བོད་ལྗོངས་མི་རིགས་སློབ་ཆེན་ལ་གཟི་བརྗིད་འདི་འདྲ་ཞིག་རག་འདུག

政务   2024-11-11 12:45   西藏  

    ཟླ་11ཚེས་8ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་གནམ་བདེ་སྒོ་མོ་ས་ཁུལ་དོ་དམ་ཨུ་ལྷན་གྱིས་བོད་ལྗོངས་མི་རིགས་སློབ་ཆེན་ལ་ཨང་གྲངས(2022--0141)ཡིན་པའི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་རྒྱལ་དར་གནང་བ་རེད།

    ཟླ་11ཚེས་10ཉིན། བོད་ལྗོངས་མི་རིགས་སློབ་ཆེན་ཆིང་ཧན་སློབ་ཁུལ་གྱི་དགེ་སློབ་ཡོངས་ཀྱིས་རུ་སྟར་བསྒྲིགས་ཤིང་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་རྒྱལ་དར་རྩིས་བླངས་པ་རེད།

    སྐྱེ་བོ་ཀུན་གྱི་རེ་སྒུག་ཁྲོད་སློབ་གྲྭའི་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རུ་མིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར”གྱི་ཡིག་འབྲུ་བརྐོས་ཡོད་པའི་དར་སྒམ་ཁ་ཕྱེ་ནས་རྒྱལ་དར་དལ་གྱིས་བཀྲམ་པས། དེ་མ་ཐག་ཐལ་མོའི་རྡེབ་སྒྲ་སློབ་ར་ཡོངས་ལ་གྲགས།

    རྒྱལ་དར་ནི་རྒྱལ་ཁབ་ཀྱི་ལ་རྒྱ་དང་མཚོན་རྟགས་རེད། 2022ལོའི་ཟླ་10ཚེས་15ཉིན། ཨང་གྲངས(2022--0141)ཡིན་པའི་རྒྱལ་དར་དེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དལ་པོར་སྒྲེང་བ་དང་། དེ་ཉིན་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་64འཁོར་བ་དང་ཏག་ཏག་འཁེལ་བས། བོད་ལྗོངས་མི་རིགས་སློབ་ཆེན་ལ་ཆ་མཚོན་ན་དམིགས་བསལ་གྱི་དྲན་གསོའི་དོན་སྙིང་ལྡན་ཡོད།

    “བོད་ལྗོངས་མི་རིགས་སློབ་ཆེན་ལ་རྒྱལ་དར་གནང་བ་ནི་རྒྱུ་ནོར་རྩ་ཆེན་ཞིག་ཐོབ་པ་དང་གཉིས་སུ་མེད་པས། སློབ་གྲྭའི་ལོ་རྒྱུས་ཁང་ལ་ནམ་ཡང་ཉར་ཚགས་བྱེད་ཀྱི་ཡིན། གོམ་སྟབས་རྗེས་མར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱལ་དར་ལ་བཅངས་པའི་བླ་ན་མེད་པའི་གུས་བཀུར་དེ་རྒྱལ་ཁབ་ལ་དགའ་ཞེན་དང་བོད་ལྗོངས་དར་རྒྱས་གཏོང་བའི་ལྷག་བསམ་ཟོལ་མེད་དང་འགན་འཁྲི་འཁུར་སེམས་སུ་བསྒྱུར་བ་དང་། སློབ་བརྩོན་ལས་བཀུར་གྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཚའེ་ཧྲོའུ་ཁོན་གྱིས་བཤད།


མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱེད་དགོས།

གཡག32འདུག དུས་ཐོག་ཏུ་རྩིས་ལེན་པར་མ་ཕེབས་ན་ཐག་གཅོད་བྱེད་རྩིས་འདུག

འདི་ལོའི་ཟླ་1ནས་9བར། དེར་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章