ནང་དོན་གནད་བསྡུས། དབྱངས་དང་གསལ་བྱེད་ཅེས་པ་ནི་སྒྲ་གདངས་རིག་པའི་བརྡ་ཆད་གལ་ཆེན་གཉིས་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པས་དུས་སྔ་མོ་ཞིག་ནས་འདིའི་ཕྱོགས་ལ་ཞིབ་འཇུག་བགྱིས་ཡོད། འོན་ཀྱང་། སྒྲ་གདངས་རིག་པ་ཞེས་གཞུང་ལུགས་འཐུས་སྒོ་ཚང་ཞིང་མ་ལག་རང་བཞིན་ཅན་ཞིག་གྲུབ་ཐུབ་མེད། གནད་དོན་འདི་ལྟ་བུ་ལ་དམིགས་ནས་རྩོམ་ཡིག་འདིས་དབྱངས་དང་གསལ་བྱེད་གཉིས་ཀྱི་ངོ་བོ་དང་བྱེད་ནུས་སོགས་ཀྱི་སྐོར་ལ་སྔར་བས་གཏིང་ཟབ་ཅིང་གནད་ལ་འཁེལ་བའི་གོ་བ་ཞིག་ལེན་ཐོབ་ཕྱིར། དེང་རབས་སྒྲ་གདངས་རིག་པའི་གཞུང་ལུགས་ལ་གཞི་བཅོལ་ཞིང་། ཚོད་ལྟ་སྒྲ་གདངས་རིག་པའི་ཐབས་རྩལ་བཀོལ་བ་དང་། རིག་ཚན་སྤེལ་མའི་ཞིབ་འཇུག་གི་ཐབས་ལམ་བརྒྱུད་ནས་བོད་སྐད་ཀྱི་དབྱངས་དང་གསལ་བྱེད་གཉིས་ཀྱི་མཚན་ཉིད་དང་། སྐྱེ་གནས། སྒྲའི་འབྱིན་ཐབས། དེ་གཉིས་ཀྱི་ཁྱད་པར་སོགས་ལ་དཔྱད་པ་བྱས་ཡོད་ལ། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པ་དང་དེང་རབས་སྒྲ་གདངས་རིག་པ་ཟུང་འབྲེལ་གྱིས་བོད་སྐད་ཡིག་གི་བརྡ་སྤྲོད་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་ལུགས་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།
གནད་ཚིག དབྱངས། གསལ་བྱེད། སྒྲ་གདངས་རིག་པ། སྐྱེ་གནས།
རྩོམ་ཁུངས།《བོད་ལྗོངས་ཞིབ་འཇུག》2024ལོའི་དེབ་གཉིས་པ།