མི་འདི་དག་བུ་བཅོལ་ཁང་གི་དགེ་རྒན་དུ་བསྡུ་ཆོག་གི་མི་འདུག

政务   2024-11-12 16:59   西藏  



   ཟླ་11ཚེས་11ཉིན། སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་གསར་དུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོའི་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་རེད།

1.བུ་བཅོལ་ཁང་དུ་ལས་མི་བསྡུ་སྐབས་ལས་མིའི་ལོ་རྒྱུས་འདྲི་རྩད་བྱེད་དགོས།

     སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གསར་དུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོའི་ཁྲིམས་སྲོལ་ནང་། བུ་བཅོལ་ཁང་གིས་དགེ་རྒན་སོགས་ལས་མི་བསྡུ་སྐབས་སློབ་གསོའི་སྲིད་འཛིན་སྡེ་ཚན་དུ་ཐོ་རྒྱག་དགོས་པ་མ་ཟད། ལས་མིའི་ལོ་རྒྱུས་འདྲི་རྩད་དང་བདེ་ཐང་བརྟག་དཔྱད་བྱེད་དགོས། གལ་སྲིད་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་པ་དང་སློབ་ཞུགས་གོང་གི་སློབ་གསོའི་ལས་ཀ་བྱེད་པར་འཚམ་པོ་མེད་པའི་གནས་ཚུལ་ཡོད་ཚེ། ལས་ཀར་བསྡུ་མི་ཆོག་པ་གཏན་འབེབས་བྱས་ཡོད།

2.རིགས་གཉིས་པོ་འདི་གྲས་སློབ་ཞུགས་གོང་གི་སློབ་གསོའི་ལས་ཀར་ཞུགས་མི་ཆོག
     རིགས་གཅིག་ནི། མནར་གཅོད་དང་། བཙན་གཡེམ། འདོད་སྲེད་བརྙས་བསྐོ བསླུས་འཚོང་། གཏུམ་སྤྱོད། དུག་འཐེན། རྒྱན་འགྱེད་སོགས་ཁྲིམས་འགལ་གྱི་ཉེས་པ་བསགས་མྱོང་ཡོད་པ།
    རིགས་གཅིག་ཤོས་དེ་ནི། ཆང་རག་ཚད་མེད་འཐུང་བ་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལས་ཚབས་ཆེན་འགལ་བ་སོགས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་སྲིད་པའི་གནས་ཚུལ་གཞན་དག་ཡོད་པ།
    གཞན་ཡང་། གསར་དུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོའི་ཁྲིམས་སྲོལ་ནང་། ད་དུང་བུ་བཅོལ་ཁང་གི་དགེ་རྒན་ལས་བཟོས་ཕྲུ་གུར་ལུས་ཆད་གཅོད་པའམ་ངོ་བོ་བསྒྱུར་ནས་ལུས་ཆད་གཅོད་པ་དང་། མཐོང་ཆུང་བྱེད་པ། དམའ་འབེབས་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད་ལ་བུ་བཅོལ་ཁང་ངམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་ལྟར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 
    སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། བདེ་འཇགས་འགན་སྲུང་གི་འགན་འཁྲི་མ་འཁུར་བ་དང་། དགེ་རྒན་ལ་ཀུན་སྤྱོད་ཐད་ཀྱི་གནད་དོན་ཡོད་པ། བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཏང་བ་སོགས་བྱས་རིགས་ལ་འབྲེལ་ཡོད་ཚན་པ་དང་མི་སྣའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་དགོས།


གཏམ་བཟང་། ད་ནས་ནག་ཆུར་གློག་བརྟན་པོ་ཡོང་བ་འདུག

ཁ་ལོ་བ་འདིས་ཆག་སྒོ་ཉོས་འདུག ཁྱེད་རང་གིས་གསུངས་ན……

བོད་ལྗོངས་མི་རིགས་སློབ་ཆེན་ལ་གཟི་བརྗིད་འདི་འདྲ་ཞིག་རག་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章