ཟླ་10ཚེས་2ཉིན་གྱི་ཆུ་ཚོད་7པ་ཙམ་ལ། གཞིས་ཀ་རྩེ་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་བུད་མེད་གཅིག་གི་སྙན་སེང་ཁ་པར་འབྱོར་ཞིང་། ཉེན་རྟོག་པས་རོགས་རམ་གང་བྱེད་དགོས་མིན་སྐད་ཆ་འདྲི་སྐབས། བུད་མེད་དེས་སྙན་སེང་ཞུ་དགོས་པའི་རྒྱུ་མཚན་གང་ཡང་མ་བཤད་པར། ད་དུང་ཉེན་རྟོག་པར་དོན་མེད་དམའ་འབེབས་བྱས་པ་རེད།
ཉེན་རྟོག་པས་སྐད་ཆ་ཡག་པོ་ཤོད་དགོས་པའི་དྲན་སྐུལ་ཐེངས་མང་བྱས་ཀྱང་། བུད་མེད་དེས་སྣང་མེད་དུ་བཏང་བ་མ་ཟད། ཁ་ཏ་བསླབ་བྱར་ཉན་མེད། དེར་བརྟེན། ཉེན་རྟོག་པས་ཁ་པར་བཀག་ན་ཡང་། བུད་མེད་དེས་སྔར་བཞིན་ཁ་པར་ཐེངས་མང་བརྒྱབ་ཡོང་ནས་ཁ་པར་ལེན་མཁན་ཉེན་རྟོག་པར་མུ་མཐུད་དམའ་འབེབས་དང་འཇིགས་སྐུལ་བྱས་པ་དང་ཉེན་བརྡའི་ཁ་པར་དུས་ཚོད་རིང་པོར་སྤྱད་ནས་110གྱི་ཉེན་རྟོག་པའི་ལས་སྟེགས་ཀྱི་རྒྱུན་གཏན་གྱི་ལས་ཀར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། རྩད་བཅད་པ་བརྒྱུད། བུད་མེད་དོན་ཆེ་གེ་མོས་ཉིན་དེར་ར་བཟི་རྗེས་རྐང་བཙུགས་ནས“110”ལ་ཁ་པར་བརྒྱབ་སྟེ་ཉེན་རྟོག་པར་དམའ་འབེབས་དང་འཇིགས་སྐུལ་བྱས་ཡོད་པ་དང་། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཁོ་མོས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ཁས་བླངས་པ་དང་ཆབས་ཅིག་ར་བཟི་རྗེས་ཁུངས་མེད་ཀྱི་འཆལ་གཏམ་བཤད་པར་བློ་འགྱོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བུད་མེད་དེར་སྲིད་འཛིན་བཀག་ཉར་ཉིན་བརྒྱད་ཀྱི་ཆད་པ་བཅད་པ་རེད།གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་པའི་ནང་། གཤམ་གསལ་གྱི་བྱེད་སྤྱོད་ཡོད་རིགས་ལ་ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད་སྒོར་ལྔ་བརྒྱ་མན་གྱི་ཆད་པ་གཅོད་ཆོག་པ་དང་། གནས་ཚུལ་ཅུང་ཚབས་ཆེ་རིགས་ལ་ཉིན་བཅུ་ཡན་དང་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད་སྒོར་ཆིག་སྟོང་མན་གྱི་ཆད་པ་གཅོད་ཆོག(གཅིག)ཤོག་ཁག་བསྒྲིགས་ནས་རྒྱབ་འདྲེ་རྒྱག་རིགས།(གཉིས)མི་གཞན་ལ་རྗེས་འདེད་གཏོང་བ་དང་ལམ་བར་དུ་བཀག་རིགས།(གསུམ)ཨུ་ཚུགས་ཀྱིས་འཕྲོག་པའམ་ཡང་ན་གཞུང་དང་སྒེར་གྱི་རྒྱུ་དངོས་རྐང་བཙུགས་ནས་གཏོར་བརླག་གཏོང་བ་དང་བཟུང་སྤྱོད་བྱས་རིགས།(བཞི)བསྙད་རྐོ་ཟིང་སློང་གི་བྱེད་སྤྱོད་གཞན་དག་བཅས་རེད།ས་ཡོམ་རྒྱག་སྐབས་ཉེན་ཁ་ལས་ཇི་ལྟར་གཡོལ་དགོས།
བོད་ཀྱི་སྐྱེས་པ་དེར་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱེད་ཀྱི་འདུག
ཡོང་འབབ་སྒོར་དུང་ཕྱུར་239.6ཟིན་འདུག
རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།