༄༅།།གར་འདུག་ཡུལ་སའི་བསང་མཆོད་ཕྲིན་ལས་མྱུར་གྲུབ།

文摘   文学   2024-11-16 08:47   云南  

༄༅།།གར་འདུག་ཡུལ་སའི་བསང་མཆོད་ཕྲིན་ལས་མྱུར་གྲུབ།

 ༄༅།།ཡིད་དམ་ལྷ་ལ་ཕྱག་འཚལ་ལོ། །རང་ཉིད་གར་འདུག་གི་ས་ཕྱོགས་ཀྱི། །ས་བདག་ཀླུ་གཉན་གཏོད་དང་གཞི་བདག་ལ། །གཏོར་མ་འབུལ་ཞིང་གྲོགས་སུ་བཅོལ་བ་དང་། འགྲེས་པ་བསྡུམ་ཞིང་དབང་དུ་བསྡུ་བའི་ཕྱིར། སེམས་བསྐྱེད་ལྡན་པའི་རྣལ་འབྱོར་བས། དཀྱིལ་འཁོར་མཆོད་རྫས་བཤམ་ཐབས་ལོགས་སུ་གསལ། མཎཇི་རྐང་གསུམ་ཐོག་ཏུ་གཞི་བདག་མཆོད་པ་བཤམས། དཀར་གསུམ་མངར་གསུམ་ཤེལ་ཚིག་ཕྱེ་མར་ལ་སོགས་དམིགས་པའི་བརྟེན་རྫས་ལོངས་སྤྱོད་སྣ་ཚོགས་བཤམས་ལ།དེ་ནས། རང་ཉིད་ཀུན་བཟང་དུ་བསྒོམ་ལ། དཀར་པོ་དགེ་བ་ལ་དད་པ་སྐྱེས་པས། གཞི་བདག་ཡུལ་ས་ལྷ་ཀླུ་མཐུ་སྟོབས་དང་ལྡན་པ་རྣམས་ཀྱིས། བདག་ལ་དགའ་མགུ་ཡིད་རང་ཕུལ་ནས་དགེ་བའི་སྡོང་གྲོགས་བྱེད་པར་བསམ། དེ་ནས་སྤྱན་དྲང་ལ་བསྟིམ། གར་གནས་ཡུལ་ས་དེ་ནས་ཡིད་དམ་གྱི་སྔགས་བཤམ་འདི་གདགས་ལ་བཟླའོ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡཾ་ༀཱ་འདུ། །ༀཱ་ཨ་ཀ་ཛ་ཤ་ར་ཌཀྐི་ནི། སརྦ་དྷེ་བ་ཡང་རི་པང་ཀོང་ཛ། ༀཱ་ན་ག་ལེ་ཧཱུྃ། དུམ་པ་ལེ་ཧཱུྃ། ན་ག་ར་ཙ་ཨ་གུ་ཤ་ཡ་ཛ་ཛཿ སིདིྷ་ཛ་ཧཱུྃ། དེ་ནས་། སྐད་ཅིག་བདག་ཉིད་ཡི་དམ་ང་རྒྱལ་གྱིས་མེ་ཡི་ཐབ་ནང་དུ་མཁའ་འགོྲ་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་བྷན་དྷ། གཡོན་དུ་བདུད་རྩི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་མེའི་དཀྱིལ་འཁོར་ནང་དུ་བསྐྱེད། དེ་ནས་ཞལ་དུ་མཁན་ཤུག་ཕྱེ་མར་འབུལ་བ་ནི། ༀཱ་ཨ་མ་རཌྞ་ཛི་བྷན་དྷེ་སརྦ་དྷེ་བ་ཨ་ན་ལེ་སྭཱཧྭཱ། གང་འདོད་ཁ་བསྒྱུར། དགེ་བའི་བར་ཆད་ལོག་འདྲེན་སྡང་དགྲ་གནོད་བགེས་ཐམས་ཅད་ཞི་བ་ཤན་ཏིང་ཀུ་རུ་ཡེ་སྭཱཧྭཱཿ། དེ་ནས་བསྟོད་པ་ནི། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་དང་། །ཡུལ་རི་ས་ཕྱོགས་འདི་དག་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །ཡུལ་ས་གཞི་བདག་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནས། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན། །བར་སྣང་ས་གཞི་ཆུ་བོའི་བདག །བཟང་ངན་གཉིས་ཀྱི་ཤན་འབྱེད་ཅིང་། །འགྲོ་བ་མི་དང་ལྷན་ཅིག་གནས། །ཁྱད་པར་ཡུལ་གྱི་གནས་མཆོག་འདིའི། །ཡུལ་སའི་རྒྱལ་པོ་ཆེན་པོ་ཁྱོད། །རྣལ་འབྱོར་བདག་གིས་སྤྱན་དྲངས་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །རིན་ཆེན་འབྲུ་ཡི་གཡག་ལུག་ར། །སྨྱུག་རྒོད་རིན་ཆེན་མདའ་དར་དང་། །ཕྱེ་མར་མཁན་ཤུག་བལ་ལུ་དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །དཀར་གསུམ་མངར་གསུམ་སྨན་མཆོད་དང་། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཤོག་ཤོག་དོང་ཙེ་བལ་ཚོན་དང་། །ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་། །དག་ཅིང་གཙང་མར་བཤམས་པ་རྣམས། །བདག་གི་བསམ་པ་དག་པ་དང་། །དུས་གསུམ་བདེར་གཤེགས་བདེན་པ་དང་། །ཏིང་འཛིན་སྔགས་ཀྱི་བྱིན་སྟོབས་ཀྱི། །ཁྱེད་ཀྱི་དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །འདོད་ཡོན་ལོངས་སྤྱོད་ཚིམ་གྱུར་ཅིག །ཁྱེད་ཀྱི་འདོད་པ་ཚིམས་ནས་ཀྱང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ནད་ཡམས་མུ་གེ་མཚོན་འཁྲུག་དང་། །བཙའ་སད་སེར་གསུམ་ཐོག་མདའ་དང་། །གོད་ཁ་ཆོ་འཕྲུལ་ལྟས་ངན་དང་། །མི་ནད་ཕྱུགས་ནད་མ་གཏོང་ཞིག །བདག་གི་འདོད་པའི་བསམ་པ་སྒྲུབས། །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །བསོད་ནམ་ནོར་གྱི་དངོས་གྲུབ་སྩོལ། །སྡང་དགྲ་གནོད་བགེགས་རྡུལ་དུ་རློགས། །བྱེས་སུ་འགྲོ་ན་བསུ་བསྐྱེལ་མཛོད། །ཡུལ་དུ་འདུག་ན་རྫི་བུ་གྱིས། །བསྟན་པའི་བ་དན་མཁའ་ལ་ཕྱོར། །བསྟན་པ་གཉེན་པོ་བསྲུང་དུ་གསོལ། མཐུ་དཔུང་རྒྱབ་རྟེན་སྡོང་གྲོགས་མཛོད། །ཅི་བསམ་དོན་རྣམས་གྲུབ་པར་མཛོད། །ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ། །དེ་སྐད་བྱས་ལ། གཏོར་མ་འདོད་ཡོན་ལྔ་རུ་བྱིན་གྱིས་རླབས་ལ། ༀཱ་ཨ་ཀ་ཛ་ཤ་ར་དྷ་ཀི་ནིསརྦ་དེ་བ་ཡཾ་རི་པང་ཀོང་ཛ། །ༀཱ་ན་ག་ལེ་ཧཱུྃ། དུམ་བྷ་ལེ་ཧཱུྃ། ན་ག་ར་ཙ་ཨཾ་གུ་ཤ་ཡ་ཛ་ཛ་སི་ཏི་ཛ་ཧཱུྃ། ཡུལ་ས་གཞི་བདག་རྣམས་ཀྱི་ཞལ་དུ་ཨེ་དམ་བྷ་ལིང་ཏ་ཁ་ཧཱུྃ། ཅེས་བཏགས་ལ་འབུལ་ལོ། འདི་ས་བདག་ཀླུ་གཉན་གྱི་སྒྲུབ་པ་ཞེས་བྱ་བ་ལ་། ཅི་འདོད་འགྲུབ་པར་བྱའོ། དེ་མིན་ན་ས་བདག་དང་མཐུན་དཀའ་བས། དེ་ཕྱིར་འདི་ལ་འབད་རྩོལ་གྱིས། བྱང་གཏེར་དུ་སྦས་སོ། །ཡི་དམ་མཁའ་འགྲོའི་རྒྱ། གཏེར་བདག་སྲུང་མའི་རྒྱ། བཀའ་སྐྱོང་དབལ་མོའི་རྒྱ། དེ་ནས་ཕྱིས་སུ་དཔོན་གསས་ཁྱུང་རྒོད་རྩལ་གྱིས། ཟང་ཟང་ལྷ་བྲག་ནས་དྲངས་སོ། །བཀྲ་ཤིས། ཨེ་མ་ཧོ། ལོངས་སྤྱོད་ལྷ་ལ་རོལ་སོགས་གསུངས།



苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章