རྗེ་བཙུན་སྒྲོལ་མའི་བསྟོད་པ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད།

文摘   2024-11-19 06:59   西藏  


སྒྲོལ་མའི་བསྟོད་པ།


མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད།


དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་གཟུགས།།

ཐར་འདོད་སྐྱེ་རྒུ་ཡོངས་ཀྱི་དཔུང་དང་གཉེན།།

ཉམས་ཐག་འགྲོ་བ་ཀུན་ལ་བརྩེ་བའི་མ།།

རྗེ་བཙུན་མ་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།


གཡུ་མདོག་ལང་ཚོ་དར་བ་མཛེས་པའི་སྐུ།།

སྲིད་བཞིའི་གདུང་བ་ཀུན་སེལ་སྙན་པའི་གསུང་།།

སྒྲིབ་གཉིས་གྲིབ་མ་རྣམ་དག་སྙིང་རྗེའི་ཐུགས།།

རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།


རྒྱུས་མེད་ཡུལ་དུ་ལམ་སྟོན་ས་མཁན་མཛད།།

འཇིགས་པའི་འཕྲང་དུ་སྐྱོབས་པའི་སྐྱེལ་མ་གནང་།།

དབུལ་ཞིང་ཕོངས་ཚེ་མཁོ་བའི་ལོངས་སྤྱོད་སྩལ།།

རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章