚས་ལུས་ཟུང་ཟད་ཀྱང་འགྱོད་སེམས་ཤིག་མི་འདུག།

པ་བ་སངས་ལྟར་ལྷད་མེད་ཟབ་མོ་ཡི་གཞུང་ལུགས།།
ཕ་གཅིག་དམ་པའི་སློབ་སྟོན་མན་ངག་བཞིན་བསླབ་ན།།
བ་མོའིི་འོ་ཞོའི་སྙིང་པོ་མར་ལོ་དེ་ཇི་བཞིན།།
མ་སྨད་མཐའ་བྲལ་ཆོས་དབྱིངས་རང་ཞལ་དེ་མཇལ་ཡོང་།།

ཙ་རི་འོལ་ཁ་ལ་སོགས་གནས་བཟང་རེའི་ཕུག་ཏུ།།
ཚ་གྲང་ངལ་དུབ་ཁྱད་བསད་སྒྲུབ་པ་ལ་བརྩོན་ཏེ།།
ཛ་ཡི་བསྟན་ལ་མཇལ་བའི་དགོས་དོན་གྱི་སྙིང་པོ།།
ཝ་ལེར་དེ་ཉིད་གཟིགས་པར་ཡིད་སྨོན་རང་ཤོར་གི།

ཞྭ་སེར་བསྟན་དང་མཇལ་བའི་སྐལ་བཟང་རེ་ཤར་དུས།།
ཟ་མ་ངན་ངོན་ཙམ་གྱི་ཆོག་ཤེས་ལ་བསྟེན་ནས།།
འ་འོར་གཞུང་ཀློག་ཚོགས་བསགས་གསོལ་འདེབས་གསུམ་འགྲིལ་ན།།
ཡ་མཚན་གནས་ལུགས་མཐོང་བར་ཉེ་སྐད་རང་འདུག་གོ།

ར་བ་གངས་རིའི་མགོན་པོའི་གདུལ་ཞིང་དུ་སྐྱེས་པ།།
ལ་ལུང་འགྲིམ་པའི་གཡེངས་པས་སྟོང་ཟད་དུ་མ་བཏང་།།
ཤ་ཁྲག་སྒྱུ་མའི་ལུས་ཕུང་མ་ཟད་ཀྱི་གོང་དུ།།
ས་ཐོབ་སེམས་དཔའི་རྣལ་འབྱོར་ཨེ་ཐོབ་ཏུ་རེམ་དགོས།།

ཧ་ཤང་མཁན་པོའི་ལྟ་བའི་གོལ་ས་རྣམས་དོར་ཏེ།།
ཧ་ཅང་ཟང་བརླིང་ཆེ་བའི་སྣང་སྟོང་གི་ངང་ཚུལ།།
ཨ་མ་རྗེན་པར་གཟིགས་པའི་གཟིགས་སྣང་རེ་བྱུང་ན།།
ཨ་ཁུའི་མི་ཚེའི་སྙིང་པོ་དེ་ག་ཡིས་ཆོག་གོ།


   
ཞེས་ཀ་ཕྲེང་མི་ཚེ་སྙིང་པོ་ཞེས་པ་འདི་ད་ལོའི་དབྱར་གནས་སྐབས་རྗེ་བླ་མའི་ལྟ་བའི་ལེགས་བཤད་ལྔའི་ཡ་གྱལ་ལྷག་མཐོང་ཆེན་མོར་ཞིབ་མཇལ་ཐེངས་གཅིག་བྱས་པའི་བར་གསེང་ནས་སོར་རྩེ་སྨྱུ་གུ་ལ་གཡེངས་པའི་གོམས་གཤིས་ཤིག་གིས་ཤར་མར་བྲིས་པ་དགེའོ།།

版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།

དོ་ཁུར་གནང་རོགས།

谢谢关注视频号

དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

 

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章