ཐབ་ཆས་གསར་རྙིང་བརྗེ་གི་འདུག མགྱོགས་པོ་ཕེབས་ཤོག

政务   2024-11-21 13:06   西藏  


    གལ་ཏེ་ཁྱེད་ཀྱི་ནང་ལ་ཕན་མི་ཐོགས་པའི་ཐབ་ཆས་རྙིང་པ་ཡོད་ཚེ། ད་ལྟ་བོད་ཀྱི་ས་ཆ་ཁག་ཏུ་སྤེལ་བཞིན་པའི་ས་མཐོའི་ནུས་མང་ཐབ་ཆས་གསར་རྙིང་བརྗེ་བའི་བྱེད་སྒོར་ཞུགས་ཆོག་གི་འདུག

    རང་སྐྱོང་ལྗོངས་ཆ་འཕྲིན་ཐིང་གི་འབྲེལ་ཡོད་འགན་འཁུར་བའི་ངོ་སྤྲོད་ལྟར་ན། ཐབ་ཆས་རྙིང་པར་རིན་གོང་མཐོ་ཤོས་སྒོར་200སྤྲོད་ཀྱི་ཡོད། ཐབ་ཆས་དེ་དག་ནང་དབུགས་རྡིག་རྙིང་པ་དང་། ཀོག་ཧྥེའི་འཕྲུལ་ཆས་རྙིང་པ། སྲན་ཁུའི་འཕྲུལ་ཆས་རྙིང་པ། རླབས་ཐབ་རྙིང་པ། གློག་གི་ཆུ་བསྐོལ་ཆས་རྙིང་པ། གློག་ཐབ་རྙིང་པ། ཤིང་འབྲས་གཙག་ཆས་རྙིང་པ། མདོང་མོ་རྙིང་པ། གློག་གི་བག་སླང་རྙིང་པ། གློག་གི་རྒྱ་ཁོག་བཟོ་སྣོད་རྙིང་པ། གློག་ཕྲུ་རྙིང་པ། ཚལ་སླང་རྙིང་པ། འོ་མ་བསྐོལ་ཆས་རྙིང་པ་སོགས་ཚུད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐབ་ཆས་གསར་པ་བརྗེ་སྐབས། སྔོན་ལ་ཉེ་འགྲམ་གྱི་ཚོང་ཁང་དུ་ཐབ་ཆས་རྙིང་པ་ཁྱེར་ནས་གོང་ག་ཚོད་ཁུག་མིན་ལྟ་བར་འགྲོ་དགོས་པ་དང་། རིན་གོང་བློ་ལ་བབས་རྗེས་ཁ་པར་ནས“ཅ་ཧུའེ་ཏུའོ་ཏུའོ”(嘉惠多多)ཞེས་པའི་བྱ་རིམ་ཆུང་གྲས་ནས་གློག་རྡུལ་འཛད་སྤྱོད་འཛིན་ཤོག་བླངས་ཏེ་ཐབ་ཆས་གསར་པ་ཉོ་ཆོག ཐབ་ཆས་གསར་པ་ཉོ་སྐབས་སྒོར་300ལོན་ཚེ་སྒོར་60གཅོག་པ་དང་། སྒོར་500ལོན་ཚེ་སྒོར་100གཅོག་པ། སྒོར་1000ལོན་ཚེ་སྒོར་200གཅོག་གི་ཡོད་པ་རེད། དེས་མ་ཚད། ད་དུང་ཚོང་ཁང་ནས་གཟིགས་སྐྱོང་རིན་གོང་30%ཡན་གཅོག་གི་ཡོད། འཛད་སྤྱོད་འཛིན་ཤོག་བླངས་རྗེས་ཉིན་བདུན་གོ་ཆོད་ཀྱི་ཡོད་པས། འཛིན་ཤོག་ལ་ཧབ་ཐོབ་རྒྱག་མི་དགོས་པར་རང་སོ་སོའི་དགོས་མཁོར་གཞིགས་ཏེ་དྲ་ཐོག་ནས་འཛད་སྤྱོད་འཛིན་ཤོག་ཐེངས་མང་ལེན་ཆོག་གི་ཡོད་པ་རེད། མང་ཚོགས་ལ་སྟབས་བདེ་ཡོང་ཆེད་ཚོང་པས་ས་གནས་ས་ཐོག་ཏུ་དྲ་ཐོག་གི་འཛད་སྤྱོད་འཛིན་ཤོག་ལེན་རོགས་བྱེད་ཀྱི་ཡོད།

    བྱེད་སྒོ་མཇུག་སྒྲིལ་བའི་དུས་ཚོད་ནི་2024ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་12ཡིན་པས་དུས་ཚོད་ལ་དམ་འཛིན་གནང་རོགས།


ཏང་བློ་བདེ་བ་དང་མི་དམངས་ཡིད་མགུ་བའི་ལས་བྱེད་པ་ཞིག་བྱེད་དགོས།

མགོ་སྐོར་གཏོང་སྟངས་འདི་འདྲ་ཞིག་འདུག ང་ཚོ་ཚང་མས་ཡིད་གཟབ་གནང་དང་།

འདི་ནས་རང་སར་མི་བཞག མི་སར་རང་སྡོད་པའི་གནས་ལུཊ་རྟོཊ་ངེས། གཟིཊ་དང་


རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན། 
ལག་བསྟར་རྩོམ་སྒྲིག་པ། ཕུན་ཚོགས་ཉི་སྒྲོན།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章