འཕགས་མོ་སྐྱིད། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་བཞི་པའི་བོད་ཡིག་དགེ་རྒན་ཡིན་ལ།ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སློབ་གསོ་རིག་པ་ཡིན།
ནང་དོན་གནད་བསྡུས། འདིར《བཀའ་འགྱུར》ཁྲོད་བྱུང་བའི་སྟོན་པའི་སྐྱེས་རབས་ཁག་དང་། 《སྙན་ངག་མེ་ལོང》གི་རྩ་འགྲེལ་ཁག །དེང་རབས་རྩོམ་རིག་གཞུང་ལུགས་བཅས་ཀྱི་མཛུབ་སྟོན་ལ་བརྟེན་ནས་སྐྱེས་རབས་བསྟན་བཅོས་འདིའི་སྒྱུ་རྩལ་རྩོམ་ཐབས་ལ་དཔྱད་ཡོད་དེ། དེ་ཡང་སྒྲིག་གཞི་ལ་གཏམ་རྒྱུད་ཀྱི་ཕྲེང་རབས་མང་ཡང་དོན་གྱི་སྙིང་པོ་གཅིག་ཏུ་འདུ་བའི་ཁྱད་ཆོས་ལྡན་ཚུལ་དང་། དོན་གྱི་སྔ་ཕྱིའི་གོ་རིམ་ལྟར་བསྟན་པའི་བྱུང་རིམ་ལ་བར་བཅུག་གི་བྱུང་བ་གཞན་ཡང་བཀོད་དེ་མཚར་ཉམས་ཆེ་ཞིང་ཡིད་སེམས་འགུག་ལ། གཏན་ཚིགས་ཀྱི་རང་བཞིན་དྲག་པར་བྱས་ཡོད་ཚུལ། ཚིག་སྦྱོར་གྱི་སྤྲོས་པ་ཁ་གསལ་ཞིང་རྗོད་པ་གནད་དུ་ཐིངས་ལ། རྒྱན་སྣ་ཚོགས་སྦྱར་ཏེ་ཉམས་འགྱུར་སྟོང་གིས་ཕྱུག་པས་སྣང་བ་གཟུགས་སུ་གྲུབ་པའི་ཁྱད་ཆོས་ལྡན་ཚུལ། འགྲོ་དོན་ཁུར་དུ་འཁྱེར་བའི་མི་སྣ་ཉེར་གཉིས་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ་དོན་གྱིས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི་གཞན་དོན་ཁོ་ནར་བརྩོན་པའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པར་བསྒྲུབས་ཡོད་ཚུལ་བཅས་ཕྱོགས་བཞི་ནས་བཀྲལ་ཡོད།
གནད་ཚིག འབྲོམ་སྟོན་པ། སྐྱེས་རབས། སྒྱུ་རྩལ་རྩོམ་ཐབས།
摘要:文章根据《甘珠尔》中佛本生故事、《诗镜》及其相应的注释,在当代文学理论的指导下,对藏族第一部本生传记《仲顿巴本生传》的艺术手法进行了探析,认为有以下特点:一是故事情节虽然繁杂,却不失凸显主题,可谓“形散神聚”;二是事情发展顺序展开叙述,并穿插其他诸多小情节而不失其逻辑性,且引人入胜,使主人公极具传奇色彩;三是语言简明扼要、生动流畅,活灵活现的修辞手法使全文浓墨重彩、光彩夺目、形神兼备;四是通过成功塑造22位舍已为人、利益众生的伟人形象,更加凸显了噶当派鼻祖仲顿巴舍已渡人的崇高形象。
关键词:仲顿巴;本生传;艺术手法