བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།
ཟླ་11ཚེས་7ཉིན། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ། གོམ་སྟབས་རྗེས་མའི་གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་། དུག་འགོག་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལིའུ་ཙུང་ཁྲང་གིས་གཙོ་སྐྱོང་གནང་།
བཀྲ་ཤིས་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཡང་དག་པའི་དུག་འགོག་བསམ་ཕྱོགས་བཙུགས་ཏེ་དུག་འགོག་གི་གཙོ་གཟུགས་ལས་དོན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཞན་དག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དམིགས་སའི་རང་བཞིན་དང་ཁྱད་པར་རང་བཞིན་གྱི་བཅོས་སྐྱོང་བྱ་ཐབས་སྤྱད་དེ་དུག་འགོག་གི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་རྡུང་རྡེག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། དུག་རྫས་སྔོན་འགོག་གི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། དུག་འགོག་གི“འགག་སྒྲོལ་དམག་འཐབ”ཕྱོགས་ཡོངས་ནས་ཡག་པོ་རྒྱག་པ། དུག་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་ནས་དུག་འགོག་ཨུ་ལྷན་གྱི་ཁོངས་གཏོགས་ཚན་པ་དང་སྤྱི་ཚོགས་སྤྱི་དམངས་ཀྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་དུག་འགོག་དཔུང་ཁག་ཆེད་འཛུགས་སྟོབས་ཆེར་གཏོང་བ་དང་། ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱེད་པ། དུག་འགོག་ལས་དོན་གྱི་མཐུན་སྦྱོར་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། མཉམ་དུ་དུག་འགོག་ལས་དོན་མཐུན་སྦྱོར་ཅན་དང་། ཁྲིམས་སྐྱོང་ཅན། བློ་གྲོས་ཅན། སྤྱི་ཚོགས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་དུག་འགོག་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱས་ཐོག དུག་འགོག་ལས་དོན་འགན་ལེན་དོ་དམ་གྱི་“བསྐོར་རྡུང་དམག་འཐབ”ཕྱོགས་ཡོངས་ནས་ཡག་པོ་རྒྱག་དགོས་སོ།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།
སྣ་དཀར་རྩེ་རྫོང་གིས་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་བྱས་པ།
ཟླ་11ཚེས་5ཉིན། སྣ་དཀར་རྩེ་རྫོང་གིས་ཆེད་དོན་འཆད་ཁྲིད་བྱས་ཤིང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་གདན་ཞུས་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས》ལ་ཆེད་དོན་ཟུར་ཁྲིད་བྱས་པ་རེད།
འཆད་ཁྲིད་ནང་ནན་བཤད་བྱས་དོན། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་རང་ངོས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་གསོ་སྦྱོང་བྱས་ནས་རྒྱལ་གཅེས་རིང་ལུགས་སློབ་གསོའི་གྲུབ་འབྲས་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཁྲིམས་གཏན་འཁེལ་བའི་འགན་ནུས་སྔར་བས་འདོན་སྤེལ་བྱས་ནས་སྣ་དཀར་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཟླ་11ཚེས་7ཉིན། ངེད་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཆེད་དོན་ཚོགས་ཆུང་གི་2024ལོའི་སྐུལ་འདེད་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ཉན་པ་རེད།
གྲོང་སྤྱི་གཞོན་པ། གྲོང་ཁྱེར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཕུན་ཚོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་། ཞིབ་དཔྱོད་ཀྲང་། ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལིའུ་ཧྥ་ལིན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ནན་ཏན་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། བསླབ་བྱ་གཏིང་ཟབ་ལེན་པ། དམིགས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ། གྲ་སྒྲིག་ཁག་ཡག་པོ་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རྫོང་དང་ཆུས། དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གཅིག་གིས་སྙན་ཞུའི་གཏམ་བཤད་བྱས་པ་རེད།
གྲོང་ཁྱེར་འགོ་ཁྲིད་ཀྱིས་ཆུ་བོ་དང་ནགས་ཚལ་ལ་སྐོར་བཤེར་བྱས་པ།
ཉེ་ཆར། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་སྒྲོལ་མ་གཡང་འཛོམས་ཀྱིས་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དང་། སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་། ཕུ་མ་བྱང་ཐང་ཤང་གསེར་སྣེ་ཆུ་བཅས་སུ་ཆུ་བོར་སྐོར་བཤེར་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་ཆུ་དཔོན་དང་། ནགས་དཔོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་བྱས་པ་རེད།
སྒྲོལ་མ་གཡང་འཛོམས་ཀྱིས་ས་ཡུལ་དངོས་སུ་གྲམ་པའི་གཙང་སྦྲ་དང་། ཆུ་འབོར་འགྱུར་ལྡོག་འགྲོ་ཚུལ། ནགས་ཚལ་གྱི་མེ་ཟོན། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་། ནགས་སྲུང་བ་བཅས་ཀྱི་ལས་འགན་སྒྲུབ་ཚུལ་ལ་ཤེས་རྟོགས་དང་ལྟ་ཞིབ་གནང་བ་རེད། ཁོང་གིས་ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཆུ་བོ་དང་མཚོ། ནགས་ཚལ་བཅས་ཀྱི་སྐོར་ཞིབ་དང་དོ་དམ་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་ཐུན་མོང་ཐོག་རི་སྔོ་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་དགོས། དུས་རྒྱུན་གྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནད་དོན་འབུར་ཐོན་དུས་ཐོག་ཏུ་ཤེས་རྟོགས་དང་མཐུན་སྦྱོར་གྱིས་ཐག་གཅོད་བྱས་ཏེ། ནགས་ཚལ་གྱི་མེ་འགོག་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་བདེ་འཇགས་ཐད་ཀྱི་མ་མཐའི་མཚམས་ཐིག་ནན་སྲུང་བྱ་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་རྒྱུའི་ཁྲིད་སྟོན་བྱེད་པ། ཆུ་བོ་སྲུང་སྐྱོང་དང་ནགས་ཚལ་སྲུང་སྐྱོང་གི་ལས་དོན་ནང་ཞུགས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཡར་ཀླུང་བསྡུས་འཕྲིན།
ཉེ་ཆར། སྣེ་གདོང་ཆུས་ཀྱིས་ངལ་རྩོལ་ལས་མི་སྤྱོད་སའི་ཁུལ་དུ་མཉམ་འབྲེལ་ཞིབ་བཤེར་བྱས་པ།
བསོད་ནམས་བསྟན་པས་བསྒྱུར།
བསོད་དོན་དང་ཡེ་བཟང་། བདེ་དཔལ་བཅས་ཀྱིས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ། བདེ་སྐྱིད་དཔལ་སྒྲོལ།