སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༧〕

政务   2024-11-07 17:41   西藏  


 ཡར་ཀླུང་བསྡུས་འཕྲིན།


ཉེ་དུས། ལྷོ་བྲག་རྫོང་གིས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་རྒྱ་ཆེའི་ཚོགས་འདུ་བསྐོང་འཚོགས་བྱས་པ།
ཉིན་ཤས་བསྟུད་མར། གྲ་ནང་རྫོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་སྤེལ་བ།
ཉེ་སྔོན། ལྷུན་རྩེ་རྫོང་ཨུད་རྩ་འཛུགས་པུའུ་ཡི་འགན་འཁུར་མི་སྣས་ཡུལ་སྨད་ཤང་དུ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།
ཉེ་བའི་ལོ་ཤས་ནང་། སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་གིས་བོད་ནས་ཨང་17པ་རྨོ་འདེབས་ཚོད་བསྟར་དང་ཁྱབ་གདལ་གཏོང་རྒྱུ་འདི་ཉིད་ཤང་ཡོངས་ཀྱི་ཞིང་ལས་ལས་དོན་གྱི་བསྒྱུར་བཅོས་ལས་འགན་གལ་ཆེན་ལ་བརྩིས་ཤིང་། མུའུ་རེ་ནས་ཐོན་འབབ་རྒྱ་མ་400ལྷག་ཟིན་པ།
ཉེ་ཆར། མཚོ་སྨད་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་རྟོག་ཞིབ་ཚོ་ཆུང་གིས་མངའ་ཁོངས་ས་ཡུལ་དངོས་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱས་པ།
ཉེ་ཆར། སྣེ་གདོང་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་སྣེ་གདོང་ཆུས་མེ་ཟོན་སྡེ་ཚན་དང་མཉམ་འབྲེལ་ཐོག་ཡུལ་སྐོར་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ།
ཉེ་དུས། ཆུ་གསུམ་རྫོང་བོད་སྐད་ཡིག་ཨུད་གཞུང་ལས་ཁང་ངམ་རྩོམ་སྒྱུར་ཅུད་ཀྱིས་རྫོང་ཡོངས་ཀྱི་ཤང་གྲོང་རྡལ་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན་ཁག དེ་བཞིན་རྫོང་ཐད་གཏོགས་ཚན་པའི་ཡིག་སྒྱུར་ལས་དོན་མི་སྣ་ཁག་ཅིག་དང་གདན་ཞུ་བྱས་པའི་སྤྱི་ཚོགས་སྤྱོད་ཡིག་ལྟ་སྐུལ་མི་སྣ་བཅས་ལ་ཡིག་སྒྱུར་ལས་སྒོའི་གསོ་སྦྱོང་སྤྲས་པ།
ཉེ་སྔོན། ལྷོ་ཁའི་ས་གནས་མཚོན་རྟགས་ཧུའུ་པེ་འགྲེམས་སྟོན་ཁྱབ་གདལ་ལྟེ་གནས་དེ་ཧུའུ་པེ་རུ་དངོས་སུ་སྒོ་བྱང་བཀལ་བ།
ཉེ་ཆར། ངེད་གྲོང་ཁྱེར་གྱིས་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་དོན་ལས་དོན་མི་སྣ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་སྟོན་མི་སྣར་ལས་སྒོའི་གསོ་སྦྱོང་སྤྲས་པ།
སྡེར་གཙང་བྱ་སྤྱོད་སྤེལ་ཚུན། ངེད་གྲོང་ཁྱེར་གྱིས་བཟའ་བཏུང་འཕྲོ་བརླག་བྱེད་སྤྱོད་བཀག་སྡོམ་ལས་དོན་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་དྲིལ་བསྒྲགས་དང་། གསོ་སྦྱོང་། ཞིབ་བཤེར་བཅས་ལ་ཤུགས་སྣོན་ཡག་པོ་བརྒྱབ་ཡོད་པས། སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ངོ་ཚ་དང་། གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་རྣམ་པ་བཟང་པོ་ཆགས་ཡོད་པ།

བསོད་དོན་གྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།      ཡེ་ཤེས་བཟང་མོ། 

ཞུ་དག   བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章