བོད་ཀྱི་སྐྱེས་པ་དེར་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱེད་ཀྱི་འདུག

政务   2024-11-07 18:07   西藏  

    ཉེ་ཆར། མངའ་རིས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ལ“མི་ཞིག་གིས་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་གི་འདུག”ཅེས་མང་ཚོགས་ཀྱི་ཐེར་འདོན་འབྱོར། དེར་བརྟེན་མི་དམངས་ཉེན་རྟོག་པས་མགྱོགས་མྱུར་གནས་ཚུལ་ཐོན་སར་བསྐྱོད་ཅིང་། དེར་སླེབས་དུས་ཁ་ལོ་བ་ཀྲོའུ་ཆེ་གེ་མོའི་ལུས་ཐོག་ནས་ཆང་དྲི་འཚུབ་འཚུབ་བྱེད་ཡོང་གི་ཡོད།
    མི་དམངས་ཉེན་རྟོག་པས་འཕྲལ་དུ་བརྟག་དཔྱད་བྱས་པ་དང་། ཐེར་འདོན་བྱེད་མཁན་གྱིས་ཀྱང“ཐེར་འདོན་མ་བྱས་གོང་ནས་ཀྲོའུ་ཆེ་གེ་མོའི་ལུས་ཐོག་ནས་ཆང་དྲི་ངར་པོ་ཞིག་ཁ་གི་འདུག”ཅེས་བརྗོད།
    བརྟག་དཔྱད་བྱས་པ་བརྒྱུད། ཀྲོའུ་ཆེ་གེ་མོས་ཉིན་དེར་ཁྱིམ་དུ་ཁ་ལག་ཟ་སྐབས་ཆང་རག་བཏུངས་པ་ཁས་བླངས་པ་དང་། དེ་རྗེས་རླངས་འཁོར་བཏང་ནས་འགྲོ་སྐབས་སྦིར་ཙམ་བྱས་པས་ཐེར་འདོན་བྱེད་མཁན་དང་ཁ་རྩོད་ཤོར། དེ་ཡང་ཐེར་འདོན་བྱས་རྗེས་ཁོ་པས་འགྲིམ་འགྲུལ་ཉེན་རྟོག་པའི་ཆད་གཅོད་ལ་སྐྲག་ནས་ཆང་རག་བསྐྱར་དུ་བཏུངས་ཏེ་དོན་དངོས་སྦས་གསང་བྱེད་རྩིས་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ཀྲོའུ་ཆེ་གེ་མོའི་གཡོ་འཁྲབ་དེ་མི་དམངས་ཉེན་རྟོག་པའི་བརྟག་དཔྱད་ལས་ཐར་མེད།
    ཕུ་བརྒྱབ་ནས་ཨ་རག་ཉིང་ཁུའི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཀྲོའུ་ཆེ་གེ་མོའི་ཁྲག་ནང་ཨ་རག་ཉིང་ཁུའི་འདུས་ཚད་115mg/100mlཟིན་པས་ར་བཟི་འཁོར་གཏོང་གི་ཚད་གཞིར་སླེབས་ཡོད།
    མིག་སྔར། ཀྲོའུ་ཆེ་གེ་མོའི་ར་བཟི་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་དེ་ཉེན་ཡོད་འཁོར་གཏོང་གི་ཚད་ལ་སླེབས་པའི་དོགས་གཞི་ཡོད་པས་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་དང་། ཁོ་པར་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ་ཡིན་པ་རེད།
 འབྲེལ་ཡོད་བཅའ་ཁྲིམས།
    2013ལོའི་ཟླ་12ཚེས་18ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤྱི་བདེ་པུའུ་བཅས་ཀྱིས་མཉམ་དུ《ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞི་ཐག་གཅོད་སྐོར་གྱི་སྤྱད་འཐུས་ཀྱི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་གི་བསམ་འཆར》བཏོན་ཞིང་། འདིའི་ནང་གི་དོན་ཚན་དྲུག་པ་ལས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་བྱེད་སྐབས། ཉེས་གསོག་དོགས་ཅན་གྱིས་བཅའ་ཁྲིམས་ཀྱི་བདའ་འདེད་ལས་གཡོལ་ཆེད། ཕུ་བརྒྱབ་ནས་ཨ་རག་ཉིང་ཁུའི་འདུས་ཚད་ལ་ཞིབ་དཔྱད་ཚད་ལེན་མ་བྱས་གོང་ངམ་ཡང་ན་ཁྲག་མ་བཙག་གོང་སླར་ཡང་ཆང་རག་བཏུངས་ནས་ཁྲག་ནང་གི་ཨ་རག་ཉིང་ཁུའི་འདུས་ཚད་བསམ་འཆར་འདིའི་དོན་ཚན་དང་པོའི་ནང་གཏན་འཁེལ་བྱས་པའི་ར་བཟི་བའི་ཚད་གཞིར(གཞུང་ལམ་ཐོག་འཕྲུལ་སྒུལ་འཁོར་རིགས་བཏང་ཚེ། ཁྲག་ནང་ཨ་རག་གི་ཉིང་ཁུའི་འདུས་ཚད་80mg/100mlཡན་ཟིན་ན་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས)སླེབས་ཚེ་ར་བཟི་བར་ངོས་འཛིན་བྱེད་པ་ཁ་གསལ་པོ་བཀོད་ཡོད།

མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་རིམ་པ་4.5བརྒྱབ་འདུགནག་ཆུ་ནས་མི་འདིར་ཁྲིམས་ཐག་བཅད་འདུགབོད་ཀྱི་ལས་བྱེད་པ་གཉིས་ལ་བརྟག་དཔྱད་བྱེད་བཞིན་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།
ལག་བསྟར་རྩོམ་སྒྲིག་པ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章