གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་sགྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོའི་འཐབ་ཇུས་དང“ཆུ་བོས་བརྒྱན་པའི་གྲོང་ཁྱེར”གྱི་ལས་དོན་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འཆར་འགོད་བླང་བྱ་གཞིར་བཟུང་། ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་ཟླ་11ཚེས་25ཉིན་ནས་སྤོ་རྒྱུ་དང་། གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར་ཟླ་12ཚེས་1ཉིན་ནས་ལས་གཉེར་ཚོད་ལྟ་བྱ་རྒྱུ་མ་ཟད་ཟླ་12ཚེས་12ཉིན་སྒོ་འབྱེད་པའི་མཛད་སྒོ་འཚོག་རྒྱུ་རེད་འདུག
ཁྲོམ་ར་གསར་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གི་བོད་ལྗོངས་སློབ་ཆེན་དཀྱིལ་ལམ་དང་ལྷ་སྡིངས་ལམ་གྱི་སྦྲེལ་མཚམས་ཀྱི“གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར”གནས་ཡོད།