དགེ་ཆོས་གདོང་གྲོགས།
ངག་གི་དབང་ཕྱུག་ཤེས་རབ་འཆལ་བའི་གཏམ།།
ལུང་རིགས་ལྟར་སྣང་ཕུང་པོར་སྤུངས་པ་འདིས།།
དགེ་དགག་པ་ལ་ཞེ་འཁོན་འཛིན་ཙམ་ལས།།
དགག་ལན་གནད་ལ་འབྱོར་བའི་དོན་མ་མཐོང་།།
ཐ་སྙད་ཚད་གྲུབ་ཅེས་པའི་མིང་འདི་ཡང་།།
མཁས་པ་དགེ་ཆོས་བྱོན་པའི་བཀའ་དྲིན་ཡིན།།
དགེ་བཤེས་ཡོད་ཚད་དཔང་སྒྲིལ་བྱས་ན་ཡང་།།
དགེ་ཆོས་རིགས་པས་ཙོང་ཁའི་ལྟ་གྲུབ་གཏོར།།
དགེ་ཆོས་རྗེས་སུ་དགེ་ལུགས་གྲུབ་པའི་མཐའ།།
ཆབ་སྲིད་བསྡུས་གྲྭ་གཉིས་ཀྱིས་འཛིན་པ་ལས།།
སྒྲུབ་བྱེད་ལུང་དང་རིགས་པའི་ཐབས་ཟད་ནས།།
སེར་འབྲས་དགེ་གསུམ་རིག་པ་སྨྲ་མཁན་མེད།།
བདེན་སྟོང་མེད་དགག་རྐྱང་པར་བློ་བཞག་ནས།།
མངོན་དུ་འགྱུར་ལ་རེ་བའི་དགེ་བཤེས་རྣམས།།
བསྐལ་བ་མ་སྟོང་བར་དུ་སེམས་གནས་ཀྱང་།།
མངོན་དུ་འགྱུར་མི་སྲིད་པ་དངོས་མེད་གཤིས།།
ཤེས་བྱ་བདེན་གཉིས་ངོ་བོ་གཅིག་ཏུ་བཤད།།
མངོན་སུམ་བློ་ལ་སྣང་མིན་ཆ་གཉིས་འདོད།།
ཡུལ་ཅན་སྒྲུབ་འཇུག་ཚུལ་ལ་རྨོངས་པའི་སྲོལ།།
གོ་རམས་མཁས་པས་སྔར་ནས་བཀག་ཟིན་ཏོ།།
འགུ་ཟི་པད་བློས་བྲིས།