མདོ་སྨད་སྣང་རའི་སྟོང་དཔོན་སྐབས་ཀྱི་མི་སྟོང་འཇལ་ཚུལ་ལ་དཔྱད་པ།

文摘   2024-10-23 09:49   青海  

བཀྲ་གོ ཞིབ་འཇུག་པ་གཞོན་པ། འབུམ་རམས་པ་གོང་མ། ཀྲུང་གོའི་བོད་རིག་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། བོད་ལྗོངས་ཞིབ་འཇུག མཚོ་སྔོན་སློབ་གྲྭ་ཆེན་མོའི་རིག་དེབ། རྩེར་སྙེག་སོགས་ཀྱི་རིག་གཞུང་དུས་དེབ་སྟེང་དུ་དཔྱད་རྩོམ30ལྷག་སྤེལ་བ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྨ་ཆུའི་སྟོད་རྒྱུད་ས་ཆའི་བོད་ཀྱི་སྟོང་དཔོན་ལམ་ལུགས་ལ་ཞིབ་འཇུག་ཅེས་པའི་རྣམ་གྲངས་ཀྱི་གཙོ་འགན་འཁུར་མྱོང་བ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་མང་པོ་ཞིག་ལ་གཙོ་སྐྱོང་བྱས་ནས་ལེགས་སྒྲུབ་བྱས་པ་དང་ཞིབ་འཇུག་སྙན་ཞུ་དེར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ་ཡོད་པ་རེད། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིར(རྩེར་སོན་ཤེས་ལྡན་པར་ནང་འདྲེན་བྱས)བདམས། 2023ལོར་སྟོང་སྡེ་དང་སྟོང་དཔོན་ལ་གསར་དུ་དཔྱད་པ་ཞེས་པའི་དཔྱད་རྩོམ་ལ་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་མྱོང་། 2017ལོ་ནས་བཟུང་སྟེ་ད་ལྟའི་བར་དུ་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་དུ་བོད་ཡིག་པར་མའི་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་ཡོད།

        


ནང་དོན་གནད་བསྡུས། སྤྱི་ལོ1742-1951ལོའི་བར། མདོ་སྨད་གཅན་ཚའི་ཡུལ་དུ་སྣང་རའི་སྟོང་དཔོན་རིམ་བྱོན་གྱིས། སྣང་རའི་གྲོང་བརྒྱད་ལ་དབང་བསྒྱུར་བྱས་ནས་ལོ་ངོ་ཉིས་བརྒྱ་ལྷག་ཕྱིན་པའི་རིང་ལ། ས་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་ཁྲིམས་སྲོལ་ཡང་སྣ་ཚོགས་ཤིག་བྱུང་ཡོད་ལ། འདིར་ཆེད་དུ་སྟོང་ཞེས་པའི་གོ་དོན་དང་། དེའི་བྱུང་ཚུལ་དང་འབྲེལ་ཏེ། སྣང་རའི་སྟོང་དཔོན་སྐབས་ཀྱི་སྟོང་གི་རིགས་དབྱེ་དང་། ཁྱད་ཆོས། དགེ་མཚན་བཅས་དམིགས་སུ་བཟུང་ནས་མི་སྟོང་འཇལ་ཚུལ་གྱི་རིག་གནས་དེས། སྐབས་དེའི་སྣང་རའི་སྟོང་དཔོན་གྱི་སྲིད་སྐྱོང་སྒྲིག་གཞི་ཐོར་ཞིག་ཏུ་གྱུར་པའི་བར་དུ་གནས་ཡོད་པར་མ་ཟད། དེར་ནུས་པ་དང་དགེ་མཚན་དེ་འདྲ་ཞིག་ཡོད་པའི་རྒྱུ་རྐྱེན་སོགས་ལ་དཔྱད་པ་བཏང་ཡོད།
གནད་ཚིག སྣང་རའི་སྟོང་དཔོན། མི་སྟོང་། འཇལ་ཚུལ།
















摘要:公元1742-1951年,多麦昂拉历代千户在统治昂拉八庄期间,形成了维系其统治且具有鲜明地方特色的习惯法体系,其中“东”(stong)是赔命价习惯法中的核心概念。文章对“东”的分类、特点、功能作了系统梳理,对“东”的基础性因素进行了探讨,阐述了赔命价制度对于昂拉千户政治整合的重要性。

关键词:昂拉千户;赔命价;习惯法
རྩོམ་ཁུངས།《རྩེར་སྙེག》2021ལོའི་དེབ་བཞི་པ། 

宗喀书苑
新书发布会,导读讲座,读书会,企业论坛,产品发布会,企业培训,展览服务,阅读室等促进文化交流会。
 最新文章