ལྐུགས་པའི་སྤྱང་ཇུས་ཀྱི་མཐའ་འབྲས། → སྐར་མ་འཐེན།+དངུལ་ཆད་བཏང་།

政务   2024-11-15 16:46   西藏  

    འཁོར་རྟགས་ནི་རླངས་འཁོར་གྱིཐོབ་ཐང་ལག་ཁྱེརལྟ་བུ་ཡིན་མོད། འོན་ཀྱང་མི་འགའ་རེས་རྐང་བཙུགས་ནས་འཁོར་རྟགས་བཀབ་སྟེ་སྤྱང་མདོག་བྱས་ཀྱང་མཐར་རང་ཉིད་ལ་གྱོང་གུན་ཆེན་པོ་ཕོག་གི་ཡོད།
    2024ལོའི་ཟླ་11ཚེས་11ཉིན་གྱི་ཆུ་ཚོད་18ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱིས་གླིང་སྐོར་ལམ་དུ་སྐོར་ཞིབ་བྱེད་སྐབས། ཟོག་འདྲེན་རླངས་འཁོར་དམར་པོ་ཞིག་ལ་རྐང་བཙུགས་ནས་འཁོར་རྟགས་བཀབ་པའི་དོགས་གཞི་ཡོད་པ་ཤེས་པ་རེད།
    བརྟག་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་ཕུར་ཆེ་གེ་མོར་རྐང་བཙུགས་ནས་འཁོར་རྟགས་བཀབ་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པ་གཏན་འཁེལ་ཐུབ་ཡོད། ལྷ་སའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ཁ་ལོ་བ་ཕུར་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་9འཐེན་པ་དང་དངུལ་ཆད་སྒོར་200བཏང་བ་དང་འབྲེལ་འཕྲལ་དུ་བཅོས་སྒྲིག་བྱེད་དུ་བཅུག་ནས་འཁོར་རྟགས་གསལ་པོ་མཐོང་ཐུབ་པ་དང་གཞུང་ལམ་ཐོག་ཚད་ལྡན་ངང་བསྐྱོད་ཐུབ་བྱས་ཡོད།
འབྲེལ་ཡོད་བཅའ་ཁྲིམས།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན་གོ་ལྔ་པའི་ནང་གསེས་གཉིས་པར་གཏན་འབེབས་བྱས་དོན། རྐང་བཙུགས་ནས་འཁོར་རྟགས་བཀབ་པའམ་ཡང་ན་གཏན་འབེབས་ལས་འགལ་ནས་བསྒར་བའི་རིགས་ལ་བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་པའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
    དོན་ཚན་དགུ་བཅུ་པར་གཏན་འབེབས་བྱས་དོན། ཁ་ལོ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགྲོ་ལམ་ཤར་བགྲོད་སྐོར་གྱི་གཏན་འབེབས་ལས་འགལ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། བཅའ་ཁྲིམས་འདིའི་ནང་གཏན་འབེབས་ལོགས་སུ་བྱས་ཡོད་རིགས་ལ་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

རང་རེའི་མེས་པོ་བློ་གྲོས་ཅན་ཚོས་བཟོས་པའི་དུས་ཚོད་བརྟག་ཐབས།

2025ནས་དུས་ཆེན་ཁག་གཅིག་གི་ངལ་གསོ་མང་དུ་བཏང་འདུག

འགྲམ་འགག་སྒོའི་འཛུལ་སྒྲོལ་དུས་ཚོད་འགྱུར་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章