གོང་དཀར་རྫོང་གི་བཟའ་བཏུང་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་མེད་པ་བཟོ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་། གོང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་ཐོན་སྐྱེད་ཚོང་གཉེར་ཚན་པ“མིང་ཐོ་དམར་པོ་དང་ནག་པོར་འཇུག་པའི”དཔྱད་འདེམས་བྱེད་སྒོ་སྤེལ་ཞིང་། ད་ལྟ་ཁག་བཞི་པའི“མིང་ཐོ་ནག་པོར་བཅུག་པའི”བཟའ་བཏུང་ཞབས་ཞུའི་ཚན་པ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
ཚོང་གཉེར་ཚན་པའི་མིང་། གོང་དཀར་རྫོང་ཧྲུའུ་ཀྲོའུ་ཁྱད་ལྡན་ཉ་ཤ་བསྲེགས་མའི་ཟ་ཁང་།
ཞིབ་བཤེར་དུས་ཚོད། 2024ལོའི་ཟླ་10ཚེས་30ཉིན།
ཚོང་གཉེར་ས་གནས། གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་གནམ་ཐང་མཛའ་གྲོགས་ལམ་གྱི་སྒོ་རྟགས་33པའི་ཐོག་སོ་གཉིས་པའི་ནང་སྒོ001
མིང་ཐོ་ནག་པོར་བཅུག་པའི་རྒྱུ་མཚན།
1.ཐབ་ཚང་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་ཡིན་པ།
2.ཐབ་ཚང་གི་ཆུ་འགྲོ་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་དང་། ཐབ་ཚང་ནང་དུ་གད་སྙིགས་ཕུང་གསོག་ཐེབས་པ།
3.འཁྱགས་སྒམ་གྱི་སྒོའི་དྲེག་པ་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ།
4.འབྲས་བཙོ་སའི་ཕྱི་ནང་གི་གཙང་སྦྲ་ཞན་ཞིང་། དུས་བཅད་ལྟར་གཙང་སྦྲ་བྱས་མེད་པ།
5.བཟའ་བཅའི་རྒྱུ་ཆ་ཉར་ཚགས་ཡག་པོ་བྱས་མེད་པ།
6.དུག་སེལ་སྒམ་གྱིས་དུག་སེལ་བྱེད་ཀྱི་མེད་པ།
གོང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།
2024ལོའི་ཟླ་10ཚེས་31ཉིན།