བླ་མའི་རྣལ་འབྱོར་དོན་དམ་ལྟ་བ་མ། མཁན་པོ་འཆི་མེད་ཚེ་རིང་།

文摘   2024-11-11 19:53   西藏  

བླ་མའི་རྣལ་འབྱོར་དོན་དམ་ལྟ་བ་མ་བཞུགས་སོ།།


དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི།།

སྨོན་འཇུག་ཡང་དག་ངང་ནས་སེམས་བསྐྱེད་དོ།།

ཡན་ལག་བདུན་པའི་ཚོགས་ཆེན་རྫོགས་པ་དང་།།

དོན་དམ་ལྟ་བའི་རང་ངོ་སྐྱོང་བར་བགྱི།།


ཨཿ སྣང་སེམས་སྒྱུ་མར་འོད་གསལ་ཞིང་གི་དབུས།།

རྒྱུད་གསུམ་དབྱེར་མེད་བླ་མ་རྡོ་རྗེ་འཆང་།།

མཚན་དཔེ་ཡོངས་རྫོགས་ཆོས་འཆད་ཚེ་བུམ་འཛིན།།

སྐྱབས་གནས་ཀུན་འདུས་དགྱེས་བཞིན་བཞུགས་པར་གྱུར།།


རྒྱས་ན། ཨོཾ་ཨཱཿ  གུ་རུ་མཉྫུ་གྷོ་ཥཱ་སིངྷ་སརྦ་སིདྡྷི་ཧཱུཾ།

བསྡུ་ན། ཨོཾ་ཨཱཿ  མཉྫུ་གྷོ་ཥཱ་སིངྷ་སིདྡྷི་ཧཱུཾ། ཅི་ནུས་བཟླ།

འཁོར་འདས་དབྱེར་མེད་བརྗོད་བྲལ་ངོ་བོ་ཉིད།།

རངབཞིན་ལྷུན་འགྲུབ་སྐུ་བཞིའི་རྩལ་རྫོགས་པ།།

རིག་སྟོང་འཇ༵མ་དབྱ༵ངས་སྨྲ་བའི་སེ༵ང་གེ༵་ཡི།།

ཐུགས་རྒྱུད་རྟོགས་པའི་བྱིན་རླབས་འཕོ་བར་ཤོག། ཅེས་འདོན།

བླ་མའི་གསོལ་འདེབས་སོགས་འདོན་ན་འདིར་བཅུག །མཇུག་མཐར།


བླ་མའི་གནས་གསུམ་འོད་ཟེར་རིམ་གཅིག་ཆར།།

རང་ལ་ཕོག་པས་སྒྲིབ་དག་དབང་བཞི་ཐོབ།།

སྐུ་བཞི་མངོན་གྱུར་ཟུང་འཇུག་བླ་མའི་ས།།

མྱུར་ལམ་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག།།

ཅེས་རྗེ་བླ་མས་སྐུ་ང་འདྲ་མ་ཞེས་གསུང་བཟང་བྱོན་པའི་བྱིན་རླབས་མཐོང་གྲོལ་ཅན་གྱི་མདུན་འཆི་མེད་ཚེ་རིང་པས་ཤར་མར་བྲིས་པའོ།།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章