བསོད་ཆེ་གེ་མོ་ཚེ་གང་མོ་ཊ་གཏོང་མི་ཆོག་པ་བཟོས་བཞག

政务   2024-11-12 18:05   西藏  

    འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་དང་ཉུང་དུ་གང་ཐུབ་བཏང་ནས་བདེ་འཇགས་དང་ཤར་བགྲོད་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་ཆེད། ཟླ་11ཚེས་11ཉིན་གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་གཞིས་རྩེ་གྲོང་ཁྱེར་གྱི་2024ལོའི་ཟླ་11པའི་ནང་ཚེ་གང་རླངས་འཁོར་གཏོང་མི་ཆོག་པ་བཟོས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།



གྱོད་གཞིའི་གནས་ཚུལ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་1ཚེས་25ཉིན་གྱི་ཆུ་ཚོད་21དང་སྐར་མ་00ཙམ་ལ། ར་བཟི་བའི་ཁ་ལོ་བ་བསོད་ཆེ་གེ་མོས་འཁོར་རྟགས་བོད་D2Y**0ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བཏང་ནས་བཞད་མཐོང་སྨོན་རྫོང་གི་ཞིང་ཆེན་ལམ་208བརྒྱུད་དེ་རྫོང་གྲོང་ནས་ན་མོ་ཆེ་ཤང་གི་ཕྱོགས་སུ་སྐྱོད་པ་དང་། མདུན་གྱི་འཁོར་རྟགས་བོད་D1M**3ཡིན་པའི་ཟོག་འདྲེན་རླངས་འཁོར་སྒྲོལ་ནས་འགྲོ་སྐབས་ཏག་ཏག་ཁ་སྤྲོད་ནས་ཆང་རག་བཏུངས་ཏེ་ཡོང་མཁན་ལྷག་ཆེ་གེ་མོའི་སྦག་སྦག(མི་གཉིས་ལས་བསྐྱོན་ཆོག་གི་མེད་ཀྱང་དངོས་སུ་མི་་གསུམ་བསྐྱོན་ཡོད)དང་རྡུང་ཁ་ཤོར་བས། ལྷག་ཆེ་གེ་མོ་རང་སར་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མི་ཐོན་པར་ཤི་བ་དང་། དེ་བཞིན་རྒྱབ་བཞོན་རྒྱག་མཁན་རྡོ་ཆེ་གེ་མོ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མི་ཐོན་པར་ཤི་བ་དང་དགྲ་ཆེ་གེ་མོར་རྨས་སྐྱོན་ཕོག་པའི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཡོད།

    བཞད་མཐོང་སྨོན་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེར་འདྲི་ཞིབ་བྱས་པ་བརྒྱུད། 2024ལོའི་ཟླ་4ཚེས་8ཉིན་བསོད་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་གཉིས་ཀྱི་ཆད་པ་བཅད་པ་དང་། གཞིས་རྩེའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསོད་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་འཕྲོག་པ་མ་ཟད་ཚེ་གང་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག་པའི་ཆད་པ་བཅད་ཡོད།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་91པ་དང་དོན་ཚན་101གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཁ་ལོ་བར“ཚེ་གང་རླངས་འཁོར་གཏོང་མི་ཆོག་པ”བཟོ་བར་གནས་ཚུལ་གཙོ་བོ་གཉིས་ཡོད་པ་སྟེ།

    གཅིག ཆང་རག་བཏུངས་ནས་རླངས་འཁོར་གཏོང་བའམ་ཡང་ན་ར་བཟི་ནས་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་ལས་འཛོལ་ཆེན་པོ་ཐོན་ནས་ཉེས་གསོག་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་སྦྲགས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ལག་ཁྱེར་འཕྲོག་པ་མ་ཟད་ཚེ་གང་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག་པ་བཟོ་རྒྱུ།

    གཉིས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་འགྲིམ་འགྲུལ་ལས་འཛོལ་ཆེན་པོ་ཐོན་ནས་ཉེས་གསོག་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་སྦྲགས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ལག་ཁྱེར་འཕྲོག་གི་ཡོད། འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་བྱོལ་དུ་སོང་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ལག་ཁྱེར་འཕྲོག་པ་མ་ཟད་ཚེ་གང་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག་པ་བཟོ་རྒྱུ།



ལྕགས་པོ་རིའི་ཞིང་ཟོག་ཁྲོམ་ར་འདིར་སྤོ་གྲབས་འདུག

ས་ཆ་འདིར་གློག་མིག་52བསྒར་འདུག ཁྱེད་ཀྱི་མོ་ཊ་པར་ཐེབས་འདུག་གམ།

གཏམ་བཟང་། ད་ནས་ནག་ཆུར་གློག་བརྟན་པོ་ཡོང་བ་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com



西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章