དཔེ་བྱད་བརྒྱད་ཅུའི་གྱ་སྟོན།
八十诞辰礼
ཚིག མཁན་ཆེན་གཞན་ཕན་སྙིང་པོ།
歌词:堪布桑珠
དབྱངས། བེ་རི་རང་གྲོལ། 歌曲:贝日荣卓
ལེན་མཁན། བེ་རི་རང་གྲོལ། སྡེ་དགེ་ཟླ་གཡང་།
歌手:贝日荣卓、德格达拥
གནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།
ས་སྲིད་པ་ཆགས་པའི་གངས་ཤིག་ཡོད།།
དེ་གངས་རི་མ་རེད་བླ་མ་སྟེ།།
རྗེ་ཁྲི་ཆེན་མཚན་བཟང་སོ་གཉིས་དང་།།
སྐུ་དཔེ་བྱད་བརྒྱད་ཅུའི་གྱ་སྟོན་རེད།།
སྐུ་སྣང་སྟོང་མཇལ་བའི་སྨོན་ལམ་འདེབས།།
菩提迦耶北方
一座亘古不灭的雪山
那不是雪山呀
那是怙主萨迦王
相好庄严的诞辰礼
我举目远望
祈祷见到怙主的面容
གནས་རྫོགས་པའི་སངས་རྒྱས་བྱོན་ཤུལ་ན།།
ས་སྟོང་གསུམ་བསྒུལ་བའི་སྐད་ཞིག་ཡོད།།
དེ་གཡུ་འབྲུག་ངར་སྒྲ་མ་ཡིན་ཏེ།།
རྗེ་ས་སྐྱ་གོང་མའི་ཆོས་འཁོར་གྱིས།།
ལྷོ་འཛམ་གླིང་བསྒུལ་བའི་གསུང་སྐད་རེད།།
གསུང་གྲགས་སྟོང་ཐོས་པའི་སྨོན་ལམ་འདེབས།།
佛祖涅盘之地
一声响彻寰宇的妙音
那不是龙吟呀
是弘法的萨迦王
撩拨赡部洲的法音
我侧耳倾听
祈祷闻见怙主的教言
སེམས་དད་གསུམ་འཇའ་གུར་ཐིག་ལེའི་ནང་།།
ཡིད་དབང་མེད་འཁོར་སའི་ལྷ་ཞིག་ཡོད།།
དེ་སྤྲོས་བཅས་གཟུགས་སྐུ་མ་ཡིན་ཏེ།།
ཕ་རྗེ་བཙུན་བླ་མའི་ཡེ་ཤེས་དང་།།
བུ་ཐུགས་ཡིད་འདྲེས་པའི་མྱོང་ཚོར་ཡིན།།
སེམས་རིག་སྟོང་རྟོགས་པའི་སྨོན་ལམ་འདེབས།།
彩虹般的信仰
一尊供奉心间的神明
那不是色身呀
那是尊者的智慧
与弟子的心心相印
我凝心默祷
དགུང་ཨ་སྔོན་སྤྲིན་དཀར་འཛུམ་པའི་ནང་།།
ས་འཇིག་རྟེན་གསལ་བའི་འོད་ཞིག་ཡོད།།
དེ་ཁྲི་གདུགས་ཉི་མ་མ་ཡིན་ཏེ།།
མཚན་སུམ་ལྡན་ཡོན་ཏན་འཕྲིན་ལས་ཀྱིས།།
ས་གོ་ལར་ཁྱབ་པའི་འོད་ཟེར་རེད།།
ཁྱེད་འཕྲིན་ལས་རྒྱས་པའི་སྨོན་ལམ་འདེབས།།
蓝天飘荡白云
一片点亮世界的光芒
那不是太阳呀
那是上师的功业
是福泽世间的光明
我双手合十
祈福怙主功业遍大地
རྒྱ་བསྒྱུར། རས་་པ།
中午翻译:热巴