མི་21ལ་ཞིབ་བཤེར་ཐག་གཅོད་བྱས་འདུག

政务   2025-01-16 16:02   西藏  


    དྲ་རྒྱའི་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། བོད་ལྗོངས་སྤྱི་བདེའི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་དྲ་རྒྱའི་ཐོག“གཞིས་རྩེའི་ས་ཡོམ”དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་བཟོ་བའམ་སྤེལ་བར་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་རྒྱུན་མཐུད་སྤེལ་ཅིང་། མིག་སྔའི་བར་འབྲེལ་བ་ཡོད་པའི་དྲ་དམངས་21ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཡོངས་བསྒྲགས་བྱས་པ་གཤམ་གསལ།




གྱོད་དཔེ་དང་པོ།

    དྲ་དམངས་ལི་ཆེ་གེ་མོ་དང་། ཕེང་ཆེ་གེ་མོ། ཚེ་ཆེ་གེ་མོ་བཅས་ཀྱིས་གཞན་གྱི་དོ་ཁུར་ཐོབ་ཆེད། དྲ་རྒྱའི་འབྲེལ་ཚོམས་སུ“དིང་རིའི་ས་ཡོམ་ཁྲོད་མི་208རྐྱེན་ལམ་དུ་ཤོར་འདུག”ཅེས་པ་དང་། “དིང་རིའི་ས་ཡོམ་ཁྲོད་མི་200ལྷག་ཙམ་རྐྱེན་ལམ་དུ་ཤོར་འདུག” “རྐྱེན་ལམ་དུ་ཤོར་བའི་མི་གྲངས་265བར་འཕར་འདུག”ཅེས་པ་སོགས་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་རྫུན་མ་སྔ་རྗེས་སུ་སྤེལ་དེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གཏོར་བཤིག་བཏང་ཡོད།


གྱོད་དཔེ་གཉིས་པ།

    དྲ་དམངས་བུ་ཆེ་གེ་མོས་དྲ་ཐོག་ནས་ས་ཁུལ་གཞན་དག་གི་ས་ཡོམ་གྱི་བརྙན་ཐུང་ཁག་གཅིག་ཕབ་སྟེ། བོད་ལྗོངས་གཞིས་རྩེའི་ས་ཡོམ་གྱི་བརྙན་ཐུང་ཡིན་ཁུལ་བྱས་ནས་དྲ་ཐོག་ཏུ་སྤེལ་བས་བརྒྱུད་སྤེལ་བྱེད་མཁན་མང་པོ་བྱུང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གཏོར་བཤིག་བཏང་ཡོད།


གྱོད་དཔེ་གསུམ་པ།

    དྲ་དམངས་བདེ་ཆེ་གེ་མོས་གཞན་གྱི་དོ་ཁུར་ཐོབ་ཆེད། དྲ་ཐོག་ནས་བརྙན་ཐུང་ཞིག་ཕབ་སྟེ། དེའི་གཤམ་ལ“ས་ཡོམ་གྱི་གནོད་འཚེ་ཕོག་ནས་ཁང་པ་བརྡིབས་ཀྱང་གེགས་ཁུལ་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་མཁན་མི་འདུག”ཅེས་བྲིས་ནས་སྤེལ་བས། བརྒྱུད་སྤེལ་བྱེད་མཁན་མང་པོ་བྱུང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གཏོར་བཤིག་བཏང་ཡོད།

    གོང་གསལ་གྱི་དཀྲོག་གཏམ་བཟོ་མཁན་དང་སྤེལ་མཁན་ཚང་མར་སྤྱི་བདེ་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་བཏང་བའམ་ཡང་ན་སྲིད་འཛིན་ཆད་པ་བཅད་ཡོད། འབྲེལ་ཡོད་མི་སྣས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཐུབ་ནས་སླད་ཕྱིན་དྲ་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དྭངས་གཙང་དྲ་རྒྱའི་བར་མཐོངས་ལ་རང་རྟོགས་ངང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།

     


ད་ལོའི་བོད་ཀྱི་ཚོགས་འདུ་གཉིས་ཀྱི་དུས་ཚོད་གཏན་འཁེལ་འདུག

ཐད་གཏོང་ཁང་འདི་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་168བྱུང་འདུག

གེགས་ཁུལ་གྱི་སྟབས་བདེའི་ཁང་པའི་ནང་དུ་Wi-Fiཡང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།  
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། 



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章