གཟའ་ལྷག་པའི་འཆད་ཁྲིད་ཐེངས༧༤པ།
《༄༅།།སློབ་རའི་མེ་ཟོན་བདེ་འཇགས》
འཆད་ཁྲིད་མཁན། ཀླུ་མོ་རྒྱལ།
周三讲堂第74期
《校园消防安全培训》
མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། དགེ་སློབ་ཚོའི་མེ་སྐྱོན་དང་འཕྲད་ཚེ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཟླ༡༡ཚེས༢༠ཉིན། ཁྲི་ཀ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ཀླུ་མོ་རྒྱལ་གྱིས་རང་སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ༣༠༠ལྷག་ལ《སློབ་རའི་མེ་ཟོན་བདེ་འཇགས》སྐོར་གྱི་སློབ་ཁྲིད་བྱས།
为普及消防安全知识,增强全校师生的消防安全意识,提高师生的火灾应急处置能力, 11月20日,贵德县消防救援大队文员力毛加面向全体教职工、经师、学员、后勤工作人员讲授了一场题为《校园消防安全培训》的主题讲座。全院300余名教职工及师生参加讲座。
ཐེངས་འདིའི་སློབ་ཁྲིད་ཀྱི་ནང་དོན་ཁྲོད་མེ་སྐྱོན་འབྱུང་རྐྱེན་དང་། སྔོན་འགོག་བྱ་ཐབས། ཐོག་མའི་མེ་སྐྱོན་མྱུར་གསོད། རང་སྐྱོབ་བྱ་ཐབས་སོགས་ཕྱོགས་མང་པོ་ཚུད་ཡོད། ཀླུ་མོ་རྒྱལ་གྱིས་ཉེ་བའི་ལོ་ཤས་རིང་གི་སློབ་གྲྭ་དང་སྤྱི་ཚོགས་ཁྲོད་ཀྱི་དཔེ་མཚོན་མེ་སྐྱོན་དོན་རྐྱེན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སློབ་གྲྭའི་མེ་སྐྱོན་དོན་རྐྱེན་གྱི་རྒྱབ་ཏུ་གློག་སྐུད་རྙིང་པ་ཆགས་པ་དང་། སྒྲིག་འགལ་ངང་གློག་སྤྱོད་པ། གློག་སྐུད་གང་བྱུང་དུ་སྦྲེལ་བ། འབར་སླ་བའི་དངོས་པོ་ཕུང་གསོག་བྱས་པ་སོགས་ཀྱི་གནད་དོན་གསལ་སྟོན་བྱས་པ་བརྒྱུད། དགེ་སློབ་ཚོར་མེ་སྐྱོན་སྐོར་ལ་རྒྱུན་དུ་ལྷོད་གཡེང་ཤོར་ན་མེ་སྐྱོན་ཚབས་ཆེན་ཐོན་སྲིད་པའི་གནས་ལུགས་བསྟན། ཐོག་མའི་མེ་གསོད་སྲོག་སྐྱོབ་ཀྱི་བྱ་ཐབས་འགྲེལ་བཤད་རྒྱག་སྐབས་མེ་གསོད་ཕྱེ་སྐམ་དང་མེ་གསོད་ཆུ་སྣེ་སོགས་རྒྱུན་མཐོང་གི་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་། བེད་སྤྱོད་ཁྱབ་ཁོངས། བེད་སྤྱོད་ལ་དོ་སྣང་བྱེད་དགོས་པའི་གནད་དོན་དག་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། མེ་གསོད་ཡོ་བྱད་བེད་སྤྱོད་ཡང་དག་བྱེད་པའི་གོ་རིམ་གསལ་སྟོན་བྱས། དེ་དང་ཆབས་ཅིག་དགོན་སྡེའི་མེ་ཟོན་བདེ་འཇགས་དཔེ་སྟོན་དྲིལ་བསྒྲགས་བརྙན་ཐུང་དང་མེ་སྐྱོན་ལས་ཐར་ཐབས་ཀྱི་དཔེ་སྟོན་བརྙན་ཐུང་བསྟན་དེ་དགེ་སློབ་ཚོའི་འབྲེལ་ཡོད་ཤེས་བྱ་ཇེ་ཟབ་ཏུ་བཏང་།
讲座内容涵盖了火灾的成因、预防措施、初期火灾的扑救及逃生自救技巧等多个方面。力毛加结合近年来校园及社会典型火灾事故案例,深度揭示了校园火灾事故背后诸如电线老化、违规用电、私拉乱接电线、易燃物堆积等隐患问题,让师生们深刻认识到日常细微疏忽可能引发的严重火灾事故。在讲解初期火灾扑救方法时,详细介绍了干粉灭火器、消火栓等常见消防器材的的使用方法、适用范围及操作注意事项,并现场演示了灭火器的正确使用步骤,让师生们有了直观清晰的认识。同时,还组织师生观看了寺庙消防安全示范宣传片、火灾逃生演练的示范视频等,有效加深了师生们对逃生技巧的理解与掌握程度。
འཆད་ཁྲིད་མཇུག་འགྲིལ་རྗེས་སློབ་གྲྭའི་ལུས་རྩལ་ར་བར་མེ་གསོད་ལག་ལེན་སྦྱོང་བརྡར་སྤེལ། དགེ་སློབ་ཚོས་སློབ་ཁྲིད་སྟེང་བཤད་པའི་མེ་གསོད་ལག་ཆ་བཀོལ་སྤྱོད་བྱེད་སྟངས་ལ་གཞིགས་ཏེ་མེ་གསོད་ལག་ལེན་སྦྱོང་བརྡར་ནང་སྤྲོ་བས་ཞུགས། མེ་གསོད་ལག་ལེན་སྦྱོང་བརྡར་བྱེད་རིང་མེ་ཟོན་ལས་དོན་མི་སྣས་འགྲམ་དུ་མཛུབ་ཁྲིད་བྱས་ནས་དགེ་སློབ་ཚོའི་བཀོལ་སྤྱོད་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ་དགེ་སློབ་ཚང་མ་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས་ལ་བྱང་ཆུབ་པར་བྱས།
讲座结束后,灭火演练在学校操场有序展开。力毛加详细讲解了干粉灭火器的使用原理、操作步骤及注意事项,并进行了现场示范。随后,师生们踊跃参与灭火实操演练,严格按照所学操作要领,拔掉保险销、稳稳握住喷管、精准对准火焰根部喷射,成功扑灭演练火源。在演练过程中,消防工作人员在一旁耐心指导,及时纠正师生们的操作错误,确保每位师生都能熟练掌握灭火器的使用方法。
ཐེངས་འདིའི་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་འཆད་ཁྲིད་དང་མེ་གསོད་ལག་ལེན་སྦྱོང་བརྡར་གྱིས་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་རྩལ་ཆེ་རུ་བཏང་། སློབ་གྲྭས་ད་ཐེངས་ཀྱི་བྱེད་སྒོ་འདི་གོ་སྐབས་སུ་བྱས་ཏེ་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མེ་ཟོན་བདེ་འཇགས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་དེ་སློབ་གྲྭའི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་ནས་རྒྱ་ཆེའི་དགེ་སློབ་ལ་བདེ་འཇགས་དང་ཞི་མཐུན་གྱི་སློབ་སྦྱོང་དང་ལས་ཀའི་ཁོར་ཡུག་ཅིག་གཏོད་རྒྱུར་འབད་པ་བྱེད་ངེས་ཡིན།
此次校园消防安全教育培训讲座及灭火演练活动,有效增强了师生们的消防安全意识和自防自救能力,为校园消防安全工作奠定了坚实基础。学校将以此次活动为契机,进一步加强消防安全管理,常态化开展消防安全教育活动,不断完善校园消防安全应急预案,确保校园安全稳定,为广大师生创造一个安全、和谐的学习和工作环境。
མེ་གསོད་ལག་ལེན་སྦྱོང་བརྡར་མཇུག་འགྲིལ་རྗེས་སློབ་གྲྭས་དགེ་སློབ་ཡོངས་ལ《སྤྱི་བའི་བདེ་འཇགས》ཞེས་པའི་དཔེ་དེབ་སྤྲད་དེ་དགེ་སློབ་ཡོངས་ཀྱིས་བདེ་འཇགས་ཤེས་བྱ་ལ་སྔར་བས་སློབ་སྦྱོང་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་དུ་སྟབས་བདེ་བསྐྲུན་ཡོད།
灭火演练结束后,学院还向全体师生发放了《公共安全》书籍,以便全体师生进一步深入学习安全知识,持续提升安全素养。
长按二维码
关注我们
互联网宗教信息服务许可证|编号:青(2022)1000002