༄༅།།རིགས་དྲུག་ཐར་ལམ་མདོ་ཡི་གཟུངས་བཞུགས་སོ།
གཡུང་དྲུང་ལྷ་ཡི་སྐད་དུ་ན། ལོ་སྔ་སྤུངས་སོ་སྨར་གྱེར་སད་ལ་དུན་གུ་ཧྲུན། གང་ཟག་བོད་ཀྱི་སྐད་དུ་ན། ཐམས་ཅད་མཁྱེན་པའི་གཤེན་རབ་ཀྱི༑ རིགས་དྲུག་ཐར་ལམ་འདྲེན་པའི་གཟུངས། ལྷ་གཤེན་སྲིད་པ་གསུམ་ལ་ཕྱག་འཚལ་ལོ། །རྣམ་མཁྱེན་དགྲ་བཅོམ་སྟོན་པའི་དྲུང་དུ། །ལྷ་ཡི་མེ་ཏོག་རྣམ་པ་བརྒྱད་ཕུལ་ནས། །འཁོར་གྱི་དམ་པ་ཡེ་གཤེན་གཙུག་ཕུད་ཀྱིས། །རིགས་དྲུག་ཐར་བའི་གོ་འཕང་འཐོབ་པའི་གཟུངས། །པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ནས་ཞུས། །གཤེན་རབ་ཆེན་པོ་འགྲོ་བའི་མགོན་དང་སྐྱབས། །བཙོ་མ་གསེར་མདོག་བསྐལ་བཟང་སྟོང་གི་གཙོ། །ཐུགས་ཀྱི་དཀྱིལ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། །དཀར་སེར་དམར་ལྗང་མཐིང་ཁ་བཞི་ལ་བསྡུས། །འ་ལས་མཐིང་སྔོན་སྟོན་པ་གཤེན་རབ་ནི། །ཕྱག་མཚན་མི་འགྱུར་གསེར་གྱི་ཆགས་ཤིང་བསྣམས། །ཧ་ལ་ཐབས་ཀྱི་མཆོག་སངས་པོ་འབུམ་ཁྲི་དངུལ་གྱི་མདོག །ཕྱག་མཚན་མི་ནུབ་རྒྱལ་མཚན་གཡས་ན་བསྣམས། །ཨ་ལ་དཀར་ལྗང་མི་འགྱུར་གཤེན་ལྷ་འོད། །ཕྱག་གཉིས་མཉམ་བཞག་ཐུགས་རྗེའི་ལྕགས་ཀྱུ་འཛིན། །ཨ་ལས་སེར་མོ་ས་ཏྲིག་ཨེར་སངས་ནི༑ ༑ཕྱག་གཉིས་ཐུགས་དཀར་དཔའ་བོ་འབྲུ་ལྔ་བསྣམས། །བདེར་གཤེགས་སྟོང་དང་ལྷ་གཤེན་བརྒྱ་ཡི་ཚོགས། །སྤྱན་འདྲེན་ཕྱག་འཚལ་སྐུ་བསྟོད་སྡིག་པ་བཤགས། །རིགས་དྲུག་འཁོར་བ་དོང་ནས་སྤྲུགས་པའི་གཟུངས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཨ་ཨཱོྃ་ཧཱུྃ། ཨ་ཨ་ཨད་ཨཱོྃ་སལ་སལ་ཧ་འ་ཧཱུྃ་འོ་ལམ་ལམ་ཡཾ་ཡཾ་རཾ་རཾ་ཁཾ་ཁཾ་སྲུཾ་སྲུཾ་ཨཱོྃ་ཨཱོྃ་ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་བདལ་སྤྲོས་པ་མཁའ་ལ་མཉམ་སྟེ་བདལ་བདལ། རིགས་དྲུག་ཐུབ་པ་དྲུག་གི་སྙིང་བོ་ནི། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ། དུ་ཡཾ་ཏྲི་རཾ་པྲི་མཾ་རྣི་ཁཾ་ཐ་བྲུཾ་ཨ་ཨ་ཤག་ས་ལེ་སང་ངེ་ཡེ་སྭཱཧྭཱ། དམྱལ་བ་ལ།ཨཱོྃ་བསྭོ་དུ་ཏྲི་ས་མ་ཡ་ཐར་ལམ་ཞི་ཞི་སྭཱཧྭཱ། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་རཾ་ལམ། བསྭོ་བསྡུ་སྤྲོས་འབར་ཁྱབ་གདལ་ཨཱོྃ་རཾ་ལམ། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཧཱུྃ་རཾ་ལམ། བསྭོ་ཕུར་པ་ཡ་ཛ་ལ་རག་ཤ་ཕཊཿ ཡཾ་རཾ་ཁཾ་དུ་ཏྲི་ཤག་ཞེ་སྡང་ཚལ་པ་ཐུན་རོལ་ཕཊཿ ཨ་དཀར་ཡོངས་འབར་ཕྱོད་ལམ་གསལ། འབར་ལྡན་སྤྲོས་ཁྱབ་ཟེར་ལིང་གསལ། མུན་གསལ་འོད་བཀྲམ་ཡོངས་རྒྱས་བདེ། མུ་ཧེ་སྤུངས་རཾ་སྤྲོས་རྒྱས་ཁྱབ། བཀྲ་གསལ་ཀློང་རྒྱས་སྤྲོས་འབར་ལམ། ཨཱོྃ་མུ་ལིང་དུ་རུ་ཏྲ་ཐིམ་ཐིམ་ཡེ་སྭཱཧཱ། དུ་ཏྲི་ནག་པོ་ཞི་ཞི་མལ་མལ་སྭཱཧཱ། ཡི་དྭགས་ལ། ཨཱོྃ་དུ་ཏྲི་ནག་པོ་ཞི་ཞི་སྤར་ཡང་ཧོ་སྭཱཧཱ། བསྭོ་ཨཱོྃ་ཏྲི་དུ་པར་ཤག་ཕཊཿསྭཱཧཱ། བསྭོ་ཨཱོྃ་ཏྲི་དུ་ནི་ཀུ་རུ་ཕཊཿསྭཱཧཱ། ཨཱོྃ་དུ་ཏྲི་མེ་མེ་ཐིམ་ཐིམ་ཡེ་སྭཱཧཱ། ཨཱོྃ་ཏྲི་ཏྲི་བ་ར་ཡ་སྭཱཧཱ། བྱོལ་སོང་ལ། ཨཱོྃ་སུ་ཏྲི་པྲེ་ཡ་ཛ་ཧ་ངྷ་ནག་པོ་ཞི་ཞི་སྭཱཧཱ། བསྭོ་བསྡུ་སྤྲོས་འབར་ཁྱབ་བདལ་ཨ་ཨཱོྃ་ཧཱུྃ་རཾ་ལམ། བསྭོ་ཨཱོྃ་སུ་ཨ་པར་ཏྲི་པྲེ་དུ་བར་ཤག་སྭཱཧཱ། སྲུཾ་ཡཾ་ཁཾ་འབར་ལམ་གསལ། ཨཱོྃ་མུ་ཏྲི་ནགཔོ་ཞི་ཞི་ཐིམ་ཐིམ་ཡེ་སྭཱཧཱ། ཨཱོྃ་མུ་ཏྲི་ཀུ་ལན་ཨ་པར་ཏི་ཡེ་སྭཱཧཱ། མི་ལ། ཨཱོྃ་ཕྲི་དུ་ཨ་པར་ཤག་ཤག་སྭཱཧཱ། བསྭོ་ཕྲི་དུ་དུམ་ཡང་ཨ་པར་ཤག་སྭཱཧཱ། ཨཱོྃ་རྣི་དུ་མ་ར་ཡ་ཐར་ལམ་ཞི་ཞི་སྭཱཧཱ། ཨཱོྃ་ཕྲི་ཕྲི་ཐོར་ཐོར་ཐིམ་ཐིམ་ཡེ་སྭཱཧཱ། ལྷ་མིན་ལ། བསྭོ་ཧེད་ཨ་པར་ཤག་ཕྲོང་ཙེ་ནན་མྱོགས་སུ་རུ་ཏྲ་བྷྱོ་བྷྱོ། ཨཱོྃ་ཨ་པར་ཏྲི་ཡ་ཤག་སྭཱཧཱ། ཨཱོྃ་ཨ་ཕྲི་དུ་ཤག་དུ་པར་སྭཱཧཱ། ཨཱོྃ་ཨ་པར་ཝེར་ཞི་ཐིམ་ཐིམ་ཡེ་སྭཱཧཱ། ཨཱོྃ་ཐར་ལམ་ཞི་ཞི་མལ་མལ་སྭཱཧཱ། ལྷ་ལ། ཨ་ཨ་ཨད་ཏི་སྟ་རུ་རུ་རུ་ཕཊཿསྭཱཧཱ། ཨཱོྃ་ཁྲི་ཡོང་ཛ་ཀུ་རུ་ཤིག་སྭཱཧཱ། ཨཱོྃ་ཕྲི་ཡང་ཛ་ཀུ་རུ་ཤིག་སྭཱཧཱ། ཨཱོྃ་ཕྲི་ཡང་ཛ་ཀུ་རུ་ཤག་སྭཱཧཱ། ཨ་ཨ་ཨད་ཏི་རུ་རུ་རུ་ཕཊཿསྭཱཧཱ། ཨ་པར་དུ་ཏྲི་ཐིམ་ཐིམ་ཡེ་སྭཱཧཱ། ཨཱོྃ་ཨ་པར་དུ་ཏྲི་སུ་ཐིམ་ཐིམ་ཡེ་སྭཱཧཱ། བར་དོ་ལ།ཨཱོྃ་ཨ་ཏྲི་རྣི་སུ་པྲི་དུ་ཐིམ་ཐིམ་ཡེ་སྭཱཧཱ། ཨཱོྃ་ཨ་པར་དུ་ཏྲི་ཤག་སྭཱཧཱ། ཨཱོྃ་ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྨར་སྭཱཧཱ། ཨཱོྃ་ཨ་ཏྲི་རྣི་སུ་པྲི་དུ་ཞི་ཞི་ཐིམ་ཐིམ་ཡེ་སྭཱཧཱ། ཨ་དཀར་འབར་ལྡན་མུན་གསལ་མུ་ཧེ་བཀྲ་གསལ་རྒྱས། སྒོམ་པ་ལ། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱ། ཨཱོྃ་ཁྲི་ཡོང་སད་ཝེ་མུ་ཡེ་སྭཱཧཱ། འདྲེན་སྟོན་ལ། ཕྲ་ཛ་ཡ་ཀུ་རུ་ཤིག་སྭཱཧཱ། སྔགས་པ་ལ། བསྭོ་ཐུན་མ་མ་ཧྲིག་ཡག་ཤ་ཏྲོ་སྭཱཧཱ། བསྭོ་ཐུན་མ་མ་ཧྲིག་ཡག་ཤ་ཏྲི་དུ་སུ་སྭཱཧཱ། མཆོད་གནས་ལ། ཨཱོྃ་སུ་ཏྲི་ཨ་པར་ཕྲོང་ཙེ་ནན་ས་ར་ཏྲག་ཤ་མུ་ཏྲ་ཧཱུྃ་ཧཱུྃ་ཐར་ལམ་ཞི་ཞི་སྭཱཧཱ། སྨན་པ་ལ། ཨཱོྃ་ཨ་རཾ་སུ་ཏྲི་མུན་ཛ་སྭཱཧཱ། བྲིས་པ་ལ། ཨཱོྃ་སུ་ཏྲ་རུ་ཏྲི་ཀུ་ཤ་ལ་མ་ཧཱ་པ་རུ་ན་ཡེ་སྭཱ་ཧཱ། མོ་མ་ལ། ཨཱོྃ་མུ་ཏྲི་ནག་པོ་ཕྲོང་ཙེ་ནན་སྭཱཧཱ། གཏོ་བ་ལ། ཨཱོྃ་སད་ནི་ཨུར་ཆུམ་དུ་ཤག་ཏྲི་དུ་བ་མ་ཡ་ཐར་ལམ་ཞི་ཞི་སྭཱཧཱ། སྡིག་པོ་ཆེ་ལ། ཨཱོྃ་བསྭོ་རག་ཤ་ཁྲི་པར་དུ་ཏྲི་སུ་བྷྱོ་ཡ་བྷ་ལིང་ཐིམ་ཐིམ་ཡེ་སྭཱཧཱ། ཤིན་ཏུ་སྡིག་པ་ཅན་འདྲེན་པའི་སྔགས་ནི། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་ས་ལེ་འོད་ཁྲི་དུར་རུ་ཏྲ་ནག་པོ་ཞི་ཞི་ཡེ་སྭཱཧཱ། བདེར་གཤེགས་སྟོང་དང་འདུལ་གཤེན་དྲུག་ལ་སོགས། །ལྷ་གཤེན་བརྒྱ་དང་ལྷ་མོ་སུམ་བརྒྱ་དང་། །ཡེ་གཤེན་གཡུང་དྲུང་སེམས་དཔའ་བཅུ་གསུམ་རྣམས། །གཡེན་བོན་སོ་གཉིས་འབྱུང་བོན་བཞི་ལ་སོགས། །རིགས་དྲུག་ཐར་བའི་ལམ་སྣ་འདྲེན་མཛད་པའི། །དཔོན་གསས་ཡི་དམ་རིག་འཛིན་མཁའ་འགྲོ་ཡི། །ཐུགས་རྗེས་ཐར་བའི་ལམ་སྣ་དྲང་དུ་གསོལ། །ཞེས་རིག་འཛིན་ལྡེ་བོན་གྱིམ་ཚ་རྨ་ཆུང་གིས། རྨ་གཉེན་བོམ་རའི་ཐུགས་ཀའི་བྲག་ལ་སྦས། ཕྱི་ཡི་དུས་སུ་ལྕགས་མོ་སྦྲུལ་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་ལ་གཡུ་ལོ་དཀར་པོས་གཏེར་ནས་བཏོན་པའོ། །བཀྲ་ཤིས་དུང་གི་ཟླ་བ་ཚེས། །ཞལ་དྲོ་གསེར་གྱི་ཉི་མ་ཤར། །ཕུན་ཚོགས་ངོ་མཚར་ཨ་ལ་ལ་ཧོ། །དགེའོ།།