ཏང་བློ་བདེ་བ་དང་མི་དམངས་ཡིད་མགུ་བའི་ལས་བྱེད་པ་ཞིག་བྱེད་དགོས།

政务   2024-11-20 13:17   西藏  



    ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་མཉམ་སྡེབ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས། རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་སྟེ་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་ཁ་གསལ་བཏོན་གནང་ནས། ང་ཚོས་དུས་རབས་གསར་པའི་གཞུང་ལས་པའི་ལས་དོན་ཡག་པོ་སྒྲུབ་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་ལས་སྒྲུབ་བྱེད་པའི་རྒྱ་ཆེའི་གཞུང་ལས་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།  ཁོང་གིས་གསུངས་དོན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཏང་དང་མི་དམངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།


    ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་བཞིན་པ།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས་ཤིང་། དེ་ཡང་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་འགན་འཁྲི་འཁུར་ཕོད་མཁན་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་མཁན་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་འཇོན་ཐང་ཆེ་བའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ནས་སྤྱོད་གཙང་རང་གཅུན་གྱི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས།


ཚོགས་ར།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ཁུར་ནས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་ལེགས་ཆ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཔེ་མཚོན་ལ་བརྟེན་ནས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྔོན་ཐོན་གོང་དུ་བཀུར་བ་དང་། སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་བཏོད་ནས། རྒྱ་ཆེའི་གཞུང་ལས་པས་སྔོན་ཐོན་མིག་དཔེར་བཟུང་སྟེ་མིག་ལྟོས་ཡར་འགྲན་དང་རྩེ་གྲ་བརྩོན་ལེན་གྱིས་བསྡུར་སློབ་སྙེགས་བརྒལ་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་ཁྲིད་སྟོན་བྱེད་དགོས།


    ཚོགས་ཞུགས་པ་ཡོངས་ཀྱིས་མཉམ་དུ་རྒྱལ་གླུ་ལེན་བཞིན་པ།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི”འཐུས་མི་དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི་མཉམ་སྡེབ”ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།



    ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།

    ཚོགས་འདུ་མ་འཚོགས་གོང་། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་ནས་ལྷན་ཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།


འདི་ནས་རང་སར་མི་བཞག མི་སར་རང་སྡོད་པའི་གནས་ལུཊ་རྟོཊ་ངེས། གཟིཊ་དང་

མགོ་སྐོར་གཏོང་སྟངས་འདི་འདྲ་ཞིག་འདུག ང་ཚོ་ཚང་མས་ཡིད་གཟབ་གནང་དང་།

ཁྲེང་ཏུའུ་རུ་སྨན་པ་བསྟེན་པར་འགྲོ་མཁན་ཚོས་འདིར་ཡིན་གཅིག་གཟིཊ་དང་།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com



西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章