ཟླ་11ཚེས་12ཉིན། “གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས”ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འགྲམ་འགག་སྒོར་འགྲུལ་བཞུད་དང་ཟོག་འགྲེམས་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། 2024ལོའི་ཟླ་11ཚེས་12ཉིན་ནས་བཟུང་འགྲམ་འགག་སྒོའི་འཛུལ་སྒྲོལ་གྱི་དུས་ཚོད་འགྱུར་ལྡོག་གཏོང་རྒྱུ་རེད་འདུག
གཞིས་རྩེར་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་བསྐྲུན་པར་རྒྱབ་སྐྱོར་དང་། འགྲམ་འགག་སྒོར་འགྲུལ་བཞུད་དང་ཟོག་འགྲེམས་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན། འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་ཆེད། འགྲམ་འགག་སྒོའི་འབྲེལ་ཡོད་སྡེ་ཚན་གྱིས་ནེ་པ་ལའི་ཁོ་ཏ་ལི་འགག་སྒོའི་འབྲེལ་ཡོད་སྡེ་ཚན་དང་གྲོས་མོལ་བྱས་པ་བརྒྱུད་འགྲམ་འགག་སྒོའི་འཛུལ་སྒྲོལ་གྱི་དུས་ཚོད་གཏན་འཁེལ་བྱུང་བ་རེད།
འགྲམ་འགག་སྒོའི་འཛུལ་སྒྲོལ་གྱི་དུས་ཚོད་ནི།
སྔ་དྲོ། ཆུ་ཚོད་10:00-13:30
ཕྱི་དྲོ། ཆུ་ཚོད་14:30-19:00
འགྲམ་འགག་སྒོའི་འཛུལ་སྒྲོལ་གྱི་དུས་ཚོད་གསར་པ་དེ་2024ལོའི་ཟླ་11ཚེས་12ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པས། འབྲེལ་ཡོད་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྐྱེལ་འདྲེན་དང་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱིས་འགག་སྒོ་འཛུལ་སྒྲོལ་གྱི་ལས་དོན་ཁག་སྔ་སྣུར་དུ་ཡག་པོ་སྒྲུབ་དགོས། གལ་སྲིད་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་དགོས་ན། གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་བློ་འདྲིའི་ཁ་པར་ཨང་གྲངས་0892-8742385ལ་ཁ་པར་བརྒྱབ་ན་འགྲིག