ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྲིད་ཁྲིམས་ཁོངས་སུ་བརྟག་ཞིབ་གནང་བ།

政务   2024-11-07 17:41   西藏  


ཟླ་11ཚེས་6ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ཐོག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཨུད་དབུ་ཁྲིད་ཉི་མ་བསྟན་འཛིན་དང་། བཀྲ་ཤིས་ཕུན་ཚོགས། ཨན་ཤིན་གོ་བཅས་ཀྱིས་ལྷན་དུ་བརྟག་ཞིབ་ནང་ཕེབས་པ་རེད།


འདི་ནི་ལི་ཧྥུའུ་ཀྲུང་དང་བཅས་པས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་གནང་བཞིན་པ།

ལི་ཧྥུའུ་ཀྲུང་གིས་སྔ་རྗེས་སུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ལྟེ་གནས་སུ་ཕེབས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། གཞི་རིམ་བཅོས་སྐྱོང་། ཁྲིམས་སྐྱོང་ལྷོ་ཁ་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་བ་རེད།



འདི་ནི་ལི་ཧྥུའུ་ཀྲུང་དང་བཅས་པས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་སྡེ་ཁག་ཏུ་བརྟག་ཞིབ་གནང་བཞིན་པ།

ལི་ཧྥུའུ་ཀྲུང་གིས་འདི་ལོ་ཚུན་དུ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་ལག་བསྟར་གཏིང་ཟབ། སྲིད་ཁྲིམས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་རྒྱུར་དམིགས་ཐོག་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་སྲུང་བཅས་ཀྱི་བླ་ན་མེད་པའི་འགན་འཁྲི་དག་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་ཧུར་ཐག་སེལ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད་ཅེས་དང་།



འདི་ནི་ལི་ཧྥུའུ་ཀྲུང་དང་བཅས་པས་གྲོང་ཁྱེར་ཁྲིམས་འཛིན་ཅུས་སུ་བརྟག་ཞིབ་གནང་བཞིན་པ།

ལི་ཧྥུའུ་ཀྲུང་གིས། “གཏན་འབེབས་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོབ་གཉིས”ཐུབ་པ་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་གཙོ་བོ་དང་ཕུགས་ཀྱི་ཁེ་ཕན་སྲུང་བའི“རྒྱལ་ཁབ་ཀྱི་དོན་ཆེན་”དེ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས་པ། ལྷག་བསམ་རྣམ་དག་བྱེད་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།


 

      འདི་ནི་ལི་ཧྥུའུ་ཀྲུང་དང་བཅས་པས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་བརྟག་ཞིབ་གནང་བཞིན་པ།

ལི་ཧྥུའུ་ཀྲུང་གིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གྲལ་བཤེར་དང་འདུམ་སེལ་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། ཁྲིམས་སྐྱོང་ལྷོ་ཁ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།



     འདི་ནི་ལི་ཧྥུའུ་ཀྲུང་དང་བཅས་པས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་བརྟག་ཞིབ་གནང་བཞིན་པ།

ལི་ཧྥུའུ་ཀྲུང་གིས་ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་སྲིད་ཁྲིམས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཉམས་སད་ཐེག་ཐུབ་པའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཉེན་རྟོག་པར་གཟིགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྲིད་ཁྲིམས་ལས་དོན་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་དབུ་ཁྲིད་ལིའུ་ཙུང་ཁྲང་དང་། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན་བཅས་བརྟག་ཞིབ་བྱེད་སྒོ་ཁག་ནང་ཞུགས་པ་རེད།།

 བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས། 



ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།    ཡེ་ཤེས་བཟང་མོ།  

ཞུ་དག   བསོད་ནམས་དོན་གྲུབ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章