ང་ཚོ་ཞིང་པ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་གལ་ཆེན་ཞིག་འཚོགས་འདུག

政务   2024-11-21 18:39   西藏  

        ཟླ་11ཚེས་19ཉིན། བོད་རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ་དང་། ལྗོངས་ཡོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།


ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི་དང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཙུའུ་ཤིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།


ཚོགས་ར།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་གསུངས་དོན། ཏང་གི་འགོ་ཁྲིད་འོག་ཞིང་པར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཤིག་ཡིན་པའི་མཁོ་འཚོང་མཉམ་ལས་ཁང་ནི་ཏང་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཏང་གིས་ཞིང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་བའི་ཁྲོད་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ལྗོངས་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནི་བོད་ཀྱི་མཁོ་འཚོང་མཉམ་ལས་ཁང་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་པ་སོགས་ཀྱི་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།


ཚོགས་ར།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྗོངས་ཡོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་འགན་ལེན་བརྟན་པོ་བྱེད་དགོས།

    ཁྲེན་ཙུའུ་ཤིན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད་པས། མཁོ་འཚོང་མཉམ་ལས་ཁང་ལ་ཞིང་འབྲོག་པར་ཞབས་འདེགས་ཞུ་ས་དང་བྱས་རྗེས་འཇོག་ས་དེ་བས་ཆེ་བ་ཡོད།

   
    ཚོགས་ཆེན་ཐོག་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་སྐབས་དང་པོའི་ལྟ་བཤེར་ཚོགས་པ་བདམས་ཐོན་བྱུང་བ་རེད།


ཏང་བློ་བདེ་བ་དང་མི་དམངས་ཡིད་མགུ་བའི་ལས་བྱེད་པ་ཞིག་བྱེད་དགོས།

མགོ་སྐོར་གཏོང་སྟངས་འདི་འདྲ་ཞིག་འདུག ང་ཚོ་ཚང་མས་ཡིད་གཟབ་གནང་དང་།

འདི་ནས་རང་སར་མི་བཞག མི་སར་རང་སྡོད་པའི་གནས་ལུཊ་རྟོཊ་ངེས། གཟིཊ་དང་


རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན། 
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章