རང་ལྗོངས་ཀྱི་རྫོང་འདིའི་ཀུ་ཤུ་ཕྱི་རྒྱལ་དུ་འཚོང་གི་འདུག

政务   2024-11-17 12:09   西藏  


    ཚེས་15ཉིན། ལྷོ་ཁ་གྲོང་ཁྱེར་གྱིས་གྲ་ནང་རྫོང་གི་སྡོང་ཆུང་ཀུ་ཤུ་ཕྱི་རྒྱལ་དུ་འཚོང་བ་དང་མོ་ཊ་གཏོང་བའི་མཛད་སྒོ་འཚོགས་པ་རེད། ཀུ་ཤུ་ཕྱི་རྒྱལ་དུ་འཚོང་བ་ནི་ལྷོ་ཁའི་ཀུ་ཤུ་རྒྱལ་སྤྱིའི་ཁྲོམ་རར་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད་ལ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད།


    སྔ་དྲོའི་ཆུ་ཚོད་10པར་སྡོང་ཆུང་ཀུ་ཤུ་བྱུར་བུར་བླུགས་པའི་རླངས་འཁོར་གཉིས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནས་ཐོན་པས། ལྷོ་ཁའི་སྡོང་ཆུང་ཀུ་ཤུ་ནེ་པ་ལར་འཚོང་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་དངོས་སུ་ཕྱེ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁའི་སྡོང་ཆུང་ཀུ་ཤུ་འདེབས་འཛུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲ་ནང་རྫོང་གི་སྡོང་ཆུང་ཀུ་ཤུ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་མུའུ་10200ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.45བཏང་བ་དག་གྲ་ཕྱི་ཤང་རྣམ་སྲས་གླིང་གྲོང་ཚོ་དང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོ་གཉིས་ཀྱི་ཡུག་ཁུལ་དུ་ཁྱབ་ཡོད་པ་དང་སོ་སོའི་རྒྱ་ཁྱོན་ལ་མུའུ་3992.9དང་མུའུ་6207.1ཟིན་ཡོད། གྲ་ནང་རྫོང་གི་སྡོང་ཆུང་ཀུ་ཤུའི་སྣ་ཁ་ཕུན་སུམ་ཚོགས་ཤིང་། དེའི་ནང་ཧྥུའུ་པུའུ་ལཱ་སི་དང་། ཨ་ཀྲེན་ཧྥུའུ་ཧྲེ། ཡན་ཧྥུའུ་ཨང་3པ། ཀྲེ་ཙུན་ཧྥུའུ་ཧྲེ། སྨི་ཚུའེ་སོགས་ཀུ་ཤུ་སྣ་ཁ་9ཙམ་ཡོད།


    ལོ་གསུམ་རིང་གྲ་ནང་རྫོང་གི་སྡོང་ཆུང་ཀུ་ཤུའི་ཐོན་ལས་ཀྱིས་རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་འབབ་འཕར་སྒོར་ཁྲི་5841.14ཡོང་བར་སྐུལ་ཁྲིད་བྱས་ནས་ཞིང་པར་ཡོང་འབབ་ཀྱི་ཡོང་ཁུངས་བརྟན་པོ་ཞིག་མཁོ་འདོན་བྱས་པ་དང་གྲོང་གསེབ་དར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།



ཝང་ཅུན་ཀྲེང་གཞིས་རྩེར་བརྟག་ཞིབ་གནང་བར་ཕེབས་འདུག ཁོང་གིས……

བྱང་ཐང་དུ་ལང་ཚོ་སྐྱེས་སུ་འབུལ་བཞིན་པའི་ཁོང་རྣམ་པ་ངོ་ཨེ་ཤེས།

ས་མཐོའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཐོག་མ་འདི་ན་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章