མགོ་སྐོར་གཏོང་སྟངས་འདི་འདྲ་ཞིག་འདུག ང་ཚོ་ཚང་མས་ཡིད་གཟབ་གནང་དང་།

政务   2024-11-19 18:08   西藏  


    ཟླ་11ཚེས་10ཉིན། ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པར་གནོད་འཚེ་ཕོག་མཁན་ལི་ཆེ་གེ་མོའི་ཉེས་དོན་སྙན་སེང་འབྱོར་ཞིང་། ལི་ཆེ་གེ་མོས། ཉིན་དེའི་ཆུ་ཚོད་14ཙམ་ལ། སྐྱེས་པ་ཞིག་གིས་པེ་ཅིང་དཀྱིལ་ལམ་དུ་ཡོད་པའི་ངའི་གསེར་ཆས་ཚོང་ཁང་ནང་དངུལ་བསྒྱུར་བའི་པར་རྫུན་མ་ཞིག་བསྟན་ནས། མི་དམངས་ཤོག་སྒོར་21000རི་བའི་གསེར་ཆས་ཁ་བསླུས་བརྒྱབ་བྱུང་ཞེས་བཤད། 

    སྙན་སེང་འབྱོར་རྗེས། ཀུན་བདེ་གླིང་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་གྱོད་གཞི་ཐོན་སར་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད། ཉེན་རྟོག་པས་གྱོད་གཞི་ཐོན་སའི་ཉེ་འཁོར་གྱི་གློག་མིག་ལ་ལྟ་བ་དང་ཉེ་འགྲམ་གྱི་མིར་སྐད་ཆ་དྲིས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱི་འགྲོ་སྡོད་གནས་ཚུལ་མགྱོགས་མྱུར་ཤེས་རྟོགས་བྱུང་ནས། ཉིན་དེའི་དགོང་མོའི་ཆུ་ཚོད་23ཙམ་ལ་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་གྱི་ཉེ་འགྲམ་ནས་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་བཟུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོས་ཟླ་11ཚེས་10ཉིན་པེ་ཅིང་དཀྱིལ་ལམ་དུ་གནས་པའི་གནོད་འཚེ་ཕོག་མཁན་ལི་ཆེ་གེ་མོའི་གསེར་ཆས་ཚོང་ཁང་ནང་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་དངུལ་བསྒྱུར་བའི་པར་རྫུན་མ་བསྟན་པ་དང་། དེ་རྗེས་དངུལ་ཁང་གཞན་ནས་དངུལ་བསྒྱུར་བ་ཡིན་པས་དངུལ་ལམ་སེང་འབྱོར་གྱི་མེད་པར་ཁ་གཡར་ནསགསེར་གྱི་མགུལ་རྒྱན་4སོགས་སྒོར་21000རི་བའི་གསེར་ཆས་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

གཞན་ཡང་། མི་དམངས་ཉེན་རྟོག་པས་འདྲི་རྩད་གཏིང་ཟབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོས་ཟླ་11ཚེས་5ནས་8ཉིན་བར་ངན་ཐབས་དེ་རང་སྤྱད་དེ། ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་གྱི་ཁ་པར་ཚོང་ཁང་གཉིས་ནས་ཁྱོན་ཁ་པར་4ཁ་བསླུས་བརྒྱབ་པ་ཤེས་རྟོགས་བྱུང་བ་རེད།

    མིག་སྔར། ཉེན་རྟོག་པས་ལས་དོན་མང་པོ་བསྒྲུབས་པས། ཁ་པར་2ཚུར་བླངས་ཐུབ་ཡོད། ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོར་ཁ་བསླུས་བརྒྱབ་པའི་ཉེས་གསོག་གི་དོགས་པ་ཡོད་པས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། གྱོད་གཞི་དེའི་བརྐུས་དངོས་ཚུར་ལེན་གྱི་ལས་དོན་སྔར་བས་སྒྲུབ་བཞིན་ཡོད་པ་རེད།



ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་འདིར་ཞུགས་སྐབས་གསུངས་དོན།

ཁ་ལོ་བ་ཚོ། སྲིད་ཇུས་གསར་པ་འདི་དག་ང་ཚོ་ཚང་མ་དང་འབྲེལ་བ་ཆེ།

བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པ་ཞིག་སྐྲུན་བཞིན་འདུག


རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན། 
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章