སྲིད་རྒྱལ་དྲེའུ་དམར་བསྐང་བ།

文摘   文学   2024-09-24 10:11   云南  

༄༅གཙོ་མཆོག་ཐུགས་ཀྱི་གསང་ཡུམ་བཀའ་གསང་ལྷ་མོ་ནི། དུར་ཁྲོད་གསང་བ་མཆོག་གི་གསས་མཁར་ནས། གདུག་པའི་དྲག་ཚོགས་ཐུགས་རྗེས་འདུལ་མཛད་མ། ཞི་ལས་འཁྲོས་པའི་མཐིང་ནག་ཁྲོ་མའི་གཟུགས། ཞལ་གསུམ་ཕྱག་དྲུག་དྲེའུ་དམར་མོ་བཅིབས། ཞལ་གསུམ་ཁྲོ་ཞལ་འཛུམ་མདངས་དཀར་དམར་མཐིང། གཡས་གསུམ་དབྱུག་ཐོ་རལ་གྲི་ཕུར་བུ་བསྣབས། གཡོན་གསུམ་གཡུང་དྲུང་ཁ་ཏ་ཞལ་བུ་བསྣབས། ཐོད་རློན་སྙིང་ཁྲག་ཞལ་དུ་སྟོབས་ཞིང་བསྟིམས། གཡང་གཞི་སྟག་ཤམ་ཐོད་སྦྲུལ་མེ་དཔུང་འབར། སྐུ་དསུང་ཐུགས་ལས་སྤྲུལ་བའི་མ་མོ་དགུ་ཁྲི་དགུ་འབུམ་དང། མ་ཅིག་ལྷ་མོ་ཡང་སྤྲུལ་གཡོག་དང་བཅས། རང་བཞིན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ཅིང། རྫུ་འཕྲུལ་མཁའ་ལ་འཁྲོས་པའི་སྐུར་བཞེངས་ནས། ཀློང་འདིར་གཤེན་རབ་གྲོགས་སུ་སྤྱན་འདྲེན་ནོ། མཐུ་དང་དཔུང་ལ་གནས་འདིར་གཤེགས་སུ་གསོལ། དམ་རྫས་མཐུན་པའི་གཏོར་མ་འདི་བཞེས་ལ། གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སྤེལ། དམ་ཉམས་དགྲ་བགེགས་ལོག་ལྟ་ཆེམ་ལ་ཕོབས།མ་འདའ་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།

 

༄༅ཀྱེ་ཚེ་རབས་གོང་ནས་སྒྲུབ་པའི་སྲིད་རྒྱལ་མ།མ་དང་བུ་བཞིན་སྐྱོང་བའི་བྱམས་སྙིང་ཅན།ལུས་གྲིབ་བཞིན་འཁོར་བའི་བརྩེ་གདུང་ཅན། རྩེ་གཅིག་སྙིང་ནས་ཁྱེད་ལ་གསོལ་བ་འདེབ། འབྲལ་མེད་བརྩེ་བའི་ཐུགས་རྗེ་ལེགས་སྐྱོང་ལ།ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞི།

ཡིད་ལ་རེ་བའི་བསམ་དོན་མ་ལུས་པ།  ཐོགས་མེད་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད།

 

༄༅སྟོང་གསུམ་རབ་འཇིགས་དུར་ཁྲོད་མཆོག 

མེ་རླུང་འཚུབ་མའི་ཀློང་དཀྱིལ་ན།

ཀེང་རུས་རི་རབ་མཁར་གྱི་ནང།

བམ་ཆེན་གསར་རྙིང་གདན་སྟེང་ན།

དམར་ནག་བྷྱོ་ཡི་འཕྲོ་འདུ་ལས། 

མི་དྲེད་འཇིགས་པའི་ཁྲི་སྟེང་ན།

མ་ཅིག་སྲིད་པ་རྒྱལ་མོ་ལ། 

མ་མོ་བཞི་སོགས་འཁོར་གྱིས་བསྐོར།

སྔོན་གྱི་ཐ་ཚིག་མ་བསྙེལ་བར།   

འདིར་སྤྱོན་བརྒྱན་གྱི་གཏོར་མ་བཞེས།

གཡུང་དྲུང་བོན་གྱི་བསྟན་པ་སྲུངས།   

སྒྲུབ་འཤེན་བདག་གི་སྡོང་གྲོགས་མཛོད།

མི་མཐུན་རྐྱེན་དང་བར་ཆད་ཟློག    

དགྲ་བགེགས་ལོག་འདྲེན་དབང་དུ་བསྡུས།

བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章