གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གྲོང་གསེབ་འགན་བཅོལ་ཁྲུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་མི་སྤྱི་པུའུ་དང་། ནོར་སྲིད་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་བྱས་པ་གཞིར་བཟུང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ནོར་སྲིད་ཐིང་གིས་༼གྲོང་གསེབ་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ༽ཞེས་པ་དཔར་འགྲེམས་བྱས་པ་དང་། ༢༠༢༤ལོའི་ཟླ་༧ཚེས་༡ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དེ་མི་རེར་ཟླ་རེར་སྒོར་༢༠མཐོ་རུ་བཏང་ནས་སྒོར་༢༦༥ཟིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་ལོ་༦༠ཡན་གྱི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མི་ཁྲི་༣༠ཙམ་ལ་ཕན་བདེ་བསྐྲུན་ཡོད།
འདི་ནི་ད་ལོའི་ཟླ་བ་དང་པོར་རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་སྤར་རྗེས་ཀྱི་ལེགས་སྒྲིགས་བྱེད་ཐེངས་གཉིས་པ་ཡིན་པ་དང་། དེས་དམངས་གཙོ་འགན་སྲུང་བྱེད་པ་དང་ལེགས་བཅོས་བྱེད་པ། ཡོང་སྒོ་བགོ་འགྲེམ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད།
ཉེ་བའི་ལོའི་ནང་། བོད་དུ་འདྲ་མཉམ་ཡིན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐོབ་ཆའི་ལམ་སྲོལ་ལག་བསྟར་བྱས་ཏེ། བང་རིམ་ལྡན་པའི་རྒན་གསོའི་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་གྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་འགན་སྲུང་བྱས་ཡོད།
记者从自治区人社厅农保处获悉
根据人社部、财政部统一安排
自治区人社厅、财政厅印发
《关于提高城乡居民基本养老保险基础养老金标准的通知》
规定自2024年7月1日起
全区城乡居民养老保险基础养老金
最低标准每人每月提高20元
达到265元
惠及全区60岁以上城乡居民约30万人
这是今年我区继1月份提高
城乡居民养老保险基础养老金标准后的
第二次调整
对于保障和改善民生、调节收入分配
促进经济社会协调发展等方面
将发挥重要作用
近年来,西藏已建立公平可及的养老保险制度体系,落实城乡居民养老保险待遇机制,不断健全完善多层次养老保险体系,为老龄事业发展提供保障。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 | 西藏日报
译文 | 阳光西藏