སྤྱི་ཚེས་5ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་སྟེ། སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་སྐོར་ཕྱོགས་སྡོམ་དང་དེ་བཞིན་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ། སྒྲིག་གཞི་སྒྲིག་ཁོངས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།
ལི་ཧྥུའུ་ཀྲུང་གིས་གསུངས་དོན། འདི་ལོའི་སྒྲིག་གཞི་སྒྱུར་བཅོས་བྱས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་དང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱི་ཡང་དག་པའི་མཛུབ་ཁྲིད་འོག གྲོང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྒྲིག་གཞི་སྒྱུར་བཅོས་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྲིག་གཞིའི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། སྒྲིག་གཞི་སྒྲིག་ཁོངས་ཚན་རིག་དང་མཐུན་ལ་ཚད་ལྡན་ངང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབ་ནས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པ། དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆབ་སྲིད་དང་ཕྱོགས་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱེད་པ། སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཏང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་གཞི་སྒྱུར་བཅོས་དོན་འཁྱོལ་ལ་ལྟ་སྐུལ་དང་གདེང་འཇོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གོང་འོག་རིམ་པའི་འགན་ནུས་ཀྱི་དོ་མཉམ་འབྲེལ་བ་མགྱོགས་མྱུར་མཐུན་སྦྱོར་བྱེད་པ། སྒྲིག་གཞི་སྒྱུར་བཅོས་ཀྱི་རྗེས་མཐུད་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་སུ་རྒྱུན་ཆད་མེད་པར་འགྱུར་བ་བྱེད་དགོས། དམིགས་ཚད་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་བཟོ་བ་དང་། རིགས་དབྱེའི་སྲིད་ཇུས་ལག་བསྟར་དང་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་དུས་བགོས་ཁག་བགོས་ཀྱིས་ཤང་གྲོང(ཁྲོམ་གཞུང)གི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོ་བཟོ་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་གཞི་རིམ་གྱི་རྨང་གཞིའི་ཁྱབ་ཁོངས་སྒྲིག་གཞི་སྒྲིག་ཁོངས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁོངས་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ཏེ་སྒྲིག་ཁོངས་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐུན་སྦྱོར་ནུས་ཆེ། སྒྲིག་ཁོངས་བེད་སྤྱོད་ནན་པོ། ཁྲིམས་ལྟར་སྒྲིག་ཁོངས་ལ་དོ་དམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཚན་རིག་ཅན་དང་། ཁྲིམས་བཀོད་ཅན། ཞིབ་ཚགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་སོ།ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།