༄༅།།གཡུང་དྲུང་རྣམ་པར་འཇོམས་པའི་གཟུངས་བཞུགས་སོ།

文摘   文学   2024-10-06 20:13   青海  

༄༅།།གཡུང་དྲུང་རྣམ་པར་འཇོམས་པའི་གཟུངས་བཞུགས་སོ། 

  གཡུང་དྲུང་ལྷའི་སྐད་དུ་ན། ཀྲོ་ཏ་ཏི་སྟ་ན་ལ་དྷ་ར་ནི་པྲ་པ་ཏ། གང་ཟག་མི་ཡི་སྐད་དུ་ན། ཁྲོ་བོ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། །སངས་རྒྱས་གང་གི་མི་ཐུབ་འཕགས་པ་ཆེན་པོ་ནམ་མཁའི་མདོག་ཅན་ལ་ཕྱག་འཚལ་ལོ།། བསྭོ་ༀཱ་སྭ་བྷ་བ་ཧཱུཾ་ཕཊཿ སྣོད་བཅུད་ཐམས་ཅད་སྟོང་བར་གྱུར། སྟོང་བའི་ངང་ལས་ཨེ་བྲུཾ་ཧཱུཾ་ཕཊཿ སྟོང་བ་ཉིད་འབྱུང་བ་རིམ་པར་བརྩེགས་པའི་ཁྲི་གདན་ལ། ཧཱུཾ་སྔོ་སྐྱ་ཡོངས་སུ་གྱུར་བ་ལས། བདག་ཉིད་ཁྲོ་བོ་རྣམ་པར་འཇོམས་པ། སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ཞབས་གཡས་བསྐུམ་པ། གཡོན་བསྐྱང་བ། དབུ་སྐྲ་དམར་སེར་གྱེན་ལ་བརྫེས་པ། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཨག་ཚོམ་དང་རྫི་སྨིན་མེ་རི་འབར་བ། ཐོད་སྐམ་དང་ནོར་བུས་དབུ་ལ་བརྒྱན་པ། གཡང་གཞི་དང་སྟག་ཤམ་གྱིས་ཀས་མ་ཧྲལ་བ། སྦྲུལ་དཀར་བཀྲས་ཐོད་དུ་བཅིངས་པ། སེར་བཀྲས་སྙན་ཆ་བྱས་པ། དམར་བཀྲས་མགུར་ཆུ་བྱས་པ༑ ལྗང་གུས་དཔུང་རྒྱན་དང་ཕྱག་གདུབ་བྱས་པ། སྔོ་བཀྲས་སྐ་རགས་སུ་བྱས་པ། ནག་བཀྲས་ཆུན་དཔྱང་དང་ཞབས་གདུབ་བྱས་པ། ཕྱག་གཡས་པས་གསེར་གྱི་པྲ་ཕུད་རྩེ་དགུ་བ་ནམ་མཁའ་ལ་ཕྱར་བ། གཡོན་པས་སྡིགས་མཛུབ་ཐུགས་ཀར་གདེངས་པ། དེའི་སྟེང་དུ་ཁྲོ་བོ་རྣམ་རྒྱལ་དཀར་པོ་རྒྱལ་མཚན་དང་སྡིགས་མཛུབ་མཛད་པ། ཤར་དུ་གཡུང་དྲུང་དཔའ་བོ་སེར་པོ་གཡུང་དྲུང་དང་སྡིགས་མཛུབ་མཛད་པ། ལྷོ་རུ་གཤིན་རྗེ་གཤེད་པོ་སྔོ་སྐྱ་རལ་གྲི་དང་སྡིགས་མཛུབ་མཛད་པ། ནུབ་དུ་ཧ་ལ་གྀྷྲ་བ་དམར་པོ་དབྱུག་ཏོ་དང་སྡིགས་མཛུབ་མཛད་པ། བྱང་དུ་འཁོར་ལོ་བདེ་རྒྱལ་ལྗང་གུ་འཁོར་ལོ་དང་སྡིགས་མཛུབ་མཛད་པ། ཤར་དུ་ལྷོ་རུ་ཁམས་གསུམ་དབང་སྡུད་སེར་སྐྱ་ཁ་ཊཾ་དང་སྡིགས་མཛུབ་མཛད་པ། ལྷོ་ནུབ་དུ་རིགས་ཀྱི་མགོན་པོ་དམར་ནག་བེར་ཅོན་དང་སྡིགས་མཛུབ་མཛད་པ། ནུབ་བྱང་དུ་ཡ་ཙ་འཁྱིལ་བ་དམར་ལྗང་རལ་གྲི་དང་སྡིགས་མཛུབ་མཛད་པ། བྱང་ཤར་དུ་རྟོགས་པ་ཀུན་འཇོམས་དཀར་ལྗང་ཐོད་དབྱུག་དང་སྡིགས་མཛུབ་མཛད་པ༑ འོག་ཕྱོགས་སུ་རྡོ་རྗེ་གཏུམ་པོ་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། ཀུན་ཀྱང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པ། བསྐལ་བའི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་ཆེ་བརྗིད་འགྱིང་སྟོབས་དང་ལྡན་པ། དེའི་ཕྱི་རིམ་དུ་ཕྱོགས་སྐྱོང་བ་བཅུའི་ཚོགས་དང་བཅས་ཏེ་བཞུགས་པའི་ཞལ་ནས་མི་སྲུན་རབ་ཏུ་ཁྲོས་པའི་ཚུལ་གྱིས་དྲག་པོའི་གཟུངས་སྔགས་འདི་གསུངས་སོ།   །བསྭོ་ༀཱ་ན་མ་བཛྲ། ཀྲོ་ཏ་ཀྲོ་ཏ། ཏ་ཧ་ཏ་ཧ། དྲུང་མུ་དྲུངམུ་༑ སྤོ་ཏ་སྤོ་ཏ། གྲྀ་ན་གྲྀ་ན། ཙཀྲ་ཙཀྲ། ཏི་སྟ་ཏིསྟ། ཧུ་ལུ་ཧུ་ལུ། ཚིན་ངྷ་ཚིན་ངྷ། བྷིན་ངྷ་བྷིན་ངྷ། བཛྲ་བཛྲ་ཧཱུཾ་ཕཊཿ བསྭོ་བཛྲ་ཀྲོ་ཏ་ཀྲོ་ཏ་མ་ར་ཡ་ཧཱུཾ་ཕཊཿ ཏ་ཧ་ཏ་ཧ་མ་ར་ཡ་ཧཱུཾ་ཕཊཿ དྲུང་མི་དྲུང་མི་མ་ར་ཡ་ཧཱུཾ་ཕཊཿ སྤོ་ཏ་སྤོ་ཏ་མ་ར་ཡ་ཧཱུཾ་ཕཊཿ གྲྀ་ན་གྲྀ་ན་མ་ར་ཡ་ཧཱུཾ་ཕཊཿ ཙཀྲ་ཙཀྲ་མ་ར་ཡ་ཧཱུཾ་ཕཊཿ ཏི་སྟ་ཏི་སྟ་མ་ར་ཡ་ཧཱུཾ་ཕཊཿ ཧུ་ལུ་ཧུ་ལུ་མ་ར་ཡ་ཧཱུཾ་ཕཊཿ ཚིན་ངྷ་ཚིན་ངྷ་མ་ར་ཡ་ཧཱུཾ་ཕཊཿ བྷིན་ངྷ་བྷིན་ངྷ་མ་ར་ཡ་ཧཱུཾ་ཕཊཿ བཛྲ་བཛྲ་མ་ར་ཡ་ཧཱུཾ་ཕཊཿ ཝེར་རོ་ཝེར་རོ་མ་ར་ཡ་ཧཱུཾ་ཕཊཿ བསྭོ་ༀཱ་ཏྲི་ཤུ་པ་ལ་ཡ་མ་ན་ག་ཡཀྵྲ་ཨག་ནེ་རཀྵ་ཡ་བ་རུ་ཏྲི། སད་ཝེར་སྭ་སྟི། གནོད་བྱེད་ཀྱི་སྲོག་ལ་ཨ་མུ་ཁ་མ་ར་ཡ་ལྷན། བསྭོ་ༀཱ་མ་ཧཱ་ཡཀྵ་བྷིད་ཀྵ་ས་མ་ཡ་ཧཱུཾ་ཕཊཿ སད་དོ་ཚིན་ངྷ་མ་ར་ཡ་ཧཱུཾ་ཕཊཿ སད་མིད་སྭ་ཏི་མ་ར་་མ་ར་ཡ་ཧཱུཾ་ཕཊཿ  གེ་ཡོ་གུ་ནོ་མ་ར་ཡ་ཧཱུཾ་ཕཊཿ གེ་དུ་ཙ་ཏྲི་མ་ར་ཡ་ཧཱུཾ་ཕཊཿ ཛ་ཅི་རུ་ཏྲི་མ་ར་ཡ་ཧཱུཾ་ཕཊཿ ཨ་རྒེ་དྲི་ཤམ་མ་ར་ཡ་ཧཱུཾ་ཕཊཿ ར་ཙ་ཀིང་ཀང་མ་ར་ཡ་ཧཱུཾ་ཕཊཿ ན་ག་སརྦ་མ་ར་ཡ་ཧཱུཾ་ཕཊཿ གྱི་གྲན་ཤུ་ནུག་མ་ར་ཡ་ཧཱུཾ་ཕཊཿ གནོད་བྱེད་འབྱུང་པོ་ཨ་ཁ་མ་ར་ཡ་ཧཱུཾ་ཕཊཿ བསྭོ་ༀཱ་ན་མ་ཨ་དཀར་ཨུ་ཡ། ནེ་ཏིང་རཊྞ་ཏྲ་ཡ་ཧཱུཾ་ཕཊཿ མ་ཧཱ་ཡཀྵ་བྷིད་ཀྵ་ས་མ་ཡ་ཧཱུཾ་ཕཊཿ བསྭོ་ༀཱ་བཛྲ་ཀྲོ་ཏ་ཀྲོ་ཏ། ཏ་ཧ་ཏ་ཧ། དྲུང་མུ་དྲུང་མུ། སྤོ་ཏ་སྤོ་ཏ། གྲྀ་ཎ་གྲྀ་ན། ཙཀྲ་ཙཀྲ། ཏི་སྟ་ཏི་སྟ། ཧུ་ལུ་ཧུ་ལུ། ཚིན་ངྷ་ཚིན་ངྷ། བྷིན་ངྷ་བྷིན་ངྷ། བཛྲ་བཛྲ། གུ་ཧྱ་ཡ་ས་མ་ཡ་ཧཱུཾ་ཕཊཿ ན་མ་བྷིད་ལོ་ཤུ་ངྷེ་ཤུ་ངྷེ། སརྦ་སྭ་ཏི། ཧྲི་ངྷ་ཡ་ཧྲི་ངྷ་ཡ། ངྷ་ན་ངྷ་ན། བ་ཧཱ་ཚིན་ངྷ་ཡ། ཁྲི་མཾ་ཨགྱོ་ནེ་སང་ནེ་ཏིང།  ཏིང་ལམ་སད་དོ། ཧ་ར་ཧ་ར། པྲ་མོ་ཧ་ར། རྐོ་ཕུང་ཧ་ར། ཨཀྵོ་ཧ་ར། ཨ་དུག་ཧ་ར༑ ཤུ་ངྷོ་ཤུངྷོ། ས་མ་ཡ། ཤུངྷོ། ཨ་བྷ་བ། སྭ་བྷ་བ། བྷི་ཤུངྷོ། སརྦ་སྭ་ཏི་ཧ་ར་བྷིད་ལོ། རྐོ་ཕུང་ཤུངྷོ། ཨཀྵོ་ཤུངྷོ་ཧུ་དུག་ཤུངྷོ། སད་དོ་བྷ་བ་ཤུངྷོ། སད་མིན་ཝེར་རོ། ཤུད་ལ་ཝེར་རོ། ཏྲི་ཤུ་པ་ལ་ཡ་མ། ངྷ་ཏྲི་པོ་ཡ། རཀྵ་ན་ག་ཨཀྵ་ཤུངྷོ། ཨག་ནེ་ར་ཙ་ཡ་བ། སལེ་སངེ་ཡ། རཀྵ་རུ་ཏྲི་མ་མ་སངས་གསལ་སྭཱཧྭཱ། ན་མ་ཧ་ར་ཀྵ་ཡ། ཨ་དཀར་ཨུ་དུག་ཀྵ་ཡ། གནོད་བྱེད་འབྱུང་པོ་ཨ་མུ་ཁ་མ་ར་ཡ། ཏི་སྟ་ཛ་ལེ་ཛ་ལེ་ཨ་མྲི་ཏེ་ཧཱུཾ་ཕཊཿ ཕན་ཡོན་ནི།   གང་ཞིག་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་ཀུན་ལས་ཐར་བྱེད་ཅིང་། །ནད་དང་གནོད་པ་ཞི་བ་དང་། །རྐྱེན་དང་བར་ཆོད་ཟློག་བྱེད་ནས། །གཡུང་དྲུང་རྣམ་པར་འཇོམས་པ་ཡི། །གསང་སྔགས་རིགས་སྔགས་ཐམས་ཅད་ཀྱི། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཡང་དག་གྲུབ་པ་དཔལ་གྱི་བརྒྱན། །མདོ་སྡེ་འདི་ཉིད་གཉན་པར་བྱ། །མདོ་སྡེ་འདི་ཉིད་མོས་པ་ཡི། །མདོ་སྡེ་འདི་ཉིད་སྤྱོད་བྱས་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ལྷ་དང་ལྷ་མིན་གནོད་པ་དང་། །ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི། །ཤ་ཟ་སྲིན་པོ་རོ་ལང་སོགས། །འབྱུང་པོའི་ཚོགས་རྣམས་མ་ལུས་པར། །གང་ཞིག་གང་ལ་གནོད་པ་ཡི། ཕ་རོལ་བྱད་དང་རྦོད་གཏོང་རྣམས། །འདི་ཡི་མཐུ་ཡིས་བཟློག་པར་གྱུར། །རྒྱུད་དང་རྐྱེན་ལས་གྱུར་བ་ཡི། །རླུང་མཁྲིས་བད་ཀན་ཁྲག་ལ་སོགས། །འདུ་བ་རྣམ་བཞི་འཁྲུགས་པ་དང་། ནད་རིགས་སུམ་བརྒྱ་དྲུག་ཅུ་ཡང་། སྐད་ཅིག་ཉིད་ལ་ཞི་བར་འགྱུར་། །སྨེ་མནོལ་མི་གཙང་བག་ཆགས་དང་། །གཙང་རིགས་ལྷ་ལ་མནོལ་བ་ཡང་། །ཐབ་གཞོབ་འཁོན་དང་དབལ་ལ་སོགས། །དམེ་དང་གྲིབ་ལས་གྱུར་བ་ཡིས། །མི་གཙང་ལས་གྱུར་བག་ཆགས་རྣམས། །གཟུངས་སྔགས་འདི་ཡིས་དག་པར་འགྱུར། །ཚེ་ཟད་པ་དང་ཚེ་ཉམས་པ། །དབང་པོ་ཉམས་དང་སྡུག་བསྔལ་སྦྱོངས། །མི་གཙང་ཉམས་གྲིབ་ཕོག་གྱུར་ན། །དྲི་མེད་རྣམ་དག་ཤེལ་དཀར་དང་། །རིན་ཆེན་མུ་མེན་ཙན་དན་ལྗོན། །རཏྞ་རྫ་ཡི་བུམ་པ་རུ། །གཙང་མའི་ཆུ་དང་སྨན་སྦྱར་ནས། གཟུངས་སྔགས་འདི་ཉིད་བརྗོད་བྱས་ཏེ། །དུས་བཟང་རྟག་ཏུ་ཁྲུས་བྱེད་ན། །ནད་དང་གནོད་པ་ཞི་བ་དང་། །རྐྱེན་དང་བ་ཆོད་བཟློག་པར་གྱུར། །སྨེ་མནོལ་མི་གཙང་བག་ཆགས་དང་། །ཉམས་ཆགས་དྲི་བ་དག་པར་འགྱུར། །ཚེ་རབས་བསགས་པའི་སྒྲིབ་དག་ནས། །སྡིག་པ་ཀུན་ལ་རྣམ་པར་ཐར། །གཟུངས་ཀྱི་རྒྱལ་པོ་འདི་ཉིད་ནི། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །གཡུང་དྲུང་རྣམ་འཇོམས་བཟླས་ནས་ནི། །སྐལ་ལྡན་རྟག་ཏུ་ཁྲུས་ཀྱིས་ཤིག །བསྭོ་ༀཱ་ན་མ་སརྦ་ཏ་ཐཱ་ག་ཏ་ཤུ་ལ་བྷིད་ལོ། ཤུངྷོ་ཚངས་ལ་གུ་དུན་སལེ་སངེ་ཡེ་སྭཱཧྭཱ། ཅེས་བརྗོད་པས། སྔོན་གྱི་ནད་གདོན་གྱིས་བྱབས་ཤུལ་རྣམས་དག་ནས་ཤེལ་དཀར་གྱི་བུམ་པ་ཆུ་ལས་བྱུང་བ་ལྟར་ནད་གདོན་གྱི་རྗེས་ཤུལ་དག་ནས་ཤངས་ལམ་དང་སེར་སྣེ་རུ། འབྱུང་པོའི་སྣ་ལ་རྩི་བར་ཆགས་ནས་མེད་པ་བཞིན་དུ། རྡུལ་ཕྲན་ཙམ་ཡང་མ་ལུས་པ་དག་སྟེ། །སྐྱོན་གྱིས་མ་གོས་པར་བསམ་མོ། །དགེའོ།། བཀྲ་ཤིས་སོ།།


苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章