གཞོན་ནུ་ལོ་ཆུང་འདི་དག་གི་རྟ་རྩལ་ཧ་ལས་དགོས་པ་ཞིག་འདུག གཟིགས་དང་།

政务   2024-11-08 15:38   西藏  

ཉེ་ཆར། བོད་རང་སྐྱོང་ལྗོངས་རྟ་རྒྱུག་ཐང་ཆེན(ལྷ་ས་གྲོང་ཁྱེར་བྱང་འདབས་ཀྱི་རྟ་རྒྱུག་ཐང་ཆེན)དུ་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འགྲན་བསྡུར་གཉེར་བ་རེད། ཐེངས་འདིའི་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། འགྲན་བསྡུར་ལ་ལྗོངས་ཡོངས་ཀྱི་རྟ་པ་གཞོན་ནུ་ལོ་ཆུང་30ལྷག་ཙམ་དང་རྟ་ཕོ་40ལྷག་ཙམ་ཞུགས་ནས་མི་རིགས་ཀྱི་རྟ་རྒྱུག་དང་སྲོལ་རྒྱུན་རྟ་རྩལ་གྱི་རྣམ་གྲངས་ཆེ་གྲས་གཉིས་དང་ཆུང་གྲས་ལྔའི་གཟི་བརྗིད་མཚན་སྙན་རྩོད་པ་དང་། འགྲན་བསྡུར་རྣམ་གྲངས་ནང་སྨི་3000དང་། སྨི་5000 སྨི་8000བཅས་ཀྱི་རྒྱུག་ཆེན་དང་དེ་བཞིན་ཡོབ་འགྱུར་དང་ཞར་འཕེན་སོགས་ངོ་མཚར་ཆེ་བའི་སྲོལ་རྒྱུན་གྱི་རྟ་རྩལ་རྣམ་གྲངས་ཚུད་ཡོད་པ་རེད།


ཤུ་སྒྲ་དང་བསྟུན་ནས་སྨི་3000གི་འགྲོས་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་ཞུགས་རྟ་ཕོ་དག་མདའ་མོ་ལྟོང་ནས་ཤོར་བ་ལྟར་བང་རྩལ་ངོམ་པ་དང་རྟ་པ་ཚོས་བདེ་ལྕག་འཁྱུག་པོས་ལག་པ་གཅིག་གིས་སྲབ་མདའ་དམ་པོར་བཟུང་ཞིང་ལག་པ་གཅིག་གིས་རྟ་ལྕག་དགུང་ནས་འཕྱར་ཏེ་ཁྱད་དུ་འཕགས་པའི་རྟ་རྩལ་ངོམ། མཇུག་མཐར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ལོ་13ལ་སླེབས་པའི་རྟ་པ་སྤེན་པ་ཚེ་རིང་གིས་མི་རིགས་སྲོལ་རྒྱུན་རྟ་རྩལ་རྣམ་གྲངས་ཀྱི་སྨི་3000གི་འགྲོས་བསྡུར་གྱི་ཨང་དང་པོ་བླངས་པ་རེད།


སྤེན་པ་ཚེ་རིང་གིས་གསར་འགོད་པརང་རང་ཆུང་དུས་ནས་རྟ་བཞོན་མྱོང་ཡོད། རྟ་རྒྱུག་ནི་ངའི་དགའ་ཕྱོགས་ཙམ་མ་ཟད་ད་དུང་ངའི་ཁྱིམ་གྱི་སྲོལ་རྒྱུན་ཞིག་ཀྱང་ཡིནཞེས་བཤད། སྤེན་པ་ཚེ་རིང་ནི་ཆུ་ཤུར་རྫོང་དུ་ཅུང་སྐད་གྲགས་ཆོད་པའི་རྟ་རྩལ་པ་ཞིག་ཡིན་པ་དང་། ཁོང་ལོ་ལྟར་དམངས་ཁྲོད་ཀྱི་རྟ་རྒྱུག་འགྲན་བསྡུར་མང་པོར་ཞུགས་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད།


རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲུའུ་ཨན་ལེས་ཤིས་ཚིག་སྒྲོན་སྐབས། རྟ་རྩལ་ནི་རྩལ་འགྲན་ལུས་རྩལ་ཞིག་ཡིན་པ་མ་ཟད་རིག་གནས་རྒྱུན་འཛིན་དང་བསམ་པའི་མཚོན་རྟགས་ཤིག་ཀྱང་ཡིན། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཡིན་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཡང་ཡིན་ཞེས་བཤད་པ་རེད།




ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་བོད་ཀྱི་གསོ་བ་རིག་པ།ཨ་ནེ་དང་རྨོ་བོའི་ཕྲུ་གུར་སློབ་གསོ་རྒྱག་སྟངས་ག་རེ་ཡག་པ་འདུག

ཕུར་བུ་ཚེ་བརྟན་དང་བདེ་སྐྱིད་གཡང་འཛོམས……བཀྲ་ཤིས་བདེ་ལེགས་ཞུ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章