བྱིས་པ་སློབ་སྦྱོང་ལ་འཁྲི་བའི་སྤྲོ་སྣང་བྱེད་ཐབས། ལུང་རིགས།

文摘   动漫   2024-08-21 09:14   甘肃  


ང་ཚོ་ཐུན་མོང་ལ་དབང་བའི་རྩོམ་རིག་གི་སྡིངས་ཆ་ཆེན་མོ།

属于我们共同的文学大舞台













 བྱིས་པ་སློབ་སྦྱོང་ལ་འཁྲི་བའི་སྤྲོ་སྣང་བྱེད་ཐབས།



   རྩོམ་པ་པོ།  ཁཱ་ཨར་བེ་ཐི་རྒན་པ། (འཇར་མན།)


སྒྱུར་བ་པོ། ལུང་རིགས་རྒྱ་མཚོ། (དར་ལག)




    ཕ་མ་ཁ་ཤས་ཀྱིས་ང་ལ་ཁོ་ཚོའི་བྱིས་པ་དག་ནམ་རྒྱུན་དཔེ་ཅོག་དང་ལུས་མི་འབྲལ་ཡང་ཡར་ཐོན་མེད་པ་ཅི་ཡིན་ནམ།   ཁོ་ཚོའི་བྱིས་པ་དག་གིས་དཀའ་སྡུག་དང་འབད་བརྩོན་བྱེད་ཀྱིན་ཡོད་མོད། སློབ་སྦྱོང་དེ་འདྲ་མི་བཟང་བ་ཞིག་རེད། འདི་འདྲའི་ཁྱད་པར་ཤོར་བའི་རྒྱུ་མཚན་ཅིའི་ཕྱིར་ཡིན། ཡང་ན་ཁཱ་ཨར་སྤྱང་གྲུང་འཛོམས་པ་ཁོའི་ལྷན་སྐྱེས་ཡིན་པ་དང་། ཁོང་ཚོའི་བྱིས་པ་དག་ལྷན་སྐྱེས་ནས་གླེན་པ་ཡིན་པས་རེད། ཁཱ་ཨར་གྱིས་སློབ་སྦྱོང་བྱེད་ཐབས་འགྲིག་ནས་ཧང་སངས་པའི་གྲུབ་འབྲས་ཐོབ་རྗེས་ང་ལ་དེ་ལས་ཀྱང་དེའི་སྐོར་གྱི་དྲི་བ་འདྲི་མཁན་གྱི་ཕ་མ་མང་པོ་བྱུང་བ་རེད།


  དྲི་བ་འདི་འདྲར་མཚོན་ན།  ངས་ཇི་འདྲ་བྱས་ནས་ལན་འདེབས་དགོས་པ་ཤེས་ཀྱིན་མེད། ངས་བསམ་པ་ལ་བྱིས་པ་གཞན་དག་གི་ལྷན་སྐྱེས་ཁཱ་ཨར་ལས་ཀྱང་དམའ་བར་འདོད་ཀྱིན་མེད།  བྱིས་པར་ཤུགས་རྐྱེན་ཐེབས་ཏེ་མི་འཇོན་ཐང་ཅན་གྱུར་པའི་རྒྱུ་ཚོགས་མང་པོ་ཡོད་པ་རེད།    ངས་བསམ་ན་སློབ་སྦྱོང་གི་ཕྱོགས་ནས་བྱིས་པའི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་ཚོགས་གཙོ་བོ་ནི་བྱིས་པ་ཆུང་དུས་ནས་སློབ་སྦྱོང་བྱེད་པའི་གོམས་གཤིས་ཡག་པོ་ཆགས་པར་བཅུག་རྒྱུ་དེ་རེད་འདུག ད་རུང་བྱིས་པའི་སློབ་སྦྱོང་གོམས་གཤིས་ཡག་པོ་བྱེད་པ་ལ་ཕ་མའི་སློབ་གསོ་དང་སྣེ་ཁྲིད་མཁོ་བ་རེད།

བྱིས་པ་མི་ཉུང་བ་ཞིག་ལ་རང་བཞིན་གྱི་རྣམ་དཔྱོད་ལྡན་པ་རེད། རེ་འདོད་ཁེངས་པ་དང་སྤྲོ་བ་ཆེ་བ་འདི་ཡོོད་པ་དོན་དག་ལེགས་པོ་ཞིག་རེད། འོན་ཀྱང་། རྒྱུ་མཚན་ཕ་མ་རྣམས་ལ་ཡང་དག་པའི་སྣེ་ཁྲིད་མེད་པས། ཁོ་ཚོས་མཐར་ཐུག་ཅི་ཡང་སློབ་ཐུབ་ཡོད་པ་མ་རེད།

  ཁཱ་ཨར་ནི་སྤྲོ་སྣང་ཆེ་བའི་བྱིས་པ་ཞིག་ཡིན། ཁོ་རང་ཧ་ཅང་ཆུང་བའི་དུས་ནས་བཟུང་།  ངས་ཁོ་ལ་ཡང་དག་པའི་སྣེ་ཁྲིད་བྱེད་པར་ཉམས་འཇོག་བྱས་པ་ཡིན། དེ་བས་ཁོ་རང་ཕུལ་བྱུང་གི་མི་སྣ་ཞིག་ཏུ་གྱུར་པ་རེད།

   ངས་ཁོས་སློབ་སྦྱོང་བྱེད་པར་གཟབ་ནན་དང་། བློ་རྩེ་གཅིག་ཏུ་སྒྲིམ་པ། ཤེས་རིག་ཅི་ཞིག་སློབ་ཀྱང་བློ་གཏད་རྒྱུའི་རེ་བ་བཅོལ་ཡོད།  གལ་ཏེ་རྩེད་མོ་རྩེ་བསམ་ཚེ། ཡིད་ཚིམས་པོས་སྒོ་ནས་རྩེད་མོ་རྩེ་དགོས་ཤིང་། ཁོས་སློབ་སྦྱོང་བྱེད་སྐབས་བློ་རྩེ་གཅིག་ཏུ་མི་གཏད་པར་རྩེད་རྒྱུའི་ཕྱོགས་ལ་བསམ་བློ་འཁོར་བ་དང་། ཡང་ན་རྩེད་མོ་རྩེ་སྐབས་སློབ་སྦྱོང་ལ་སེམས་ཁྲལ་མི་བྱེད་རྒྱུའི་རེ་བ་ཆེ། གལ་སྲིད། བསམ་པ་གཅིག་ཕྱོགས་གཉིས་སུ་གཏད་ན། མགོ་མཇུག་གི་གྲུབ་འབྲས་ཅི་ཡང་ཡག་པོ་ཞིག་སྒྲུབ་དཀའ་ངེས། དེ་ལྟར་དུས་ཚོད་ཉེར་བཞིའི་རིང་དཔེ་ཅོག་གི་གམ་དུ་ཙོག་ཀྱང་ཚུལ་འཆོས་ཙམ་ལས་མ་འདས།

    བྱིས་པ་མང་པོ་ཞིག་གིས་དཀའ་སྤྱད་སྡུག་རེས་བྱེད་ཀྱང་རྒྱུགས་སྐར་ཡག་པོ་ཞིག་ཐོབ་ཐབས་དཀའ། རྒྱུ་རྐྱེན་གཙོ་བོ་སློབ་སྦྱོང་ལ་བློ་རྩེ་མ་སྒྲིམ་པ། སེམས་གཞན་དུ་གཡེང་བ། མི་མདུན་ཅོག་གི་གམ་དུ་ཡོད་ལ། དཔེ་ཆ་དང་སྨྱུ་གུའང་ལག་ཏུ་ཡོད་ཀྱང་སེམས་པ་གནས་གཞན་དུ་འཁོར་སོང་བས་རེད། 

    གལ་སྲིད། དེ་འདྲའི་རྣམ་འགྱུར་གྱི་འོག་ནས་སློབ་སྦྱོང་བྱེད་ན་ཤེས་ཐུབ་བམ། ངས་བསམ་ན་བྱིས་པའི་སློབ་སྦྱོང་མི་བཟང་ན། དེ་བས་བྱིས་པ་ཁོ་རང་ཡིད་ཚིམས་པའི་རྩེད་རྒྱུ་བཅུག་ན་རེད་འདུག་འདོད་བྱུང་།


    ང་ལ་གྲོགས་པོ་བཟང་པོ་ཞིག་ཡོད། ཁོ་ལ་ཧ་ཅང་སྤྱང་གྲུང་འཛོམས་པའི་བུ་ཞིག་ཡོད། མིང་ལ་ཧཱ་བེར་ཟེར་བ་རེད། ཁཱ་ཨར་ལས་ལོ་བཅུའི་ཆེ་བ་རེད། ཧཱ་བེར་ཆུང་དུས་སུ་ཁཱ་ཨར་འདྲ་བར་ཧ་ཅང་སྤྲོ་བ་ཆེ་བའི་བྱིས་པ་ཞིག་རེད།

   ང་ནམ་རྒྱུན་ཧཱ་བེར་ཚང་ལ་འགྲོ་བ་ཡིན། ཁོས་རྟག་པར་ང་ལ་ཚར་རྒྱུ་མེད་པའི་དྲི་བ་མང་པོ་འདྲི་བ་རེད། འདི་འདྲའི་སྙིང་རྗེ་བའི་བྱིས་པ་ཞིག་གིས་དྲི་བ་བཏོན་པ་ལ་ངས་ངང་རྒྱུད་འཇམ་པོས་སྒོ་ནས་ལན་འདེབས་པ་ཡིན། རྒྱུ་རྐྱེན་འདི་འདྲའི་དབང་གིས་ཧཱ་བེར་གྱིས་ང་ཁོའི་གྲོགས་པོ་ཞིག་ཏུ་བརྩི་བཞིན་ཡོད།


   བསམ་ཡུལ་ལས་འདས་པ་ཞིག་ལ་ཧཱ་བེར་ལ་ཡང་དག་པའི་སློབ་གསོ་ཐོབ་པ་ནས་བཟུང་ཁོའི་རྒྱུགས་འབྲས་ཧ་ཅང་ཐབས་རྡུགས་རེད་འདུག  ཁོའི་ཕ་མ་གཉིས་ཀྱིས་གནས་ཚུལ་དེ་ང་ལ་བཤད་སྐབས་ངའི་ཚོར་བ་ལ་ཧ་ཅང་ཡ་མཚན་སྐྱེས་བྱུང་། ངས་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་ཤེས་ཀྱིན་མི་འདུག ཧཱ་བེར་ནི་དེ་འདྲའི་སྤྱང་གྲུང་འཛོམས་པ་དང་ཕ་མ་གཉིས་ཀྱང་ཤེས་ཡོན་ཡོད་པར་མ་ཟད། ཁོ་ལ་ཧ་ཅང་བཟང་བའི་སློབ་གསོ་སྤྲད་ཡོད་པ་རེད། ཅིའི་ཕྱིར་མཇུག་འབྲས་འདི་འདྲ་ཞིག་ཏུ་གྱུར་བ་རེད།

སྤྲོ་སྣང་གིས་བཟི་བ་རྒྱུས་ལོན་བྱེད་ཆེད་དུ་ཕ་མ་གཉིས་ཀྱིས་ངས་ཧཱ་བེར་གྱི་སློབ་སྦྱོང་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཆོག་པའི་རེ་བ་བཅང་ཡོད།

    ཉིན་ཞིག  ང་ཧཱ་བེར་གྱིས་༼ཧེ་མའི་ལོ་རྒྱུས་སྙན་ངག་རིང་མོ༽བློ་རུ་འཛིན་བཞིན་པའི་སྐབས་སུ་འཇམ་ཐང་ཐང་ངང་སྒོ་བརྒྱུད་དེ་ཁོའི་འགུལ་སྤྱོད་ལ་ཞིབ་ཏུ་བལྟས།  དང་པོའི་སྐབས་སུ་ཁོས་སྐད་ཆུང་ངུའི་སྒོ་ནས་ཀློག་འདོན་བྱེད་ཀྱིན་འདུག་མོད། ཡིན་ནའང་། ཅང་མ་འགོར་བར་སྒྲ་ཅི་ཡང་གྲགས་རྒྱུ་མེད་པར་ཆགས་སོང་།   ངས་མཐོང་སྐབས་ཁོས་སློབ་སྦྱོང་གཟབ་ནན་བྱེད་ཀྱིན་མེད་པར་མིག་ཟུང་གཉིས་ཀ་སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟས་ཏེ་བསམ་བློ་འཁོར་གྱིན་འདུག


    ངས་ཧཱ་བེར་གྱི་ཨ་ཕ་འབོད་དེ་གནས་ཚུལ་དེ་བཤད་པས། ཁོའི་བུས་སློབ་སྦྱོང་འདི་འདྲ་བྱེད་པའི་ཉམས་འགྱུར་ལ་ཁོང་ཁྲོ་ལངས་ཏེ། ཁོ་མ་ཐག་ཏུ་ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་འཁྲུག་ཏེ་བུ་ལ་ཡིད་ཚིམས་པ་ཞིག་སྡིགས་བྱུང་།

ངས་ཧོལ་རྒྱུགས་ཆེ་བའི་ཕ་རྒན་འདི་འགོག་ཏེ། ལྷོད་ལྷོད་ཀྱིས་ཁོ་ལ་འདི་འདྲ་བྱེད་ཉན་པ་མ་རེད། ང་དང་ཧཱ་ཨར་ངེད་གཉིས་ཀྱིས་ཁ་བརྡ་བྱས་ན་ཆོག་པ་རེད་ཅེས་བཤད།

    ང་དལ་མོར་ཧཱ་བེར་གྱི་དཔེ་ཁང་དུ་འཛུལ། ཁོའི་རྒྱབ་ཏུ་ཡར་འགྲེང་ཡོད་པ་ཁོས་ཚོར་གྱིན་མེད་ལ། ངས་བསམ་པར་ཁོ་རང་ཅ་དངོས་ཤིག་གིས་སྒྱུ་མའི་ཞིང་དུ་ཁྲིད་པར་འདོད། ལག་པས་དལ་མོར་ཁོའི་ཕྲག་པར་རེག་པས་ཁོ་རང་སྐྲག་སོང་།

“བུ་ཆུང་། ཁྱོས་ཅི་ཞིག་བསམ་གྱིན་ཡོད།  “

“འོ། སྐུ་ཞབས་བེར་ཐི་ལགས་རེད་འདུག”

སློབ་སྦྱོང་བྱེད་སྐབས་ཅིའི་ཕྱིར་སེམས་གཞན་དུ་གཡེང་བ་རེད།

“ཁྱོད་རང་སྤྲོ་སྣང་ཆེ་བའི་བྱ་བ་རེ་ཡོད་པ་ཨེ་རེད། “ངས་ངག་འཇམ་པོས་འདི་ལྟར་དྲིས་པ་ཡིན།

“ངས་ཅི་ཡང་བསམ་གྱིན་མེད།”

“དེ་ན་ངས་ཁྱོད་ལ་རྒྱུགས་ཤིག་ལེན།”

ཁོ་རང་གིས་ཚིག་འབྲུ་གཅིག་ཀྱང་བློ་རུ་འཛིན་མེད་པས།མ་ཐག་ཏུ་ངོ་གདོང་དམར་པོར་གྱུར་སོང་། 

“བུ་ཆུང་། གལ་ཏེ་ཁྱོས་ད་ཅི་གཟབ་ནན་བྱས་ཏེ་བློ་འཛིན་ཡོད་ན། ད་ལྟའང་ཅིའི་ཕྱིར་བློ་ཐོག་ནས་འདོན་མི་ཐུབ་པ་རེད།

དོན་དངོས་སུ་ཧཱ་བེེར་གྱིས་ཁས་ལེན་བྱུང་། རང་ཉིད་ད་ཅི་དངོས་ནས་སེམས་གཞན་དུ་གཡེང་སོང་།

ངས་ཀྱང་ཅི་ཞིག་བྱུང་བ་གསལ་བོ་ཤེས་ཀྱིན་མེད། དཔེ་ཆ་ལྟ་སྐབས་ནམ་རྒྱུན་དོན་དག་གཞན་པར་འདང་རྒྱག་རྒྱུའི་གོམས་གཤིས་ཤིག་ཆགས་འདུག་ཅེས་ཟེར།”

“དེ་ན་ད་ཅི་ཁྱོད་ཀྱིས་ཅི་ཞིག་བསམ་གྱིན་པ་དེ་ང་ལ་བཤད་ན་ཆོག་གམ།”

“ངས་ཁ་སང་གི་དོན་དག་ཅིག་དྲན་གྱིན་ཡོད། སྐབས་དེར་ངས་ལུས་སྟོབས་རྒྱས་པའི་བྱིས་པ་ཞིག་གིས་གཞན་པ་ཞིག་ལ་བརྙས་བཅོས་བྱེད་བཞིན་པ་མཐོང་བྱུང་། ཚོར་བ་ཞིག་ལ་ཧ་ཅང་སྤྲོ་ལངས་བྱུང་། ངས་བསམ་པར་གལ་སྲིད་ང་གནའ་བོའི་དྲག་རྩལ་མཐོ་བའི་དཔའ་རྒོད་ཅིག་ཡིན་རྒྱུ་ཡིན་ན། ངས་ངེས་པར་ཁྱོད་རང་བསམ་ཞིག་ཤེས་སུ་བཅུག་ན་འདོད་བྱུང་།


    “བུ་ཆུང་།  ཁྱོད་ཀྱིས་ང་ལ་ཉན་དང་། ཁྱོད་རང་གཞན་ལ་རོགས་བྱེད་རྒྱུའི་འདུན་པ་ཡོད་པ་ཧ་ཅང་བཟང་བའི་དོན་དག་ཅིག་རེད། འོན་ཀྱང་། ཁྱོད་རང་གིས་ཁང་སྟོང་ནང་ནས་སྟོང་འདང་རྒྱག་པ་དེ་སྙིང་བོ་ཡོད་དམ། ཧི་མའི་དཔེ་ཆའི་ནང་དུ་དཔའ་བོ་མང་པོའི་སྐོར་བྲིས་ཡོད་པ་རེད། ཁྱོད་ཀྱིས་ཞིབ་ཏུ་ལྟོས་དང་། ཁོ་ཚོ་ཚུལ་ཇི་ལྟར་བྱས་ཏེ་དཔའ་བོ་གྱུར་བ་རེད།ད་རུང་། ད་ལྟ་ཁྱོད་ཀྱིས་སློབ་སྦྱོང་བྱེད་བཞིན་པའི་སྒང་རེད། ཤེས་བྱ་ཡག་པོ་ཞིག་སྦྱངས་ཐུབ་ན། ད་གཟོད་ཁྱོད་ལ་སྔར་ལས་ལྷག་པའི་ནུས་པ་ཡོད་རེད། དལ་མོར་རིམ་གྱིས་སྟོབས་ཆེན་ཞིག་ཏུ་གྱུར་ངེས་རེད། གལ་ཏེ་ཁྱོད་རང་གཞན་པ་རོགས་རམ་བྱེད་ན་འདོད་པའི་དཔའ་བོ་ཞིག་བཅའ་བསམ་ཚེ། ད་ལྟ་ཉིད་ནས་ངེས་པར་དུ་འགོ་རྩོམ་ཏེ་དཔེ་ཆའི་ཁྲོད་ཀྱི་དཔའ་བོ་རྣམས་ཀྱི་ཤེས་རབ་ལ་སློབ་སྦྱོང་བྱེད་དགོས་པ་ལས་མདུན་ཅོག་འགྲམ་གྱི་སྟོང་འདང་བྱེད་པ་ལ་ཡང་སྙིང་ཡོད་དམ།

“ངས་ཤེས་སོང་། “ངའི་སྐད་ཆས་ཧཱ་བེར་གྱིས་ཕལ་ཆེར་གནས་ལུགས་ཤིག་རྟོགས་ཡོད་ཤས་ཆེ། 

“ངས་ད་ལྟ་ནས་དཔེ་ཆའི་ཁྲོད་ཀྱི་དཔའ་བོ་རྣམས་ལ་སློབ་སྦྱོང་བྱེད་ངེས། དེ་ནས་ལུས་པོ་སྦྱོང་བརྡར་བྱས་ཤིང་ང་ནར་སོན་རྗེས་གཟོད་གཞན་པ་རོགས་རམ་ཐུབ་ངེས། ཁྱོད་ཀྱིས་བལྟས་ན་འདི་འདྲ་ཡིན་ནམ།

“ཁྱོད་ཀྱིས་བསམ་བློ་གཏོང་བ་ཡག་པོ་འདུག” ངས་རོགས་བྱེད་དེ་ཧཱ་བེར་གྱི་སེམས་ཀྱི་སྟེང་གི་ཐེ་ཚོམ་གྲོལ་ཐུབ་པ་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།

“དེ་ན་ཁྱོད་ཀྱིས་ཇི་ལྟར་བྱེད་དགོས་པ་ཤེས་ཡོད་དམ།”

འོ་ན། ད་ལྟ་ཉིད་ནས་འགུལ་བསྐྱོད་ཀྱི་འགོ་བརྩམ་རེད།

ཅང་མི་འགོར་བར་ཧཱ་བེེེེར་གྱི་ཨ་ཕས་ང་མཐོང་བྱུང་། ཁོས་ང་ལ་ཧཱ་བེར་གྱི་སློབ་སྦྱོང་གི་རྒྱུགས་སྐར་ཧ་ཅང་ཡག་པོ་ཡིན་ཚུལ་བཤད་བྱུང་པ་མ་ཟད།ཕྱོགས་གང་ཅིའི་ཐད་ཧ་ཅང་བཟང་བོ་ཡིན་ཚུལ་བཤད། ཁོས་ངའི་སློབ་གསོའི་བྱེད་ཐབས་ལ་བསྟོད་བསྔགས་བརྗོད་བྱུང་།

ཧཱ་བེར་དེ་འདྲའི་སྤྱང་གྲུང་འཛོམས་པ་ཞིག་རེད། སློབ་སྦྱོང་གི་རྒྱུགས་སྐར་ཞན་པ་རེད། དེའི་གནད་དོན་གཙོ་བོ་ཁོས་སློབ་སྦྱོང་བློ་རྩེ་གཅིག་ཏུ་མི་སྒྲིམ་པ་དེ་ཡིན་འདུག

དོན་དངོས་མར། ངས་ཀྱང་ཡང་དག་པའི་བྱེད་ཐབས་བཀོལ་ཏེ།ཁོའི་སྤྲོ་སྣང་ནས་བཟུང་འོས་ཤིང་འཚམས་པའི་མདུན་བསྐྱོད་ཀྱི་སྣེ་ཁྲིད་བྱས་ཡོད།


              ཁཱ་ཨར་བེ་ཐེའི་སློབ་གསོ་ཀུན་བཏུས་ལས་བསྒྱུར།

                    《卡尔·威特的教育全书》









版权声明:版权归《卡加琼翁综合文学所有,未经允许任何单位或个人不得转载、复制或以任何其他方式使用排版素材与本文全部或部分,侵犯必究。

བདག་དབང་། ངེད་འཕྲིན་སྟེགས་འདིར་བཀོད་ཟིན་པའི་རྩོམ་ཡིག་དང་འཆད་ཁྲིད། རྒྱུ་ཆ་སོགས་གང་ཡིན་ཡང་ཆོག་མཆན་མེད་པར་རྐུ་འཁྱེར་དང་བཤུ་འགོད། ནང་དོན་དང་རྒྱུ་ཆ་སོགས་བཅད་གཏུབ་ཀྱིས་སྤེལ་ན་ཁྲིམས་ལྟར་རྩད་གཅོད་ཡོད།


དཔེ་ ཀློག

དཔེ་ཀློགཤེས་རབ་ཀྱི་མི་ཚེ།

འཆད་ཁྲིད།|བརྩོན་འགྲུས་ཀྱི་སྟོབས།

རྩོམ་རིག|གཞུང་ལུགས་ཀྱི་འཇིངས།


赞赏



 


ཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲྭ་ལམ་ནས་བསུབ་ཆོག 

རྩོམ་པ་བོ་དག་གིས་ཡིད་གཟབ་གནང་རྒྱུ་ཞིག་ལ། སྐུ་ཉིད་ཀྱི་བརྩམས་ཆོས་གང་ཡིན་གཞན་གྱི་འཕྲིན་སྟེགས་སུ་བསྐུར་ཟིན་པ་དག་འདིར་མི་བསྐུར་བར་ཞུ། རྒྱུ་མཚན་བརྩམས་ཆོས་དེ་སྟེགས་བུ་གཅིག་ལ་དབང་ན་ལེགས་པ་དང་དེ་མིན་འགོད་མི་ཐུབ་པའི་དཀའ་ལས་སུ་འཕྲད་པས་དེའི་ལུགས་ལ་ཡིད་འཇགས་འཚལ།



请输入邮箱 2797610002@qq.com


ནང་དོན་འགོད་ལུགས།


༄༅།།ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས་ནི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཐུན་མོང་ལ་དབང་བའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ལམ་རྩོམ་ཡིག་སྤེལ་སའི་སྡིངས་ཆ་ཞིག་ཡིན།དེར་དཔྱད་རྩོམ་དང་འབོལ་རྩོམ་ལྷུག་རྩོམ་སྙན་ངག  འཆད་ཁྲིད།  གླུ་གཞས་དང་གྱེར་འདོན། ཡིག་གཟུགས་དང་དེབ་འཕྲིན་སོགས་འགོད་ཀྱིན་ཡོད་པས་ཁྱེད་ཅག་གིས་རྩོམ་ཡིག་སྤུས་གང་དག་རེ་བསྐུར་གནང་ཡོང་བར་ཞུ། 

琼翁藏文文学平台是属于整个藏族作家的一种多样性的文学平台,在这里你可以阅读到论文、散文、诗歌、随笔、书法及书信;还可以聆听到讲座、歌曲、朗诵。这里无奇不有,应有尽有。也欢迎各位作家前来投稿!

卡加琼翁综合文学网
ནང་དོན། [རྩོམ། འཆད་ཁྲིད། གཏམ་བཤད། གྱེར་འདོན། ཡིག་གཟུཊ།] སྐུ་ཉིད་ཁྱུང་སྔོན་རྩོམ་རིག་སྤྱི་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།
 最新文章