ཉེ་ཆར། ས་གནས་ཁག་ཏུ་དྲ་ཐོག་ནས་ཁ་བསླུས་བརྒྱབ་སྟེ་དངུལ་སྨར་ལེན་པའི་གྱོད་དོན་ཁ་ཤས་ཐོན་འདུག ཁ་བསླུས་རྒྱག་མཁན་ཚོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་དངུལ་སྨར་རམ་ཡང་ན་གསེར་བསྐུར་དུ་བཅུག་ནས། མི་དངོས་སུ་གདོང་མི་ཐུག་པར་དྲ་སྦྲེལ་རླངས་འཁོར་དང་། སྦྲག་སྲིད། བར་མི་མངགས་ནས་གནོད་འཚེ་ཕོག་མཁན་གྱི་དངུལ་སྨར་རམ་གསེར་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད་པ་རེད།
དབུལ་སྐྱོར་ལ་ཁ་གཡར་ནས་མགོ་སྐོར་བཏང་སྟེ་གསེར་ཉོ་རུ་འཇུག་པ།
打着“扶贫”幌子
诱导购买黄金邮寄
ཉེ་ཆར། ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་གྲོང་ཁྱེར་གྱི་རྒད་པོ་ཏུང་ལགས་ལ་རྒྱུས་མེད་འཕྲིན་ཡིག་ཅིག་འབྱོར་པ་དང་། དེའི་ནང་དུ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ཆེད་སྤྱོད་ཐམ་ག་བརྒྱབ་ཡོད་པ་དང་ཆབས་ཅིག རྩ་གཉིས་ཨང་རྟགས་བཤེར་ནས་ཚོགས་པའི་ནང་འཛུལ་དགོས་པ་བཀོད་ཡོད་ལ། རྩ་གཉིས་ཨང་རྟགས་འདི་བཤེར་ནས་དེའི་ནང་དུ་འཛུལ་མཁན་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་མ་དངུལ་གསོག་འཇོག་དོ་དམ་སྟེགས་བུའི་སྟེང་གྲོང་གསེབ་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་༤༤༠ལེན་ཐུབ་ཅེས་བཀོད་ཡོད་པ་རེད།
རྒད་པོ་ཏུང་ལགས་ཀྱིས་ཨང་རྟགས་དེ་བཤེར་ནས་ཚོགས་པའི་ནང་ཞུགས་རྗེས། ལམ་སེང་མི་གསུམ་གྱིས་ཁྱེད་རང་གི་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ལག་ཁྱེར་བསྟན་ནས་དབུལ་སྐྱོར་མ་དངུལ་ལེན་ཆོག འོན་ཀྱང་ངེས་པར་དུ་གསེར་ཉོས་ནས་རྒྱལ་ཁབ་ཀྱི་དངུལ་མཛོད་ནང་ཉར་ཚགས་བྱེད་དགོས། གཞན་ཡང་འདི་ནི་གསང་བ་ཡིན་པས་མི་གཞན་ལ་གཏན་ནས་ཤོད་མི་ཉན་ཞེས་ཡང་ཡང་མངགས་བྱ་བྱས་པ་རེད།
རྒད་པོ་ཏུང་ལགས་ཀྱིས་དེ་དོན་བདེན་པར་བསམས་ནས་གསེར་ཁེ༧༥ཉོས་ཤིང་། ཕ་རོལ་པོས་མཁོ་འདོན་བྱས་པའི་སྡོད་གནས་ལྟར་སྦྲག་ཐོག་ནས་བསྐུར། དེ་རྗེས་ཕར་ཕྱོགས་ཀྱིས་དངུལ་བསྡུ་མཁན་དངུལ་ཁང་གི་ས་གནས་བྲིས་ནོར་ཤོར་ཡོད་རྐྱེན། དབུལ་སྐྱོར་དངུལ་བཀག་འཇོག་བྱས་པས་མུ་མཐུད་དུ་གསེར་བསྐུར་ཚེ་ད་གཟོད་གཞི་ནས་བཀག་སྡོམ་གློད་ཐུབ་ཅེས་བཤད། དེ་ནས་རྒད་པོ་ཏུང་ལགས་ཀྱིས་སླར་ཡང་གསེར་ཁེ་༡༥༠ཉོས་ནས་ས་གནས་གསར་པར་བསྐུར་ཡོད་པ་དང་། ཕར་ཕྱོགས་ཀྱིས་ཀྱང་ཏུང་ལགས་ཀྱིས་མཁོ་འདོན་བྱས་པའི་དངུལ་ཁང་གཱ་ནི་ཉེན་ཁ་ཆེ་བའི་གཱ་ཡིན་པས། དབུལ་སྐྱོར་དངུལ་ཐེངས་མང་སྤྲད་ཀྱང་བསྐུར་མ་ཐུབ་པས་ཉེན་ཁའི་འགན་སྲུང་དངུལ་ཅིག་བསྐུར་ན་ད་གཟོད་དངུལ་ཁང་གཱ་ཡི་བཀག་སྡོམ་ལས་གྲོལ་ཐུབ་ཅེས་བཤད།
རྒད་པོ་ཏུང་ལགས་ཀྱིས་ཐེངས་གསུམ་པར་ཡང་གསེར་ཁེ་༢༣༥ཉོས་ནས་དངོས་ཟོག་རྩིས་ལེན་བྱ་ཡུལ་དུ་བསྐུར་ཡོད་མོད། འོན་ཀྱང་དབུལ་སྐྱོར་དངུལ་སྔར་བཞིན་རྩིས་ཁྲར་འབྱོར་མེད་པ་དང་། མགོ་སྐོར་གཏོང་མཁན་གྱིས་ད་དུང་གཞུང་ཡིག་རྫུན་བཟོ་བྱས་ནས་མགོ་སྐོར་གཏོང་རྩིས་བྱས་ཡོད་ལ། རྒད་པོ་ཏུང་ལགས་ཀྱིས་ཡག་རྟགས་མེད་པ་ཤེས་ནས་དོགས་ཟོན་བྱེད་ཀྱི་ཡོད་པ་ཚོར་རྗེས་ཁོ་རང་མིང་ཐོ་ནག་པོའི་ནང་བླུགས་ཡོད་པ་རེད།
མགོ་སྐོར་གཏོང་སྟངས་དབྱེ་ཞིབ་བྱེད་པ།
套路解析
གོ་རིམ་དང་པོ།
མང་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ལ་གོ་བ་ཡག་པོ་ལེན་མ་ཐུབ་སྟབས་རྒྱལ་ཁབ་ལས་ཁུངས་ཀྱི་ཐམ་ག་དང་ཡིག་ཆ་རྫུས་མ་བཟོས་ཏེ་ཡིད་ཆེས་ཐོབ་ཏུ་བཅུག་ནས། གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆ་འཕྲིན་ཤེས་རྗེས། དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ཡོད་པའི་མི་ཁ་ཤས་བདམས་ནས་ཁ་བསླུས་དང་མགོ་སྐོར་གཏོང་བཞིན་ཡོད།
གོ་རིམ་གཉིས་པ།
འབྲེལ་གཏུག་བྱས་རྗེས། མང་ཚོགས་དང་གླེང་མོལ་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ། མིའི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། འཛིན་ཤོག་ཉོས་ན་ཁེ་ཕན་ཐོབ་པ་སོགས་ཀྱི་རྫུན་གཏམ་བཤད་དེ། གནོད་འཚེ་ཕོག་མཁན་ལ་རྩ་གཉིས་ཨང་རྟགས་བཤེར་ཏེ་Appཕབ་ལེན་བྱེད་དུ་བཅུག་རྗེས། གསེར་ཉོས་ནས་བསྐུར་ན་དངུལ་མང་པོ་ཐོབ་པའི་རྫུན་གཏམ་བཤད་དེ་མགོ་སྐོར་གཏོང་གི་ཡོད་པ་རེད།
གོམ་རིམ་གསུམ་པ།
ཁ་བསླུས་རྒྱག་མཁན་གྱིས་ཐོ་འགོད་རྒྱུན་ལྡན་མིན་པ་དང་། ཞབས་ཞུའི་སྒྲིག་ཆས་རྒྱུན་ལྡན་མིན་པ། དངུལ་ཁང་གི་རྩིས་ཁྲ་བཀག་པ་སོགས་ལ་ཁ་གཡར་ནས་རྩིས་ཁྲ་བེད་སྤྱོད་པར་དངུལ་དང་ཁག་ཐེག་གྲོན་དངུལ་འཇལ་དགོས་པའི་རེ་བ་བཏོན་ཏེ། གསེར་བསྐུར་ནས་དངུལ་ཁང་གིས་མ་དངུལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་གཡོལ་ན། ད་གཟོད་དངུལ་སྨར་ལེན་ཐུབ་ཅེས་བརྗོད་ཀྱི་ཡོད་པ་རེད།
ཉེན་རྟོག་པས་དྲན་སྐུལ་ཞུ་དོན།
警方提示:
རྒྱུས་མེད་མི་ཡིས་བསྐུར་བའི་མྱུར་སྐྱེལ་འབྱོར་སྐབས། སྔོན་ལ་ཞིབ་གཤེར་བྱས་ནས་ལེན་དགོས་པ་དང་། ཁ་པར་ནང་རྒྱུས་མེད་པའི་རྩ་གཉིས་ཨང་རྟགས་དང་རྒྱུས་མེད་པའི་སྦྲེལ་ཐག་འབྱོར་་སྐབས་གང་བྱུང་དུ་མི་བཤེར་བ་དང་མི་གནོན་པ། ཡོང་ཁུངས་མི་གསལ་བའི་APPཕབ་ལེན་དེ་བས་བྱ་མི་རུང་། གནས་ཚུལ་བདེན་རྫུན་བརྡར་ཤ་གསལ་པོ་བཅད་ནས་ཁ་བསླུས་རྒྱག་མཁན་གྱི་གཡོ་འོག་ཏུ་མི་ཚུད་པ་བྱ་དགོས། གལ་ཏེ་མགོ་སྐོར་གཏོང་བ་དང་ཁ་བསླུས་རྒྱག་པའི་གནས་ཚུལ་འཕྲད་ཚེ་དུས་ཐོག་ཏུ་༡༡༠ལ་ཁ་པར་བརྒྱབ་ནས་རོགས་སྐྱོར་རེ་ཞུ་བྱ་དགོས།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 平安拉萨
译文 | 阳光西藏