2025ནས་དུས་ཆེན་ཁག་གཅིག་གི་ངལ་གསོ་མང་དུ་བཏང་འདུག

政务   2024-11-13 12:55   西藏  

2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་ངལ་གསོ་བཀོད་སྒྲིག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ།


    ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ཐད་གཏོགས་ལས་ཁུངས་ཁག་ལ།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2024ལོའི་ཟླ་11པར་བཟོ་བཅོས་བརྒྱབ་པའིརྒྱལ་ཡོངས་ཀྱི་ལོ་གསར་དང་དྲན་གསོའི་ཉིན་མོའི་ངལ་གསོ་འཇོག་ཐབསལ་གཞིགས་ཏེ། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྤྱི་དམངས་ཡོངས་ཀྱི་ངལ་གསོ་ཉིན་2མང་དུ་གཏོང་རྒྱུ་དང་། དེའི་ནང་དཔྱིད་གསར་དུས་ཆེན་དང་ངལ་རྩོལ་དུས་ཆེན་སོ་སོར་ཉིན་1མང་དུ་གཏོང་རྒྱུ། དེར་བརྟེན། ངལ་གསོ་ལེགས་སྒྲིག་བྱེད་པའི་རྩ་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་གྱི་གནས་ཚུལ་ཕུད། དཔྱིད་གསར་དུས་ཆེན་ལ་གནམ་གང་ནས་ངལ་གསོ་ཉིན་8འཇོག་རྒྱུ་དང་། རྒྱལ་སྟོན་ལ་ཟླ་10ཚེས་1ཉིན་ནས་ངལ་གསོ་ཉིན་7འཇོག་རྒྱུ། ངལ་རྩོལ་དུས་ཆེན་ལ་ངལ་གསོ་ཉིན་5འཇོག་རྒྱུ། གནམ་ལོ་གསར་ཚེས་དང་། དྭངས་གསལ་དུས་ཚིགས། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་སོ་སོར་ངལ་གསོའི་དུས་ཚོད་ལེགས་སྒྲིག་གམ་ཡང་ན་གཟའ་མཇུག་དང་མཉམ་དུ་བསྟུད་མར་ཉིན་3འཇོག་རྒྱུདཔེར་ན་གཟའ་ལྷག་པར་ཁེལ་ན་ངལ་གསོ་དེ་ཉིན་མ་གཏོགས་མེདརྒྱལ་སྟོན་ལ་ངལ་གསོ་འཇོག་སྐབས་གལ་ཏེ་ཟླ་མཆོད་དུས་ཆེན་དང་ཏག་ཏག་ཁེལ་ན་ཁྱོན་ངལ་གསོ་ཉིན་8འཇོག་རྒྱུ། གོང་གསལ་གྱི་རྩ་དོན་གཞིར་བཟུང་། ད་ལྟ་2025ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་བཅས་ཀྱི་ངལ་གསོ་ལེགས་སྒྲིག་གི་དུས་ཚོད་བཀོད་སྒྲིག་བྱས་ནས་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།


    གཅིག གནམ་ལོ་གསར་ཚེས། ཟླ་1ཚེས་1ཉིནགཟའ་ལྷག་པངལ་གསོ་ཉིན་1འཇོག་རྒྱུ།

    གཉིས། དཔྱིད་གསར་དུས་ཆེན། ཟླ་1ཚེས་28ཉིནལུགས་རྙིང་ལོའི་གནམ་གང་དང་གཟའ་མིག་དམརནས་ཟླ་2ཚེས་4ཉིནལུགས་རྙིང་ལོའི་ཟླ་དང་པོའི་ཚེས་7དང་གཟའ་མིག་དམརབར་ངལ་གསོ་ཉིན་8འཇོག་རྒྱུ། ཟླ་1ཚེས་26ཉིནགཟའ་ཉི་མདང་ཟླ་2ཚེས་8ཉིནགཟའ་སྤེན་པལས་ཀར་ཡོང་རྒྱུ།

    གསུམ། དྭངས་གསལ་དུས་ཚིགས། ཟླ་4ཚེས་4ཉིནགཟའ་པ་སངསནས་ཚེས་6ཉིནགཟའ་ཉི་མབར་ངལ་གསོ་ཉིན་3འཇོག་རྒྱུ།

    བཞི། ངལ་རྩོལ་དུས་ཆེན། ཟླ་5ཚེས་1ཉིནགཟའ་ཕུར་བུནས་ཚེས་5ཉིནགཟའ་ཟླ་བབར་ངལ་གསོ་ཉིན་5འཇོག་རྒྱུ། ཟླ་4ཚེས་27ཉིནགཟའ་ཉི་མལས་ཀར་ཡོང་རྒྱུ།

    ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་5ཚེས་31ཉིནགཟའ་སྤེན་པནས་ཟླ་6ཚེས་2ཉིནགཟའ་ཟླ་བབར་ངལ་གསོ་ཉིན་3འཇོག་རྒྱུ།

    དྲུག རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན། ཟླ་10ཚེས་1ཉིནགཟའ་ལྷག་པནས་ཚེས་8ཉིནགཟའ་ལྷག་པབར་ངལ་གསོ་ཉིན་8འཇོག་རྒྱུ་དང་། ཟླ་9ཚེས་28ཉིནགཟའ་ཉི་མདང་ཟླ་10ཚེས་11ཉིནགཟའ་སྤེན་པལས་ཀར་ཡོང་རྒྱུ།


    དུས་ཆེན་དང་གུང་གསེང་རིང་། ས་ཁུལ་དང་སྡེ་ཚན་ཁག་གིས་སྡོད་བྱ་དང་དེ་བཞིན་བདེ་འཇགས་དང་། བདེ་སྲུང་། རིམས་འགོག་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་། གལ་ཏེ་ཐོལ་བྱུང་དོན་རྐྱེན་ཆེན་པོ་ཐོན་ཕྱིན་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་བཀྲ་ཤིས་ལ་བདེ་འཇགས་ལྡན་པའི་དུས་ཆེན་དང་གུང་གསེང་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

2024ལོའི་ཟླ་11ཚེས་12ཉིན།


ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་འདིར་སྤོ་གྲབས་འདུག

ས་ཆ་འདིར་གློག་མིག་52བསྒར་འདུག ཁྱེད་ཀྱི་མོ་ཊ་པར་ཐེབས་འདུག་གམ།

གཏམ་བཟང་། ད་ནས་ནག་ཆུར་གློག་བརྟན་པོ་ཡོང་བ་འདུག





རྩོམ་སྒྲིག་པ་གཙོ་བོ། ཁྲ་དོད།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章