གཞི་བརྟན་པའི་བཀྲ་ཤིས་བཞུགས།
༧ ཨ་རཀྴ་མུ་ཁྱུང་པྲ་ཕུད་བིང་ང་ཉི་རི་བྷ་ར་དྲང་འདུ། ཨཱོཾ་མུ་ནེ་གླང་ཆེན་བིང་ང་ཉི་རི་བྷ་ར་དྲང་འདུ། ཧཱུཾ་མུ་ཡེ་ཤེ་ཐུན་བིང་ང་ཉི་རི་བྷ་ར་དྲང་འདུ། ཨཱོཾ་ཡེ་དྷཱརྨ་ཧེ་དུནྷེ་ཥ་ཉཔྲ་མ་སརྦ་དྷརྨ་གུ་རུ་ནི་སརྦ་སཾ་མྱག་དདྷྱ་ཐཱ་སརྦ་སྭཱཧཱ། ཨ་མུ་ཁྱུང་པྲ་ཕུད་བིང་ང་ཉི་རི་བྷ་ར་དྲང་འདུ། ཨཱོཾ་མུ་ནེ་གླང་ཆེན་བིང་ང་ཉི་རི་བྷ་ར་དྲང་འདུ། ཧཱུཾ་མུ་ཡེ་ཤེ་ཐུན་བིང་ང་ཉི་རི་བྷ་ར་དྲང་འདུ།
སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་རྟེན་འབྲེལ་གྱི་སྙིང་པོ་རྣམས་འོད་དུ་ཞུ་ནས་མེ་ཏོག་གི་ཚོམ་བུ་རེ་རེ་ལ་གནས་པར་གྱུར་ཅིག དེ་ནས་གཞི་བརྟན་པའི་བཀྲ་ཤིས་འབྲུ་དང་མེ་ཏོག་གཏོར་ལ་ཀློང་རྒྱས་ལྟར། ཨཱོཾ་གསལ་ཟེར་འོད་དཔག་མུ་ལམ་ཁྱབ་རྒྱས་མཁར་སྨིན་ཡོངས་འདུ་ཡོངས་ཁྱབ་དམུ་རྒྱས་གདལ་ཁྱབ་གསལ། ལན་བཞི་བརྗོད། དཀར་ནག་བཀྲ་གསལ་སྐུ་གཟུགས་དང་།། མཐའ་ཡི་ལྕགས་རི་སྐུ་གདུང་དང་།། བཀའ་རྒྱུད་འབུམ་སྡེ་གསུང་རབ་དང་།། ཀློང་རྒྱས་དཀྱིལ་འཁོར་ཐིག་བཅས་རྣམས།། འདི་ནས་དུས་མཐའ་ཡན་ཆད་དུ།། ཉི་མའི་ཟེར་བཞིན་ཡོངས་ཁྱབ་ནས།། སེམས་ཅན་རྣམས་ཀྱི་དོན་ཆེད་དུ།། བཀྲ་ཤིས་ཡོངས་སུ་བརྟན་གྱུར་གྱུར་ཅིག། སྒོ་བཞིི་མཛོད་དང་ལྔ་ཡི་བོན།། ས་ཡི་རྡུལ་ལྟར་གྲངས་འཕེལ་ནས།། རིན་ཆེན་སྣ་ལྔའི་གཏེར་བཞིན་དུ།། སེམས་ཅན་དོན་དུ་རྒྱས་པར་ཤོག། ༧ཨེ་མ་ཧོ། ལེགས་པ་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ།། ཐར་བའི་ལམ་སྟོན་འགྲོ་བ་ཡོངས་ཀྱི་མགོན།། བསླབ་གསུམ་རྣམ་དག་བསྟན་པའི་སྲོག་ཤིང་འཛིན།། བརྒྱུད་པའི་མཁན་སློབ་བཀྲ་ཤིས་གང་ལེགས་པ།། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག། རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར་འཛིན་ཅིང་།། མཛད་པ་དུ་མས་གདུལ་བྱའི་ཁ་ལོ་བསྒྱུར།། བསྟན་པའི་མངའ་བདག་མཚུངས་མེད་གཙུག་གི་རྒྱན།། ཁྲི་གཙུག་རྒྱལ་བའི་བཀྲ་ཤིས་གང་ལེགས་པ།། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག། སྐལ་བཟང་དབུས་ན་བསྟན་པའི་གཙོ་བོ་ཆེ།། མཛད་པའི་ནང་ནས་ཕྲིན་ལས་དམ་པ་ཕུལ།། རྗེས་བཞག་མཐའ་རུ་རྒྱས་པའི་བཀྲ་ཤིས་ཤོག། བོན་གྱི་སྙིང་པོ་ཉེ་ལམ་གཟུངས་ཀྱི་དོན།། བཀའ་ཡི་ཉིང་ཁུ་སངས་རྒྱས་དགོངས་པའི་མཆོག། བསྟན་པའི་སྙིང་པོ་དར་རྒྱས་རབ་སྤྱོད་ཤོག། ལྷ་ཡི་གཙོ་བོ་རྣམ་རྒྱལ་ལྷ་བཅུ་ལ།། འཁོར་གྱི་དམ་པ་དཔལ་མགོན་བརྒྱ་རྩ་བརྒྱད།། ཡོངས་སུ་རྫོགས་པའི་འཁོར་ལོ་རབ་བསྐོར་ཤོག། ༧མི་ཚེ་མཐའ་རུ་ཕྱིན་པའི་བསོད་ནམས་དམ་པ་ལ།། སྔ་མ་ན་ཡང་སྲོག་གི་ལན་ཆགས་མེད།། བྲམ་ཟེ་མཚན་མཁན་བཀྲ་ཤིས་གང་ལེགས་པ།། དེང་འདིར་གསལ་ཞིང་སྐུ་ཚེ་རིང་བར་ཤོག། ༧མི་ཡི་བུ་ལ་བསོད་ནམས་ཚོགས་ཆེ་བ།། ཁ་ནས་ཅི་བཏབས་སྨོན་ལམ་འགྲུབ་པ་བཞིན།། ཀོང་ཙེ་འཕྲུལ་རྒྱལ་བཀྲ་ཤིས་གང་ལེགས་པ།། དེང་འདིར་གསལ་ཞིང་བསམ་དོན་འགྲུབ་པར་ཤོག། ༧ཞི་བས་མ་ཐུལ་དྲག་པོས་ཚར་གཅོད་ཕྱིར།། སྐུ་ཡི་འོད་ཟེར་ཁྲོ་བོ་བཞི་རུ་སྤྲུལ།། མཐུ་སྟོབས་བྱིན་རླབས་བཀྲ་ཤིས་གང་ལེགས་པ།། དེང་འདིར་བསྩལ་ཅིང་བར་ཆོད་ཞི་བར་ཤོག། ༧སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབས་པ་བླ་མེད་བཀའ་རྒྱུད་རིན་པོ་ཆེ།། འདྲེན་པ་བླ་མེད་སེམས་དཔའ་རིན་པོ་ཆེ།། སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག། ༧ཚེ་ལ་མངའ་བརྙེས་དྲན་པ་ནམ་མཁའི་སྐུ།། སྐྱེ་མཆི་མི་མངའ་ཚེ་དབང་རིག་འཛིན་གསུང་།། འཕོ་མེད་སྐུ་གྱུར་པདྨ་རྒྱལ་པོའི་ཐུགས།། འཆི་མེད་ཡབ་སྲས་གསུམ་གྱི་བཀྲ་ཤིས་ཤོག། ༧ལྷ་སྐུ་རིགས་སྟོབས་ཡེ་ཤེས་སྤྱན་ལྔའི་བདག། ཞལ་ལྔ་ཕྱག་བཅུ་ཀུན་བཟང་རྒྱལ་བ་འདུས།། ཡུམ་གཉིས་འདུལ་གཤེན་དྲུག་དང་སྒོ་མ་བཞི།། གཤེན་ལྷ་འོད་དཀར་ཚོགས་ཀྱི་བཀྲ་ཤིས་ཤོག། ༧བོན་ཉིད་ངང་ལས་བོན་ཅན་གཟུགས་ཀྱི་སྐུ།། སྣང་སྟོང་ཟུང་འཇུག་ཆུ་ཟླ་བཞིན་དུ་ཤར།། ཞི་དང་ཁྲོ་བོའི་རྣམ་འགྱུར་དུ་མར་སྟོན།། དབང་དྲག་ཁྲོ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག། ༧མ་དུས་གསུམ་སངས་རྒྱས་བཀའ་སྐྱོང་མཐུ་མོ་ཆེ།། མ་མཆོག་སྲིད་པའི་རྒྱལ་མོ་དབྱིངས་ཀྱི་ཡུམ།། དཀྱིལ་འཁོར་ཕྱི་ནང་ཡོངས་ཀྱི་བསྟན་སྲུང་མ།། ཡེ་ཤེས་དབལ་མོའི་ཚོགས་ཀྱི་བཀྲ་ཤིས་ཤོག། ༧བྱིན་རླབས་ཀུན་སྩོལ་རྩ་རྒྱུད་བླ་མ་དང་།། བར་གཅོད་འཇིགས་ལ་སྐྱོབས་མཛད་ཡི་དམ་ལྷ།། མཆོག་ཐུན་དངོས་གྲུབ་སྟེང་མཛད་མཁའ་འགྲོ་མ།། རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག། ༧བཀའ་སྲུང་ལྷ་མོ་སྲིད་གསུམ་འདུལ་རྩལ།། མ་མོ་བདུད་བཙན་ཚོགས་ཀྱི་བཀྲ་ཤིས་ཤོག། ༧ཀུན་བཟང་ཐུགས་སྤྲུལ་གཤེན་གྱི་བསྟན་པ་སྲུང་།། སྒྲུབ་པ་པོ་ལ་ཅི་འདོད་དངོས་སྒྲུབ་སྟེར།། ལྷག་པའི་ལྷ་མཆོག་གཞན་གྱིས་འགྲན་ཟླ་བྲལ།། རྨ་རྒྱལ་པོམ་རའི་ཚོགས་ཀྱི་བཀྲ་ཤིས་ཤོག། ༧བདག་གི་ཚེ་རབས་ལས་ཀྱི་འབྲེལ་བའི་ལྷ།། བྲག་བཙན་དམར་པོ་གནོད་སྦྱིན་ཁྲོས་པའི་གཟུགས།། མཐུ་རྩལ་སྟོབས་ཀྱིས་ལོག་ལྟ་སྒྲོལ་མཛད་པ།། གཡུང་དྲུང་དགྲ་འདུལ་རྩལ་གྱི་བཀྲ་ཤིས་ཤོག། ༧བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས།། ནོར་གྱི་བདག་པོ་ཨརྱ་འཛམ་བྷ་ལྷ།། དངོས་གྲུབ་གཏེར་བདག་ལྷ་མོ་ནོར་རྒྱུན་མ།། འཛམ་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག། ༧ཨེ་ཀློང་རབ་འཇིགས་དུར་ཁྲོད་གཞལ་ཡས་ན།། འཇིགས་པའི་ཚུལ་ཅན་བརྗིད་པའི་དཔུང་དང་བཅས།། སངས་རྒྱས་བསྟན་སྲུང་མི་དང་མི་མིན་འདུལ།། བོན་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག། ༧གནས་འདིར་བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག། མ་སྲིང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག། བོན་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག། ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག། ༧མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོོག། དྲི་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག། ཁྱབ་གདལ་ཡོངས་རྫོགས་ཐུགས་ཀྱི་བཀྲ་ཤིས་ཤོག། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག། ༧སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི།། ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་།། བར་ཆོད་ཞི་ནས་བཀྲ་ཤིས་པ།། བསམ་པ་བོན་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
༧ན་མོ། རྒྱུ་དགེ་བའི་རྩ་བ་འདི་དག་གི་མཐུ་ལ་བརྟེན་ནས་ཡུལ་ཕྱོགས་སུ་བཀྲ་ཤིས་པར་གྱུར་ཅིག ས་ཕྱོགས་སུ་བྱིན་ཆགས་པར་གྱུར་ཅིག ཕོ་རྣམས་ཚེ་རིང་བར་གྱུར་ཅིག མོ་རྣམས་དཔལ་ཆེ་བར་གྱུར་ཅིག ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག དུས་ཀྱི་འཁྲུགས་པ་ཞི་བར་གྱུར་ཅིག མཚོན་གྱི་བསྐལ་བ་རླགས་པར་གྱུར་ཅིག མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ནས་བོན་དང་སྲིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་ལ། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག
༧གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱ་ཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྷཱུཾ་ཧྲུན། མུ་ཏྲེ་མུ་ཏྲེ་དམུ་ར་མུ་ཏྲེ། མུ་ཡེ་མུཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་ལོ། ཤུད་ལ་ཝེར་རོ། ན་ཧུ་ཏ་ཀ ཤུདྡྷོ་ཤུདྡྷོ་དུ་ཤུདྡྷོ་ཡ། སལེ་སལེ་ཏྲི་སལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན། ཁྲི་ཙེ་དྲུང་མུ། ཧ་ཧ་བྷྲུཾ་བྷྲུཾ། ཧོ་ཧོ་ལམ་ལམ། ཧཱུཾ་ཧཱུཾ་ཕཊ་ཕཊ།
སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ།།
ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ།།
དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས།།
སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་འཐོབ་ཤོག