ཁ་ལོ་བ་འདིས་ཆག་སྒོ་ཉོས་འདུག ཁྱེད་རང་གིས་གསུངས་ན……

政务   2024-11-11 16:39   西藏  

    

    ཉེ་དུས། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པར་འཁོར་ལམ་གང་བྱུང་དུ་བསྒྱུར་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཅིག་ཐག་གཅོད་བྱེད་རོགས་ཞེས་མང་ཚོགས་ཀྱི་ཐེར་འདོན་ཁ་པར་ཞིག་འབྱོར་བ་རེད།

 


ཁྲིམས་འགལ་འཁོར་རིགས།



ཁྲིམས་འགལ་དུས་ཚོད། 2024ལོའི་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་9དང་སྐར་མ་20ཙམ།

ཁྲིམས་ལས་འགལ་ས། པེ་ཅིང་ནུབ་ལམ།

འཁོར་རྟགས། བོད་A****2

འཁོར་བདག ཧྥན་ཆེ་གེ་མོ།





མི་དམངས་ཉེན་རྟོག་པས་རླངས་འཁོར་གྱི་འགྲོ་སྐྱོད་བརྙན་ཕབ་བརྒྱུད། རླངས་འཁོར་ཞིག་རྒྱུན་གཏན་ལྟར་སྐྱོད་སྐབས། མདུན་ཕྱོགས་ཀྱི་འཁོར་རྟགས་བོད་A****2བྱས་པའི་རླངས་འཁོར་དཀར་པོ་ཞིག་གིས་གློ་བུར་དུ་གཡས་ཕྱོགས་སུ་ཁ་བསྒྱུར་བས། རླངས་འཁོར་ཕྱི་མས་འཕྲལ་མར་འཁོར་བཀག་མནན་པ་མ་གཏོགས་འགྲིམ་འགྲུལ་དོན་རྐྱེན་ཐོན་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།

ཁ་པར་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱིས་དོན་དེར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ། འཕྲལ་མར་རླངས་འཁོར་གྱི་འཁོར་བདག་ཧྥན་ཆེ་གེ་མོ་དང་འབྲེལ་བ་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཧྥན་ཆེ་གེ་མོར་གང་བྱུང་དུ་འཁོར་ལམ་བསྒྱུར་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལྡན་ཡོད་པ་རེད། དེར་བརྟེན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁོ་པར་ཁྲིམས་ལྟར་ཆད་པ་བཅད་པ་རེད།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུ་པའི་ནང་གཏན་འབེབས་བྱས་དོན། ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གཞུང་ལམ་འགྲོ་སྐྱོད་སྐོར་གྱི་བཅའ་ཁྲིམས་ལས་འགལ་རིགས་ལ་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་ཞེ་བཞི་པའི་ནང་གསེས་གཉིས་པའི་ནང་གཏན་འབེབས་བྱས་དོན། གཞུང་ལམ་གྱི་ཁ་ཕྱོགས་གཅིག་ལ་འཕྲུལ་སྒུལ་འཁོར་ལམ་2ཡན་ཡོད་ཚེ། འཁོར་ལམ་བསྒྱུར་འདོད་པའི་འཕྲུལ་སྒུལ་འཁོར་རིགས་ཀྱིས་ལམ་ཐིག་དེའི་ནང་སྐྱོད་བཞིན་པའི་འཕྲུལ་སྒུལ་འཁོར་རིགས་གཞན་དག་ལ་ཤུགས་རྐྱེན་བཟོ་མི་ཆོག

ཡང་དག་པའི་འཁོར་ལམ་སྒྱུར་སྟངས།

01
མདུན་ཕྱོགས་དང་རྒྱབ་ཕྱོགས་ཀྱི་འཁོར་རིགས་ལ་ཡག་པོ་ལྟ་དགོས།

རྒྱབ་ཤེལ་བརྒྱུད་ཉེ་འཁོར་གྱི་གནས་ཚུལ་དང་གཞོགས་གཉིས་ཀྱི་འཁོར་རིགས་ལ་ཡག་པོ་བལྟས་ནས། ལམ་བསྒྱུར་ཐུབ་མིན་ལྟ་དགོས།

02
ལམ་མ་བསྒྱུར་གོང་ཁ་ཕྱོགས་སྒྱུར་བའི་གློག་སྤོར་དགོས།

ཁ་ཕྱོགས་སྒྱུར་བའི་གློག་འཕྲལ་དུ་སྤར་ནས་འཁོར་རིགས་གཞན་དག་ལ་ལམ་བསྒྱུར་བའི་བརྡ་གཏོང་དགོས།

03

ཁ་དལ་མོར་བསྒྱུར་ནས་བགྲོད་ལམ་གསར་པའི་ནང་མགྱོགས་མྱུར་བསྐྱོད་དགོས།

རླངས་འཁོར་ཁ་དལ་མོར་བསྒྱུར་བ་ལས་ཧོབ་དེ་བསྒྱུར་མི་རུང་།
04
ལམ་ཐིག་སྒྱུར་སྐབས་འགྲིམ་འགྲུལ་སྒྲིལ་སྲོལ་ལ་བརྩི་སྲུང་ཞུ་དགོས།

    ཐེངས་གཅིག་ལ་འཁོར་ལམ་མང་པོ་བསྒྱུར་མི་རུང་ལ་དངོས་ཐིག་ཀྱང་རྫི་མི་རུང་།


● 实线不可变道:



འདི་ལོའི་ཟླ་1ནས་9བར། དེར་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་འདུག

“110”ལ་ཁ་པར་བརྒྱབ་ནས་བསྙད་རྐོ་མཁན་བུ་མོ་ཞིག་བཟུང་འདུག

གཞོན་ནུ་ལོ་ཆུང་འདི་དག་གི་རྟ་རྩལ་ཧ་ལས་དགོས་པ་ཞིག་འདུག གཟིགས་དང་།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章