དམ་ཅན་རྒྱ་མཚོའི་སྤྱི་བསྐང་བཞུགས་སོ།།

文摘   文学   2024-09-18 14:28   青海  

 



 བསྭོ། མཁའ་ཀློང་ཡངས་པའི་གནས་མཆོག་གི །དུར་ཁྲོད་ཆེན་པོའི་ཕོ་བྲང་ན། །གསས་མཁར་གཉན་གྱི་མངའ་བདག་མོ། །སྲིད་པའི་རྒྱལ་མོ་འགྲན་ཟླ་མེད། །ལྗང་ནག་དབུ་བརྒྱ་ཕྱག་སྟོང་མ། །དབུ་བརྒྱ་ཁྱུང་གི་དབུ་འདྲེན་ཞིང་། །དབུ་བརྙན་སྣ་ཚོགས་དུ་མར་སྟོན། །རྩ་ཞལ་ཁྲོ་མོ་ཡུམ་བཅུའི་ཞལ། །ཕྱག་སྟོང་འཇིགས་པའི་མཚོན་ཆ་བསྣམས། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་བརྒྱ་འདོར་སྟབས་གདན་ལ་བཞུགས། །བཞེངས་ཤིག་དབང་སྡུད་ཟིལ་གྱིས་གནོན། །ཞི་རྒྱས་དབང་དྲག་མ་མོའི་ཚོགས། །བྱེ་བ་གྲངས་འདས་འཁོར་གྱིས་བསྐོར། །སྤྲུལ་བའི་རྒྱལ་མོ་སྡེ་བརྒྱད་ནི། །མཁའ་འགྱིང་ལྷ་མོ་ཞི་བའི་ཡུམ། །དུས་ཡུམ་ལྷ་མོ་རྒྱས་པའི་ཡུམ། །བཀའ་གསང་ལྷ་མོ་དབང་གི་ཡུམ། །བདེ་འགྲོ་གསང་ཡུམ་དྲག་པོའི་ཡུམ། །རྒྱལ་མོ་རྣམ་གསུམ་བྱ་ར་མ༑ ༑རྫུ་འཕྲུལ་སྨན་བཞི་བཀའ་ཡི་གྲོགས། །སྒྲ་བླའི་རྒྱལ་མོ་འགྲན་ཟླ་མེད། །མ་བདུད་ཁྲོ་གཉེར་སྲིད་པའི་རྒྱལ། །མ་ཚོགས་རང་རང་འབུམ་དང་བཅས། །བཀའ་ཉན་ལས་བྱེད་སྡེ་བརྒྱད་ནི། །གཤིན་རྗེ་རྒྱལ་པོ་མཐུ་བོ་ཆེ། །དགྲ་བདུད་འབྱམས་པ་སྒྲ་བླའི་མགོན། །ཆེ་བཙན་དམག་དཔོན་ཡང་ནི་ཝེར། །ཨ་བསྭེ་རྒྱལ་བ་དགྲ་འདུལ་རྩལ། །ཉི་པང་སད་ཝེར་སྲིད་གསུམ་བདག །རྨ་གཉན་པོམ་ར་ཡུལ་ལྷའི་རྒྱལ། །རྣམ་མང་ཐོས་སྲས་ནོར་ལྷའི་གཙོ། །གཏེར་བདག་སྐྱེས་བུ་མྱུར་མགྱོགས་ཅན། །རང་རང་ལས་བྱེད་འབུམ་དང་བཅས། །ཡེ་ཤེས་རྫུ་འཕྲུལ་ལས་གྲུབ་པའི། །དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས། །དབྱིངས་ནས་ཐུགས་དམ་རྒྱུད་སྐུལ་ཞིང། །མཁའ་ལ་རང་བཞིན་མངའ་གསོལ་ལོ། །ཀློང་འདིར་སྡང་དགྲ་གདོན་བགེགས་ཀྱི། །ཤ་ཁྲག་དམར་ལ་ད་རོལ་ཅིག །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༑ ༑ཁས་བླངས་དམ་བཅས་མ་བསྙེལ་བར། །འདིར་བྱོན་རྒྱན་གྱི་གཏོར་མ་བཞེས། །གཡུང་དྲུང་བོན་གྱི་བསྟན་པ་སྲུངས། །སྒྲུབ་གཤེན་བདག་གི་སྡོང་གྲོགས་མཛོད། །དགྲ་བགེགས་ལོག་འདྲེན་དབང་དུ་སྡུས་། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章