གཏམ་བཟང་། ད་ནས་ནག་ཆུར་གློག་བརྟན་པོ་ཡོང་བ་འདུག

政务   2024-11-11 18:02   西藏  

    ཚེས་10ཉིན་གྱི་ཆུ་ཚོད་14ཙམ་ལ། གློག་དྲ་སྦྲེལ་བའི་མཛད་སྒོར་གློག་གཏོང་འགོ་ཚུགས་པ་དང་བསྟུན་ནས། བོད་ཀྱིགློག་གསོག་འབོཆེ་ཤོས་དང་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་རྣམ་གྲངས་ཏེ། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་གསེར་རྙེད་ཆུས་རྟ་སྒ་མདོའི་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་ནས་གློག་གཏོང་ཐུབ་པ་མཚོན་གྱི་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་དེ་ནི་གློག་དྲའིགློག་གསོག་འབོབརྟན་པོ་ཞིག་དང་མཚུངས་ཤིང་། གློག་དྲར་གློག་ལྷག་མ་ཡོད་སྐབས་དེས་བསྡུ་ལེན་དང་གསོག་ཉར་ཐུབ་པ་དང་། གློག་སྤྱོད་མང་ཤོས་དང་གློག་དྲར་གློག་དཀོན་པའི་སྐབས་སུ་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་དེས་རང་འགུལ་ངང་གློག་གཏོང་གི་ཡོད།

    བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་གསེར་རྙེད་ཆུས་རྟ་སྒ་མདོ་རང་ཚུགས་དྲ་གྲུབ་རྣམ་པའི་ནུས་གསོག་གློག་ཁང་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་རྟ་སྒ་མདོ་གྲོང་ཚོར་གནས་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ཤིག་དང་། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད། དུས་ཡུན་ཟླ་གསུམ་རིང་བྲེལ་བརྩོན་ཆེན་པོས་ཨར་སྐྲུན་བྱས་མཐར་ཚེས་14ཉིན་བདེ་བླག་ངང་གློག་གཏོང་འགོ་ཚུགས་ཡོད།
    “རྣམ་གྲངས་དེ་བསྐྲུན་རྗེས་ཉིན་ལྟར་ནག་ཆུ་གྲོང་ཁྱེར་ལ་གློག་ཏུའུ་ཁྲི་40ལྷག་ཙམ་གཏོང་ཐུབ་པས་ཉེ་དུས་ཀྱི་ནག་ཆུ་གྲོང་ཁྱེར་གྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ཡག་པོ་ཐུབ་རྒྱུ་རེདཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒྱུན་ལས་ཆུས་ཀྲང་གཞོན་པ་ཝུའུ་ཝེ་ཅེས་བཤད།



འདི་ལོའི་ཟླ་1ནས་9བར། དེར་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་འདུག

“110”ལ་ཁ་པར་བརྒྱབ་ནས་བསྙད་རྐོ་མཁན་བུ་མོ་ཞིག་བཟུང་འདུག

གཞོན་ནུ་ལོ་ཆུང་འདི་དག་གི་རྟ་རྩལ་ཧ་ལས་དགོས་པ་ཞིག་འདུག གཟིགས་དང་།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར། 



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章