གཙོ་མཆོག་མཁའ་འགྱིང་ཉིད་ལ་ཕྱག་འཚལ་ལོ། འཕྲུལ་གཤེན་ཡི་གེ་སུམ་ཅུ་ལས་དྲངས་པ་ཡིས། ཁྲོ་བོ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ། རང་རང་གི་མདུན་གྱི་ནམ་མཁའ་ལ། དབང་ཆེན་གཞལ་ཡས་འབར་བའི་དབུས། སེང་གླང་རྟ་འབྲུག་ཁྱུང་གི་ཁྲི་དང་། ཉི་ཟླ་པདྨ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ། ལྷ་གཙོ་མཆོག་ཁ་འགྱིང་སྐུ་མདོག་མཐིང་ཀ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱངས་བསྐུམ་དུ་བཞུགས་པ། ཡུམ་མཁའ་ལ་གདུག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། དེ་ལ་ཐུགས་ཡེ་ཤེས་ཀྱི་ཁྲོ་བོ་སུམ་ཅུ་རྩ་བཞི། དབལ་མོ་ཉི་ཤུ་རྩ་བདུན། གྱད་དང་དམག་དཔོན་རྒྱལ་ཆེན་སྤྲུལ་བ་ཡང་སྤྲུལ་རྣམས་ཀྱིས་བསྐོར་ནས་བཞུགས་པར་གསལ་གདབ་ལ།
ཀ་གཞི་ཅོག་པར་ལྷ་ཡི་གཞལ་ཡས་ཁང། །ཁ་དོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །ག་ཤ་སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། ། ང་རྒྱལ་རི་བོ་འཇོམས་བྱེད་སྐུ་ལ་བསྟོད། །ཅ་ཧའི་སྒྲ་འབྱིན་སྡང་དགྲ་གདོན་བགེགས་བརླག །ཆ་སྒྲ་བསྭོ་སྒྲས་སྣང་སྲིད་སྐྲག་ཏུ་འཇུག །ཇ་ཆང་བདའ་མངར་སྙིང་ཁྲག་ཞལ་དུ་གསོལ། །ཉ་མཚོ་ལྟ་བུའི་ཟད་མེད་གསུང་ལ་བསྟོད། །ཏ་ལེར་སྔ་ཕྱི་མེད་པར་དུས་གསུམ་མཁྱེན། །ཐ་རམ་དུག་ལྔའི་མཚོན་ཁ་བཤིག་པར་བྱེད། །ད་ལི་སྤོས་སོགས་མཆོད་པའི་ཞིང་གྱུར་བ། །ན་རག་དོང་སྤྲུགས་ཁྲོ་རྒྱལ་ཐུགས་ལ་བསྟོད། །པ་ཏྲའི་རྒྱན་མཛེས་མེ་དཔུང་སྐུ་ལ་འབར། །ཕ་རོལ་རྒོལ་བའི་དགྲ་ཚོགས་གཞོམ་དུ་གསོལ། །བཱ་ག་བདེ་སྦྱོར་ཡུམ་ཆེན་གཉིས་མེད་འཁྲིལ། །མ་འགག་རྩ་གསུམ་ཡོན་ཏན་རྫོགས་ལ་བསྟོད། །ཙཀྲ་ལ་སོགས་ཕྱག་དྲུག་མཚོན་ཆ་ཡིས། །ཚ་གྲང་ལ་སོགས་རིགས་དྲུག་སྐྱེ་སྒོ་གཅོད། །ཛ་ལ་བྷྱོ་ཡི་གཟེ་གྱད་ལས་ལ་འགྱེད། །ཝ་ལྟའི་ཉམ་ཐག་འགྲོ་འདྲེན་ཁྱེད་ལ་བསྟོད། །ཞ་ལོང་ལྟ་བུའི་ལམ་འཕྲང་བགྲོད་པའི་ཚེ། །ཟ་བ་དར་ཅིག་ཡིད་ལ་དྲན་བྱེད་ན། །འ་ཅག་མགོན་མེད་རྣམས་ཀྱི་མགོན་མཛད་ཕྱིར། །ཡ་གི་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །ར་བ་ཅན་གྱི་སྟོང་གསུམ་ཁོར་ཡུག་ཞིང་། །ལ་མོར་སྤྲུལ་བས་སྲུངས་ལ་ངེས་དོན་སྟོན། །ཤ་ཁྲག་གདོས་བཅས་དགྲ་བགེགས་དབྱིངས་སུ་སྒྲོལ། །ས་ལམ་བགྲོད་པའི་དངོས་གྲུབ་བདག་ལ་སྩོལ། ཧ་ར་ལྔ་ལྡན་གཟུགས་སྐུ་ཁྲོ་བོ་དང་། ཨ་དཀར་གསང་སེམས་གཉིས་མེད་དོན་རྟོགས་ཤོག
འབྲུ་དགུ་ཐེག་པ་རིམ་དགུའོ།།དབང་ཆེན་ཀ་བསྟོད་འདི་ཡུད་ཙམ་གཅིག་ལ་ཡི་གེར་བཀོད། འདི་ནི་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པ། གཤེན་ཆེན་ཉི་མ་རྒྱལ་མཚན་གྱིས་ཁྲོ་བོའི་བཀའ་གཞུང་ཚར་གཅིག་བཏོན་པ་དང་ཕན་ཡོན་མཉམ་གསུངས་སོ།།
བདག་ཉིད་གཙོ་མཆོག་གི་ཐུགས་ཀར་ཉི་ཟླའི་སྟེང་དུ་ཨ་མ་ལ་ས་བོན་ཡིག་འབྲུ་རྣམས་ཀྱིས་བསྐོརབ་ལས་འོད་འཕྲོས། ཕྱི་སྣོད་ལྷ་ཡི་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོའི་སྐུ་རུ་གྱུར་བར་བསྒོམ་ལ། སྙིང་བོ་ནི། བསོྭ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་མ་མ་ཧ་ལ་རཾ་ཛ་ཐུན་བྷྱོ་ཐུན་བྷྱོ། བསོྭ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཧ་ལ་རཾ་ཐུན་ཆ་ལ་འདར་ཤག་ཐུན། ཨ་མ་ཛ་ལ་སད་ཐུན་ཁ་ཐུན་ཁ་ཐུན་བྷྱོ་བྷྱོ། བསོྭ་མ་མ་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། མུ་ཡེ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨ་ཐུན་ཉེ་ལོ་ཐུན་སྤུང་སོ་ཐད་དོ་ཐུན། ས་ར་རྐོ་ནི་སད་ཐུན། བསྭོ་མ་མ་ཉེ་ལོ་ཡོ་སྤུང་སོ་ཐད་དོ། ས་ར་ནི་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨ་ཐུན་ཉེ་ལོ་ཐུན་སྤུང་སོ་ཐད་དོ་ཐུན། ལི་ཡཾ་སེག་ཐུན། བསྭོ་མ་མ་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། ཡཾ་ནི་ལི་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ནེ་རཾ་སཾ་ཐུན། བསྭོ་མ་མ་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། རཾ་ནེ་རཾ་པུར་བ་ཡེ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཏིང་མུར་ཁྲག་ཐུན། བསྭོ་མ་མ་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། མང་ས་མཾ་ཏིང་རླུང་ཆུ་ཤེལ་ལ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། མ་མིག་ཏིང་ཀྱུག་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། རྐོ་ཡེ་མིག་རང་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ར་ཙེ་ཧ་ར་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། ཨུན་ཏིང་གླང་རེ་ཆེམ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ལྒྱུམ་རི་ཤིམ་ཕོད་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། ལྒྱུམ་ཤིམ་གྱེར་ལྒྱུམ་འཕྲོ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། རྐེ་རི་ཁ་ལ་རགྴ་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། ཨ་ཁིང་མུ་ཁིང་སྙིང་ཁ་ལ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། དེ་མུ་རྭང་ཞི་གྱ་ནོམ་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། རིང་ནམ་མུ་ཧཾཱུ་པྲ་ལ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨགོྴ་ཡེ་མུ་རུང་ཤིན་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། སྙོ་མིན་ཨགོྴ་མུ་ཡེ་ཁང་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་དུ་དུ་སྤྲོས་ལ་སད་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། སྐྱེལ་མུ་རི་དྲག་ཤ་ཁང་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་དཀར་གཤའ་ཡ་སྙིང་ཁ་ལ་ཤག་ཐུན། བསྭོ་རཾ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། མུ་ཡེ་ཤེ་ཐུན་ཨ་དཀར་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་རཾ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཙ་ལ་ཙལ་ཤག་ཐུན། བསྭོ་མ་མ་ཛ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། མ་མ་ཤིག་དྲ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་རཾ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་པྲ་ཤག་ཤག་དུ་དུ་སད་ཐུན། བསྭོ་མ་མ་ཛ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། མ་མ་ཤི་དྲི་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་རཾ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། དུ་དུ་ལེན་རྐེ་ས་ར་སད་ཐུན། བསྭོ་མ་མ་ཛ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། པུ་ཙམ་ནེ་རཾ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཧ་ལ་རཾ་ཐུན་ཉེ་ལོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་པར་དུ་དུ་སད་ཞི་སད་ཐུན། བསྭོ་མ་མ་ཛ་ཐུན་ཉེ་ལོ་ཡོ་སྤུངས་སོ་ཐད་དོ། དམུ་ཤི་དེ་ཆུ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་མ་མ་ཛ་མུ་ཡེ་ཐུན་བྷྱོ། རཾ་ཐུན་བྷྱོ། ཨ་དཀར་མུ་ཡེ་ཤག་ཐུན་བྷྱོ། མ་ཐུན་བྷྱོ། ཛ་ཐུན་བྷྱོ། བྷྱོ་ཐུན་བྷྱོ། ཧ་ལ་གེ་ཆུ་ཤག་ཐུན་བྷྱོ། ཝེར་ཞི་མུ་སླས་ཀུ་ཏྲ་གྲན་ལ་ཐུན་བྷྱོ་ཐུན་བྷྱོ། དེ་ནས་འཛབ་བསྟོད་འབུལ་བ་ནི། བསྭོ། གསས་མཁར་དབང་ཆེན་འབར་བ་ན། ཐུགས་རྗེ་སྤྲུལ་བའི་ཁྲོ་ཚོགས་ལ། འཕྲོ་འདུ་འཛབ་ཀྱི་མཆོད་པ་འབུལ། བདག་ཅག་གཤེན་གྲོགས་མཆེད་ལྕམ་གྱི། སྐྱོན་གྱི་སྒྲིབ་པ་བྱང་བར་མཛོད། སྔོན་ཚེ་གོང་ནས་བསྒྲུབ་པའི་ལྷ། གྲུབ་པའི་ལྷ་ཞལ་དུས་འདིར་སྟོན། ཉིད་དང་དབྱེར་མེད་འགྲུབ་གྱུར་ཅིག ། ཅེས་བསྟོད་དོ། །དགེའོ།།
ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།