༄༅།།གེ་ཁོད་གསང་བ་དྲག་ཆེན་གི་སྒྲུབ་གཞུང་ཞེས་བྱ་བ་བཞུགས་སོ།།

文摘   2024-09-09 17:11   青海  

༄༅།།གེ་ཁོད་གསང་བ་དྲག་ཆེན་ལྡོག་མེད་གསེར་གྱི་སྤུ་གྲིའི་སྒྲུབ་གཞུང་ཞེས་བྱ་བ་བཞུགས་སོ།། 

  ཞང་ཞུང་སྨར་གྱི་སྐད་དུ་ན། སད་ཝེར་གེ་ཁོད་ལེ་ལོ་ད་དོད་ཅི།སྤུ་རྒྱལ་བོད་ཀྱི་སྐད་དུ་ན།ལྷ་རྒྱལ་བདུད་འདུལ་མཐུ་བོ་ཆེ་ཞེས་བྱ།།དབལན་གེ་ཁོད་སྐུ་ལ་ཕྱག་འཚལ་ལོ།།བདུད་འདུལ་གསང་བ་དྲག་ཆེན་གྱི།།འཕྲིན་ལས་རིམ་པ་སྟོན་ཏེ།།ལུང་དང་མཐུན་པའི་གནས་དེ་རུ།།གླུད་གཏོར་གསེར་སྐྱེམས་བདེན་པ་བདར།།ས་གཞི་ཚན་དང་ཁྲུས་ཀྱི་གདབ།།གནས་ཀྱི་ཕྱི་རུ་ཐོ་བཞི་བརྩེགས།།ཕྱོགས་བཞི་རྒྱལ་པོ་བཞི་རུ་ཡང་།།མངའ་གསོལ་བྱ་ལ་འདི་སྐད་དོ།།བསྭོ་ཤར་ཕྱོགས་རྒྱལ་པོ་དྲི་ཟ་འདུལ།།འཁོར་ཡང་དྲི་ཟ་འབུམ་གྱིས་བསྐོར།།ལས་སུ་ཞང་ཞུང་བོན་གྱི་བསྟན་པ་སྐྱོངས།།ཁྱེད་ཀྱི་ཤར་ཕྱོགས་དྲི་ཟའི་གདོན་སྲུངས་ཤིག།།ཉེ་ལོ་ཡོ་ཝེར་རོ་ཁི་ཁར་འདུ།དྲི་ཟ་ཤག་དུལ་ཐོ་ཡེ་ཐུན།བསྭོ་བྱང་ཕྱོགས་རྒྱལ་པོ་གནོད་སྦྱིན་འདུལ།།འཁོར་ཡང་གནོད་སྦྱིན་འབུམ་གྱིས་བསྐོར།།ལས་སུ་ཞང་ཞུང་བོན་གྱི་བསྟན་པ་སྐྱོངས།།ཁྱེད་ཀྱི་བྱང་ཕྱོགས་གནོད་སྦྱིན་གདོན་སྲུངས་ཤིག།།ཉེ་ལོ་ཡོ་ཝེར་རོ་ཁི་ཁར་འདུ།གནོད་སྦྱིན་ཤག་དུལ་ཐོ་ཡེ་ཐུན།བསྭོ་ནུབ་ཕྱོགས་རྒྱལ་པོ་ཀླུ་དབང་འདུལ།།འཁོར་ཡང་ཀླུ་དབང་འབུམ་གྱིས་བསྐོར།།ལས་སུ་ཞང་ཞུང་བོན་གྱི་བསྟན་པ་སྐྱོངས།།ཁྱེད་ཀྱི་ནུབ་ཕྱོགས་ཀླུ་དབང་གདོན་སྲུངས་ཤིག།།ཉེ་ལོ་ཡོ་ཝེར་རོ་ཁི་ཁར་འདུ།ན་ག་ཤག་དུལ་ཐོ་ཡེ་ཐུན།བསྭོ་ལྷོ་ཕྱོགས་རྒྱལ་པོ་གཤིན་རྗེ་འདུལ།།འཁོར་ཡང་གཤིན་རྗེ་འབུམ་གྱིས་བསྐོར།།ལས་སུ་ཞང་ཞུང་བོན་གྱི་བསྟན་པ་སྐྱོངས།།ཁྱེད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་གདོན་སྲུངས་ཤིག།།ཉེ་ལོ་ཡོ་ཝེར་རོ་ཁི་ཁར་འདུ།།ཡ་མ་གཤིན་རྗེ་ཤག་དུལ་ཐོ་ཡེ་ཐུན།ཅེས་པས་ཕྱི་མཚམས་དྲག་ཏུ་བཅད།དེ་ནས་བཀྲ་ཤིས་ས་གཙང་ལ།དཀྱིལ་འཁོར་རྒྱ་རུ་འདོམ་གང་ལ།དཔངས་སུ་ཁྲུ་གང་ཡོད་པར་བརྩེགས།ཕྱོགས་མཚམས་མ་འདྲེས་ལེགས་བྱས་ལ།ཨེ་ཏིང་བུར་ཧྲིག་ཡུ་སལ།ལན་གསུམ་བརྗོད་ལ་གཙོས་ཁྲག་སོགས།གཙང་ཁྲག་དག་གིས་ཆག་ཆག་གདབ།ཨེ་བུན་ནེ་གྲམ་གྲམ་སལ་སལ།ལན་གསུམ་བརྗོད་ལ་གངས་ཚན་སོགས་ཚན་སྤོས་རྣམས་ཀྱིས་ཆག་ཆག་གདབ།བསྭོ་རང་བཞིན་ཡེ་ནས་དག་པ་ཡི།།བདུད་འདུལ་གསང་བའི་གཞལ་ཡས་ལ།།ཆག་ཆག་གདབ་ལྟ་མི་འཚལ་ཏེ།།བདུད་བགེགས་གེ་ཤན་བཏུལ་བ་དང་།།ལོག་རྟོག་སྐྱོན་གྱི་དྲི་མ་དག་བྱའི་ཕྱིར།།གཙང་ཚན་དྲི་བཟང་འབྲི་དཀར་འོ་མ་ཡིས།།བདུད་འདུལ་ལྷ་ཡི་དཀྱིལ་འཁོར་ཆག་ཆག་གདབ།།ཨེ་བྲུཾ་དྭང་ར་དྲུང་མུ་སད་དོ་གུ་ཤུད་དྷོ་སང་སང་ཡེ་སྭཧཱ།ཞེས་བརྗོད་འབྲི་དཀར་འོ་མ་ལས་སོགས་རྩི་སྨན་ཆུ་ཡིས་ཆག་ཆག་གདབ།ཧ་ར་སད་ལ་ཨ་ཏི་ཁི་ཁར་སྤུངས།ཞེས་པས་ལན་གསུམ་བརྗོད་པ་ཡིས།བདག་ཉིད་ཨ་ཏི་མུ་ཝེར་གསལ་གདབ་ལ།ཐིག་གདབ་པ་ནི་འདི་སྐད་དོ།།བསྭོ་དབྱིངས་ཀྱི་གསས་ཁང་གཞལ་ཡས་ལ།།མཚན་མའི་ཐིག་གདབ་མི་འཚལ་ཏེ།།དབྱིངས་ལས་ཡེ་ཤེས་སྤྲུལ་པའི་ཕྱིར།།དབྱིངས་དང་ཡེ་ཤེས་སྦྱར་བའི་མཁའ་ཀློང་ནས།།ཡེ་ཤེས་ལྔ་ལྡན་གསལ་བའི་ཐིག་གདབ་པས།།བདུད་འདུལ་ལྷ་ཡི་དཀྱིལ་འཁོར་གསལ་གྱུར་ཅིག།།ཧ་ར་ཁི་ཁར་ལིག་མུར་སད་རཾ་ཨེ་བྲུཾ།དེ་སྐད་བརྗོད་ལ་ཐིག་གདབ་བོ།།དེ་ནས་ས་ཚོན་བྱིན་གྱིས་བརླབས་པ་ནི།ཧ་ར་སད་སྨར་ལིགཨེ་མུ་རི་ཡཾ་ལི་ཕྱོད།རཾ་ནེ་ར།ཁཾ་ཏིང་ཞི།ལམ་སླས་ཞི།ལིག་མུ་སད་རཾ་ཨེ་བྲུཾ།ཞེས་བརྗོད་དབང་དྲག་འབར་བའི་གཞལ་ཡས་སུ།མེ་རི་ཡེ་ཤེས་འོད་དུ་འཁྱིལ།ཙོ་དབལ་ཐོག་སེར་གསས་ཁང་དུ།བྱིན་གྱིས་བརླབས་ལ་གཞལ་ཡས་བྲིས།ནང་མཚམས་མེ་རི་དབལ་མཚམས་ཀྱིས།བར་དུ་གཅོད་པའི་བགེགས་བསྐྲད་དེ།བདུད་འདུལ་དྲག་ཆེན་གསལ་གདབ་ལ།།བསྭོ་གེ་ཁོད་བདུད་འདུལ་རྔམ་པའི་སྐུ།།ཐུགས་ལས་ཙོ་དབལ་བསྲེགས་པའི་མེ་དཔུང་འབར།།གཏར་ཚན་ཐུ་ལུམ་མེ་སྟག་ཚྭ་ཚྭ་འཕྲོ།།ཤར་ཕྱོགས་དབལ་མེ་དཀར་སེར་འབར།།དྲི་ཟ་དྲང་སྲོང་གདོན་རྣམས་བསྲེགས།།བྱང་ཕྱོགས་དབལ་མེ་སྔོ་ལྗང་འབར།།གནོད་སྦྱིན་འབྱུང་པོའི་གདོན་རྣམས་བསྲེགས།།ནུབ་ཕྱོགས་དབལ་མེ་དམར་ནག་འབར།།ཀླུ་དབང་ཆུ་བདག་གདོན་རྣམས་བསྲེགས།།ལྷོ་ཕྱོགས་དབལ་མེ་གཡུ་འོད་འབར།།གཤིན་རྗེ་སྲིན་པོའི་གདོན་རྣམས་བསྲེགས།སྟེང་ཕྱོགས་དབལ་མེ་མཐིང་ནག་འབར།།ཡ་བདུད་རུ་ཏྲའི་གདོན་རྣམས་བསྲེགས།།འོག་ཕྱོགས་དབལ་མེ་དམར་སྨུག་འབར།ས་བདག་ཀླུ་གཉན་གདོན་རྣམས་བསྲེགས།།དུད་པ་གཡུ་འོད་སྲིད་རྩེར་འཁྱིལ།།མེ་སྟག་ཚྭ་ཚྭ་སྐར་ལྟར་འཕྲོ།།མེ་འོད་སྟོང་གསུམ་འཚིག་བསྲེགས་འབར།།བགེགས་དང་བར་ཆོད་འབྱུང་པོའི་ཚོགས།།མེ་རི་དབལ་འབར་བསྲེགས་པའི་མཚམས་ལས་མ་འདའ་ཞིག།།འདས་ན་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ།།བསྭོ་ཧ་ལ་ཤག་དུལ་དུལ།བསྭོ་ནེ་རཾ་དུལ་དུལ།དམུ་རི་ནེ་རཾ་ཁ་ཙེ་ཤག་རྩེ་དུལ་དུལ།རཾ་རཾ་ཁྲུན་རཾ་རཾ།ཞེས་བརྗོད་པས།བགེགས་རྣམས་འཚིག་པར་བསམ།དེ་ནས་ཚན་གྱིས་བསང་བ་ནི།བསྭོ་བདུད་རྩི་རྩ་བརྒྱད་ཆུ་རྒྱུན་དང་།།མཁན་སྤོས་དྲི་ལྡན་དུད་པ་ཡིས།།གཞལ་ཡས་ཁང་དང་མཆོད་རྫས་དང་།།རྟེན་དང་གཤེན་མཆེད་མ་ལུས་པ།།དག་ཅིང་གཙང་མའི་མཆོག་གྱུར་ཅིག།།བསྭོ་ཨཱོྃ་གུ་ཤུད་དྷོ་བུན་ནེ་སང་སང་སལ།ཞེས་བརྗོད་དག་པའི་རྫས་སུ་བསམ།དེ་ནས་གཞལ་ཡས་མངའ་གསོལ་བ་ནི།ས་ཚོན་རིན་ཆེན་སྣ་ལྔ་འདི།།ཐོག་སེར་མེ་དབལ་ཉི་ཟླའི་འོད།།ཡེ་ཤེས་མེ་རི་འཁྱིལ་འབར་བས།།གཞལ་ཡས་ཆེན་པོར་བྱིན་བརླབ་ཅིང་།།གསས་ཁང་ཆེན་པོར་མངའ་ཡང་གསོལ།།ཨེ་བྲུཾ་ཐོག་རཾ་ནེ་ར་ཧ་ར་ནེ་རཾ་ཁི་ཁར་གསལ།ལྷ་རུ་མངའ་གསོལ་འདི་སྐད་དོ།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ་ཁི་ཁར་འདུ།གྱེར་ཁོད་ལམ་ཞུང་ཅི།གྱེར་ཁོད་ལུམ་ཞུང་ཅི།ཧ་པྲ་ཏ་པུ་ཅི།རུ་ཏྲ་ཡང་ལ་ཆེམ།ལེན་བརྒྱ་ཝང་ཅི་ན།ལན་བརྒྱ་རྒྱུང་ནེ་སྤུངས།ནི་ལོ་རྒྱུངས་སྤུངས་ཅི།ནི་ལོ་ཡུ་སྤུངས་ཅི།ཟངས་རྩལ་གེ་ཏོ་མེན།གྲན་གྱག་ཁོད་མ་ཧྲིགནམ་གྱག་ཏྲི་ན་ཧྲིགགེ་ལོ་མོ་ཟངས་ཧྲིག་ཅི་ན།ཉེ་ལོ་ཨ་རང་ཐད་ཅི་ན།ཨུར་ཅི་སྨྲེ་མ་ཐད་རང་ནི།རུ་རྒྱུང་ཅི་ན་ཐད་མེན།ཤག་ཏག་ཅི་ནི་ལོ།སུ་བུལ་ནལ་ཅི་ན།ཡུ་སྤུངས་རྦད་ཁ་ལོ་ལེ་ན།ཟངས་རྦག་ལག་ཅི་ནི།ཕྲུག་ལག་ཨུ་རཾ་སྤུངས།མུ་ཕཊ༔ཕཊ༔ཁྱུང་ཁྱུང་ཧ་ཧ་ཧྲིག་རྦད།གེ་ཁོད་སྤུངས་སོ་ཁི་ཁར་འདུ།ཞེས་ལན་གསུམ་བརྗོད་པ་ཡིས།རྩ་བའི་ལྷ་འཁོར་སྤྲུལ་པ་དང་བཅས་པ།སྐུ་བསྐྱེད་མངའ་གསོལ་གསལ་བར་བསམ།ཕྱག་ཆ་རྫས་ཀྱི་མངའ་གསོལ་ལ།བསྭོ་གྲན་བགེགས་སྒྲོལ་བའི་མཚོན་ཆ་ནི།།ཤ་འབལ་ཁ་རྩེ་མདུང་དང་གྲི།།རྣི་རྩེ་ལྕགས་སྒྲོགས་རྣོ་མཚོན་ཕུར་པ་དང།།གསོད་གཅོད་གཏུབ་པའི་མཚོན་ཆ་ལ།།གྲན་བགེགས་སྒྲོལ་བར་མངའ་ཡང་གསོལ།།ཧྲིག་ཀ་སོ་ཡ་ཤ་འབལ་ཁ་རྩེ་སྣི་རྩེ་ཤག་ཁི་ཁར་ཧྲིལ།།བསྭོ་ཉུངས་ཀར་ཀེ་ཙེ་ཤང་ཙེ་འདི།།བདུད་འདུལ་དྲག་ཆེན་ཞལ་ཆབ་འདྲིལ་ལ་སྲིད།།རྫུ་འཕྲུལ་མཐུ་ཡིས་གྲན་བགེགས་མགོ་ལུས་འབྱེད།།བདུད་འདུལ་སྤྲུལ་པའི་ཕོ་ཉར་མངའ་གསོལ་ལོ།།བསྭོ་གེ་ཁོད་གསེར་བཙོ་ཤར་ཤར་ཁི་ཁར་ཧྲིལ།།བསྭོ་ཟངས་ལྕགས་གསེར་ཁྲབ་ཕུར་པའི་ཐུན།།གེ་ཤན་གྲན་ཁམས་ཆམ་ལ་འབེབས་པར་མངའ་གསོལ་ལོ།།བསྭོ་ཨེ་ཐུན་གསེར་ཙོ་ཧྲིལ་ཐུན་ཁི་ཁར་ཧྲིལ།དུག་ཁྲག་མྱོས་བྱེད་སྒྲོལ་བའི་རྫས།།གྲན་བགེགས་གེ་ཤན་གསོད་པའི་ངར་དང་ལྡན།།གྲན་བགེགས་གེ་ཤན་མྱོས་ཤིང་བརླག་པར་མངའ་གསོལ་ལོ།།གྲན་ལ་ཧྲིག་ཐུན་ཁི་ཁར་ཧྲིལ།།བདུད་འདུལ་དྲག་ཆེན་སྤྲུལ་པའི་མཚོན།།ཝེར་ཧྲིམ་དྲག་པོའི་ཐུན་ཟོར་རྫས།།རྒྱུད་མེད་གཞུ་དང་ལྟོང་མེད་མདའ།།གྲན་ཁམས་བདུད་དང་བགེགས་རིགས་རྣམས།།བཟློག་སྒྲོལ་གསོད་པའི་ཕོ་ཉར་མངའ་གསོལ་ལོ།།ཧྲི་ཀ་སོ་ཡ་ཝེར་ཧྲིམ་ཁི་ཁར་ཧྲིལ།།བདུད་འདུལ་དྲག་ཆེན་སྤྲུལ་པ་ལས།།གྲན་བགེགས་འཆིང་སྡོམ་བྱེད་པ་ཡི།།དམེ་ཐག་བྱད་དུ་འཇུག་པའི་རྫས།།གྲན་བགེགས་གེ་ཤན་མི་གཏོང་བྱད་དུ་འཇུག་པའི་མངའ་གསོལ་ལོ།།ཧྲིག་ཐུན་གྲན་ལ་ཧྲིག་ཆིང་ཁི་ཁར་འདུ།ཞེས་པས་སོ་སོར་མངའ་གསོལ་ལོ།དེ་ནས་རྒྱན་རྫས་འགོད་པ་ནི།ཨེ་བོན་ཉིད་དབྱིངས་ནས་ལྷུན་གནས་སྐུ།།ཨ་ཏི་མུ་ཝེར་ཡེ་ཤེས་ལྷ་ཡི་རྒྱལ།།སྐུ་གསུང་ཐུགས་ལས་ཡེ་ཤེས་ཆུ་རྒྱུན་བབས།།འགྲོ་དོན་རྒྱ་ལག་ཕྱད་པའི་ཕྱིར།།གཞལ་ཡས་བུམ་པར་བྱིན་བརླབས་ནས།།དཀྱིལ་འཁོར་ཆེན་པོར་བཞག་པར་བྱའོ།།ཨེ་ཨ་ཧ་ར་ཁི་ཁར་འདུ་བྲུཾ་འདུ་ཨཱོྃ་ལྷན།ཞེས་བྱ་བུམ་པ་དབུས་སུ་བཀོད།བསྭོ་བོན་སྐུ་ལོངས་སྐུ་སྤྲུལ་པའི་སྐུ།ལས་ཀྱི་ལྷ་དང་ཡུམ་བཞིར་བཅས།།སྤྲུལ་པ་བྱེ་བ་འབུམ་ཕྲག་འགྱེད།།ལུས་ངག་ཡིད་གསུམ་ལྷ་རུ་བསྒྲུབ་པ་དང།།སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་དང་།།བདུད་འདུལ་གེ་ཁོད་བྱིན་རླབས་བླང་བའི་ཕྱིར།།གཞལ་ཡས་དབུས་སུ་བཞུགས་སུ་གསོལ།།ཅེས་ཕྱི་ནང་རྫས་ཀུན་བཀྲམ།དེ་ནས་ཅུང་ཞིག་སྤྲོ་བ་ནི།ཨེ་སྣང་སྲིད་འཁྲོས་པའི་གཞལ་ཡས་ཁང་།།ཙོ་དབལ་ཐོག་སེར་མེ་རིའི་གཞལ་ཡས་སུ།།སེང་གླང་སྟག་དང་རྟ་མཆོག་དང་།།ཆུ་སྲིན་ལས་ཀྱི་གདན་སྟེངས་སུ།།སྲིན་པོ་བདུད་དང་ཆུ་བདག་དང་།།དྲེགས་པ་རྣམས་ཀྱི་གདན་སྟེངས་སུ།།དབལ་ཆེན་ཁྲོ་རྔམ་ཡབ་ཡུམ་དང་།།འཁོར་གྱི་ཁྲོ་བོ་ཁྲོ་མོ་སོགས།།ཡེ་ཤེས་ལས་དང་རྫུ་འཕྲུལ་གྱི།།ཕོ་ཉ་ལས་བྱེད་འཁོར་བཅས་རྣམས།གསས་ཁང་གདན་ལ་བཞུགས་སུ་གསོལ།།ཨེ་ཨ་ཧ་ཧེ་ཧོ་ཁི་ཁར་འདུ་ལྷན།ཞེས་པས་མདའ་དར་དབུས་སུ་གཟུག་གོ།ཨེ་གཞལ་ཡས་ཕྱི་ཁྱམས་གསས་ཁང་དུ།།བདུད་འདུལ་གེ་ཁོད་ལས་བྱེད་ནི།།སྤྲུལ་པའི་ལས་མཁན་ཕོ་ཉ་དང་།།མ་མོ་སྒོ་མ་སྤྲུལ་པར་བཅས།།ལས་རྣམས་མཛད་ཕྱིར་བཞུགས་སུ་གསོལ།།ཨེ་ཨ་ཧ་ཧེ་ཧོ།།ཞེས་པས་རྟེན་རྫས་སོ་སོར་བཀྲམ།ཨེ་བདུད་འདུལ་རྔམ་པ་འཁོར་བཅས་ཀྱི།།ཐུགས་དམ་དབྱིངས་སུ་བསྐང་བ་དང་།།སྒྲུབ་གཤེན་དངོས་གྲུབ་ཞུ་བའི་ཕྱིར།།མཆོད་རྫས་བྱེ་བྲག་ཅི་སྙེད་རྣམས།།གསས་ཁང་རྒྱན་དུ་བཀྲམ་པར་བྱའོ།།ཨེ་ཨ་ཧ་ལོ་ཨེ་ལྷན།ཞེས་པས་མཆོད་རྫས་སོ་སོར་བཀྲམ།དེ་ནས་གསང་སྒོར་ཞུགས་པ་ནི།ཚན་བཏབ་ཞུ་གསོལ་གནང་ལེན་དང་།མེ་ཏོག་སྐྱུར་དང་ལྷ་ཞལ་བསྟན།གསང་མཚན་གདག་དང་སྙིང་པོ་འབོགམཚན་ལྟས་བརྟགས་རྣམས་རྒྱུད་བཞིན་ནོ།།དེ་ནས་མུ་ཝེར་གསལ་གདབ་ལ།གསང་མཚམས་བཅད་པ་འདི་སྐད་དོ།།བསྭོ་ང་ནི་དབལ་ཆེན་གསང་བ་སྟེ།།ང་ཡི་ཐུགས་ཀྱི་སྤྲུལ་པ་དང་།།ཁྲོ་བདག་སྐུ་ལས་སྤྲུལ་པ་ནི།།སྐུ་ལྷ་རྔམ་ཆེན་འབར་བའི་སྐུ།།ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་འབར།།གསེར་ཆེན་ཙོ་དམར་མདངས་དང་ལྡན།།མི་སྲུན་དྲག་པོའི་ང་རོ་ཅན།།ཕྱག་མཚན་སྤྲུལ་པའི་མཚོན་ཆ་འདེབས།།ཐོག་སེར་བུ་ཡུག་རླུང་ལྟར་འཚུབ།།ཤར་ཕྱོགས་དྲི་ཟ་ལོག་འདྲེན་ཚོགས།།དྲག་པོའི་མཚམས་ལས་མ་འདའ་ཞིག།།ཐོག་མདའ་ཙོ་དམར་བུ་ཡུག་གིས།།རང་དབང་མེད་པར་བརླགས་པར་བྱའོ།།བསྭོ་ཨཱོྃ་ཨེ་རཾ་ཙ་ལ་ཙ་ལ་ཕཊ༔༔བསྭོ་ང་ནི་དབལ་ཆེན་གསང་བ་སྟེ།།ང་ཡི་ཐུགས་ཀྱི་སྤྲུལ་པ་དང་།།ཁྲོ་བདག་ལས་ལ་སྤྲུལ་པ་ནི།།སྐུ་ལྷ་དྲག་ཆེན་རྔམ་པའི་སྐུ།།ཞལ་གསུམ་ཕྱག་དྲུག་འབར་བ་ལ།།ནམ་མཁའ་ཡངས་པའི་མདོག་ལྡན་པ།།མི་སྲུན་དྲག་པོའི་ང་རོ་འབོད།།ཕྱག་མཚན་སྤྲུལ་པའི་སེར་ཆེན་བསྒྲིལ།།ཁྲག་སེར་ལས་ལ་ཐོགས་པ་མེད།།བྱང་ཕྱོགས་གནོད་སྦྱིན་ལོག་ལྟའི་ཚོགས།།དྲག་པོའི་མཚམས་ལས་མ་འདའ་ཅིག།།ཁྲག་སེར་ཐོག་གི་བུ་ཡུག་གིས།།རང་དབང་མེད་པར་བརླག་པར་བྱའོ།།བསྭོ་ཨཱོྃ་ཨེ་རཾ་ཙ་ལ་ཙ་ལ་ཕཊ༔བསྭོ་ང་ནི་དབལ་ཆེན་གསང་བ་སྟེ།།ང་ཡི་ཐུགས་ཀྱི་སྤྲུལ་པ་དང་།།ཁྲོ་བདག་གསུང་གི་སྤྲུལ་པ་ནི།།སྐུ་ལྷ་དབང་དྲག་འབར་བའི་སྐུ།།ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་འབར།།མེ་འོད་འབར་བའི་ཚྭ་ཚྭ་འཕྲོ།།མི་སྲུན་གཏུམ་མཆོང་དྲག་ཏུ་བྱེད།།ཕྱག་མཚན་མེ་ཡི་ཚྭ་ཚྭ་ཡིས།།བསྲེག་པའི་ལས་ལ་ཐོགས་པ་མེད།།ནུབ་ཕྱོགས་ཀླུ་དབང་ལས་ཀྱི་ཚོགས།།སྤྲུལ་པའི་མཚམས་ལས་མ་འདའ་ཞིག།།ཚྭ་ཚྭ་དབལ་གྱི་མེ་རི་ཡིས།།རང་དབང་མེད་པར་བརླག་པར་བྱའོ།།བསྭོ་ཨཱོྃ་ཨེ་རཾ་ཙ་ལ་ཙ་ལ་ཕཊ༔བསྭོ་ང་ནི་དབལ་ཆེན་གསང་བ་སྟེ།།ང་ཡི་ཐུགས་ཀྱི་སྤྲུལ་པ་ལས།།ཁྲོ་བདག་འཕྲིན་ལས་སྤྲུལ་པ་ནི།།སྐུ་ལྷ་ཆུ་སྲིན་རྔམ་པའི་སྐུ།།ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་འབར།།སྐུ་མདོག་སྔོ་དམར་མདངས་དང་ལྡན།།མི་སྲུན་དྲག་པོའི་ང་རོ་ཅན།།ཕྱག་མཚན་སྤྲུལ་པའི་དབལ་ཆུ་བསྐོལ།།གཡེང་བའི་ལས་ལ་ཐོགས་པ་མེད།།ལྷོ་ཕྱོགས་གཤིན་རྗེ་ལོག་འདྲེན་ཚོགས།།    དྲག་པོའི་མཚམས་ལས་མ་འདའ་ཞིག།།དབལ་ཆུ་ཁོལ་མའི་རྦ་ཀློང་གིས།།རང་དབང་མེད་པར་བརླག་པར་བྱའོ།།བསྭོ་ཨཱོྃ་ཨེ་རཾ་ཙ་ལ་ཙ་ལ་ཕཊ༔བསྭོ་ང་ནི་དབལ་ཆེན་གསང་བ་སྟེ།།ང་ཡི་ཐུགས་ཀྱི་སྤྲུལ་པ་ལས་།།ཁྲོ་བདག་ཡོན་ཏན་སྤྲུལ་པ་ནི།།སྐུ་ལྷ་དབལ་ཆེན་གེ་ཁོད་ནི།།ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་འབར།།སྐུ་ནི་འགྱིང་བག་འཁྲོས་པའི་ཚུལ།།སྐུ་མདོག་གངས་དཀར་འཚེར་བ་ལ།།ཕྱག་མཚན་དབལ་གྱི་ཚྭ་ཚྭ་འཕྲོ།།འཐོར་བྱེད་ལས་ལ་ཐོགས་པ་མེད།།མཚམས་བཞི་ལོག་འདྲེན་བགེགས་ཀྱི་ཚོགས།།དྲག་པོའི་མཚམས་ལས་མ་འདའ་ཞིག།།མཚོན་ཆ་སྤྲུལ་པའི་ཆར་ཆེན་གྱིས།།རང་དབང་མེད་པར་བརླག་པར་བྱའོ།།བསྭོ་ཨཱོྃ་ཨེ་རཾ་ཙ་ལ་ཙ་ལ་ཕཊ༔ཅེས་པས་གསང་མཚམས་དྲག་ཏུ་བཅད།དེ་ནས་ཏིང་འཛིན་རིམ་པ་ནི།ཨེ་ཐུགས་ཉིད་བདེ་བའི་ངང་ཉིད་ལས།།མ་བཅོས་ཡེ་ཤེས་ཉག་གཅིག་སེམས།།མ་གཡོས་གསལ་བར་དེ་བཞིན་བསྒོམ།།ཨཿཨེ་ཀུན་གཞི་ཡེ་ཤེས་བྱང་ཆུབ་སེམས།།རང་བཞིན་ལྷུན་ལས་གྲུབ་པའི་མཆོག།།རྣམ་རྟོག་མི་མངའ་ཀུན་ཏུ་སྣང་།།ཚད་མེད་གྲུབ་པར་ཀུན་སྣང་བསྒོམ།།ཨེ་ཨ།ཨེ་བསྐལ་པ་དབང་དྲག་འབར་བའི་ཀློང་།།མེ་རི་ཡེ་ཤེས་འོད་དུ་འཁྱིལ།།དཀར་སེར་དམར་ལྗང་མཐིང་ནག་ལ།།ཐོག་སེར་འབར་བའི་གཞལ་ཡས་བསྒོམ།།ཨེ་བྲུཾ།གཞལ་ཡས་ཐོག་གི་ར་བ་ལ།ཐོག་སེར་གྱི་འོད་འཕྲོ་བར་བསྐྱེད་དོ།།དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ།ཨེ་རཾ་ཧ་ར་ཉི་རི་མ་བྲུཾ་ཏྲང་།ཨེ་རིན་ཆེན་འབར་བའི་གཏོར་གཞོང་དུ།།ལོངས་སྤྱོད་འབྲུ་མཆོག་གཏེར་གྱི་ཚོགས།།རཾ་ཡྃ་ཁྃ་གིས་བསྲེགས་སྦྱང་གིས།སྟོང་གསུམ་གང་བར་བསྐྱེད་པར་བྱའོ།།ཞེས་པས་ཏིང་འཛིན་གསལ་གདབ་བོ།དེ་ནས་གདན་འབུལ་ཏེ།ཨེ་སྣང་སྲིད་འཁྲོས་པའི་གསས་ཁང་དུ།།དབལ་ཆེན་ཁྲོ་རྔམ་ཡབ་ཡུམ་དང་།།འཁོར་གྱི་ཁྲོ་བོ་ལས་སོགས་ལ།།སེང་གླང་སྟག་དང་རྟ་མཆོག་དང་།།ཆུ་སྲིན་ལས་ཀྱི་གདན་སྟེངས་སུ།།སྲིན་པོ་བདུད་དང་ཆུ་བདག་དང་།།དྲེགས་པ་རྣམས་ཀྱི་གདན་འབུལ་གྱིས།།དགོངས་ཤིང་གཟིགས་ལ་བཞེས་སུ་གསོལ།།ཐུགས་རྗེས་དགོངས་ལ་བཞུགས་སུ་གསོལ།།ཨེ་ཨ་ཧ་ཧེ་ཧོ།།ཞེས་བཞུགས་སུ་གསོལ།དེ་ནས་སྤྱན་དྲང་སྟེ།ཨེཿབསྐལ་པ་དབང་དྲག་འབར་བའི་གཞལ་ཡས་ཀྱིས།།ཐུགས་རྗེ་འོད་ཀྱི་ར་བ་འབར་བ་ལ།།ཉི་ཟླ་གསལ་འཚེར་རིག་པའི་གནས་མཆོག་ནས།།དབལ་ཆེན་གེ་ཁོད་འཁོར་བཅས་རྣམས།།དྲི་མེད་ལས་ལ་སྤྲུལ་པའི་གསས་མཁར་དུ།།མདངས་དང་ཆས་ཏེ་འཁོར་བཅས་གཤེགས་སུ་གསོལ།།གཉིས་མེད་ལས་ཀྱི་དོན་ཕྱིར་བཞུགས་སུ་གསོལ།།བསྭོ་ཨཱོྃ་གེ་ཁོད་སད་ཝེར་དེ་མིན་གྱེར་སྤུངས་ཛ་ཛ།བསྭོ་མ་གཡེལ་ཞང་ཞུང་སྨར་གྱི་ལྷ།།བདུད་འདུལ་གེ་ཁོད་འཁོར་དང་བཅས།།བོན་ཉིད་ངང་ལས་ཐུགས་རྗེ་ཤར།།མ་འགགས་སྤྲུལ་པ་སྣ་ཚོགས་འབྱུང་།།    སྤྲུལ་པའི་གེ་ཁོད་དབལ་གྱི་ལྷ།།གཙོ་དང་འཁོར་དུ་བཅས་པ་ཡིས།།ཞང་ཞུང་ཡུལ་གྱི་ལྷ་འཁོར་རྣམས།།ཙོ་དང་ཐིས་ཀྱི་ལས་ལ་སྤྱན་འདྲེན་ན།།ཤེལ་གྱེར་སྐྱོབས་པའི་སྲུང་མར་གཤེགས་སུ་གསོལ།།གེ་ཤན་དུན་ཙེ་བསྒྲལ་བའི་དུས་ལ་བབ།གེ་ཁོད་ཨ་ཧེ་ཧོ་ཧྲིག་གསལ་ལྷན།དེ་ནས་ཕྱག་འཚལ་སྟེ།ཨེ་ཨ་ཐུགས་ཉིད་མི་གཡོ་མཉམ་པའི་སྐུ།།ཨ་ཏི་མུ་ཝེར་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཡེ་ཤེས་དབྱིངས་ལས་གསལ་རྫོགས་ཤིང་།།ཐུགས་རྗེ་ཐབས་དང་ལྡན་པ་ཡི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཐབས་དང་རྫུ་འཕྲུལ་ལྡན་པ་ཡི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།མི་གཡོ་ངང་དང་ལྡན་པ་ཡི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།སྣང་གྲགས་རང་བཞིན་མེད་པ་ཡི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཅིར་ཡང་སྣང་ཏེ་སྤྲུལ་པ་སྟོན།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཐུགས་རྗེའི་མངའ་བདག་འགྲོ་བ་འདྲེན།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཟག་མེད་སྤྲོས་དང་བྲལ་བ་ཡི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཡངས་པའི་ངང་ལ་ཀུན་གནས་ཤིང་།།ཐུགས་ཉིད་ངང་ལ་མི་གཡོ་བའི།།དབལ་ཆེན་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཡེ་ནས་ཀུན་གཞི་བྱང་ཆུབ་སེམས།།འབྱུང་བའི་ཡུམ་བཞི་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཡེ་དག་ཁྲོ་རྔམ་མི་གནས་ཀྱང་།།འགྲོ་བའི་དོན་དུ་ཁྲོ་གཏུམ་སྐུ།།སྤྲུལ་པའི་ཁྱེའུ་ཆུང་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཐུགས་རྗེས་གཡེལ་བར་མི་མཛད་ཅིང་།།དངོས་གྲུབ་ཡལ་བར་མི་འགྱུར་བའི།།སྒོ་མ་ཡུམ་བཞི་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།གཉིས་མེད་ངང་ལ་མཉམ་འགྱུར་ཞིང་།།ཅིར་ཡང་མི་དམིགས་མཉམ་པའི་སྐུ།།ཡེ་ཤེས་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།     དྲག་རྩལ་སྐུ་ལ་མེ་རི་འབར།།ལས་ཀྱི་ཉམས་པ་བསྲེགས་པར་བྱེད།།སྤྲུལ་པའི་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།འོད་ཟེར་ལས་ལ་ཁྲོ་བོར་སྤྲུལ།།ལོག་ལྟ་ཉམས་པ་ཚར་གཅོད་པའི།།ལས་ཀྱི་གེ་ཁོད་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ཁྱེད་ཀྱི་ཐུགས་རྗེའི་འོད་སྤྲོས་ལ།།སྤྲུལ་པ་ཐབས་ལ་མཁས་པ་ཡི།ཀུ་བྱི་མང་ཀེ་འཁོར་བཅས་ལ།།ཕྱག་འཚལ་དྭངས་བས་སྐྱབས་སུ་མཆི།།ལས་ཀྱི་སྒྲིབ་པ་དག་ནས་ཀྱང་།།གེ་ཁོད་ལྷ་ཞལ་མཐོང་བར་ཤོག།།དེ་ནས་བཤགས་པ་འབུལ་ཏེ།ཨེ་ཨ་ན་མོ་དུས་གསུམ་བདེར་གཤེགས་གསན་ཞིང་དགོངས་སུ་གསོལ།།བདག་ཅག་མ་རིག་ཤ་ཡི་ལུས།།གདོས་ལུས་ཉོན་མོངས་དབང་དུ་གྱུར་ལགས་པས།།ཡེ་ཤེས་སྐུ་ལྔའི་དོན་དང་མ་ལྡན་ཞིང་།།འཁྲུལ་རྟོག་ཉོན་མོངས་དག་དང་ལྡན་པ་རྣམས།།དུས་གསུམ་བདེར་གཤེགས་རྣམས་ལ་བཤགས་པ་འབུལ།།སྐུ་ལྔ་རང་ལ་གསལ་བའི་དངོས་གྲུབ་སྩོལ།།ཐུགས་རྗེ་ཐབས་ཀྱི་ལས་སྤྱོད་མ་ལྡན་ཞིང་།།ཉོན་མོངས་བདག་གིར་བཟུང་བའི་ང་རྒྱལ་གྱིས།།བདག་བསྟོད་གཞན་ལ་སྨད་པར་གྱུར་པ་ཡི།།ལོག་ལྟའི་ལས་བྱས་ལྷ་ལ་ཉེས་པ་ཤོར།།ཨ་ཏི་མུ་ཝེར་སྐུ་ལ་བཟོད་པར་གསོལ།།མི་འགྱུར་ངང་ལ་མཉམ་པའི་དངོས་གྲུབ་སྩོལ།།ཐུགས་རྗེ་སྟོབས་ལྡན་སྐུ་དང་མི་མཉམ་པར།།མ་རིག་ཞེ་སྡང་ལས་ཀྱིས་བསགས་པ་ཡི།།གསད་བཅད་རྒྱུ་ལ་འབག་པའི་ལོག་པ་རྣམས།།དབལ་ཆེན་གེ་ཁོད་སྐུ་ལ་མཐོལ་ལོ་བཤགས།།ཐུགས་རྗེ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ།།རང་སེམས་གཞི་ལ་བསགས་པའི་བག་ཆགས་རྣམས།།ཐུགས་རྗེ་ལྷ་དང་གཉིས་མེད་མཉམ་ལགས་པ།།རང་སེམས་དབང་གིས་སྤངས་བྱ་ཡིན་པར་གོ།གེ་ཁོད་རྩ་བའི་ལྷ་ལ་མཐོལ་ལོ་བཤགས།།རང་ངོ་རང་གིས་ཤེས་པའི་དངོས་གྲུབ་སྩོལ།།རང་ལས་སྐྱེས་པའི་ཉོན་མོངས་ཞེ་སྡང་གི།བྱམས་སེམས་མ་ལྡན་གསད་བཅད་སྲོག་ལ་འབག།།གེ་ཁོད་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས།།བྱམས་སེམས་ཐུགས་རྗེ་ལྡན་པའི་དངོས་གྲུབ་སྩོལ།།ཡེ་ཤེས་གསལ་བའི་ངང་ཉིད་མ་ལྡན་པས།།གཏི་མུག་འཁྲུལ་རྟོག་ལས་ལ་ལེ་ལོ་ཤོར།།བཀོལ་སྤྱད་ལས་བྱས་ལྷ་ལ་ལོག་པར་གོལ།།གེ་ཁོད་རྩ་བའི་ལྷ་ལ་མཐོལ་ལོ་བཤགས།།ཡེ་ཤེས་ཀུན་གསལ་ངང་གི་དངོས་གྲུབ་སྩོལ།།ཞི་སེམས་ལྡན་པར་སྨྲ་བར་མ་གྱུར་ཏེ།།ང་རྒྱལ་དོམ་ཆོལ་ཚིག་གིས་ཟུག་རྔུ་བསགས།།འཁྲུལ་རྟོག་ངག་གིས་ལས་ཀྱི་ལྐུགས་པར་གྱུར།།གེ་ཁོད་རྩ་བའི་ལྷ་ལ་མཐོལ་ལོ་བཤགས།།བདེན་ཚིག་ངག་སྙན་ལྡན་པའི་དངོས་གྲུབ་སྩོལ།།སྦྱིན་མཆོག་དད་པའི་སེམས་དང་མ་ལྡན་པས།།འདོད་ཆགས་ཁོང་ཁྲོའི་དབང་དུ་གྱུར་པ་ཡི།།འདོད་ཁྲོ་ལོག་པས་ལས་ཀྱི་སྲིན་པོར་གྱུར།།གེ་ཁོད་རྩ་བའི་ལྷ་ལ་མཐོལ་ལོ་བཤགས།།སྦྱིན་པ་ཆར་ཆེན་འབེབས་པའི་དངོས་གྲུབ་སྩོལ།།ལྷ་སེམས་ཡངས་པའི་བློ་རུ་མ་གྱུར་པས།།ཕྲག་དོག་དབང་གི་བདག་བསྟོད་གཞན་སྨད་གྱུར།།མཐའ་འཁོབ་མི་ཡི་གནས་སུ་ནམ་ཡང་སྐྱེ།།གེ་ཁོད་རྩ་བའི་ལྷ་ལ་མཐོལ་ལོ་བཤགས།།ལྷ་སེམས་བདེ་ཡངས་ཆེན་པོའི་དངོས་གྲུབ་སྩོལ།།འབྱུང་ལྔ་ཡེ་ཤེས་སྣོད་དུ་གསལ་བ་ལ།།ལས་ཀྱི་དབང་གིས་ཤ་ཁྲག་དྲོད་དབུགས་བཟུང་།།ལོག་པར་བསྐལ་བས་ཡེ་ཤེས་མི་འཆར་ཏེ།།འབྱུང་བ་ཡུམ་བཞིའི་སྐུ་ལ་མཐོལ་ལོ་བཤགས།།འབྱུང་བཞི་གནས་དག་བདེ་ཆེན་དངོས་གྲུབ་སྩོལ།།འབྱུང་བཞི་ཐུགས་རྗེ་ངང་དང་མི་ལྡན་པས།།དུས་བཞིའི་ཆ་ལ་རང་བཞིན་མ་རྫོགས་ཤིང་།།སྒྱུ་མའི་ལུས་བཟུང་དག་ཏུ་བཟུང་བ་རྣམས།།དུས་བཞི་སྒོ་མ་བཞི་ལ་མཐོལ་ལོ་བཤགས།།སྣང་སྲིད་དབང་དུ་འདུས་པའི་དངོས་གྲུབ་སྩོལ།།ཐུགས་རྗེ་ལས་ལ་སྤྲུལ་པའི་སྲས་མཆོག་བཞི།།རྔམ་པའི་གཟུགས་བསྟན་ཁྲོ་བོའི་ལས་མཛད་པའི།།དགྲ་བགེགས་ལས་ལ་མངགས་པའི་ལས་མཁན་རྣམས།།ཁྲག་མཚོ་ཉུང་ཞིང་ཤ་རི་ཆུང་བ་རྣམས།།སྤྲུལ་པའི་ཁྱེའུ་ཆུང་བཞི་ལ་མཐོལ་ལོ་བཤགས།།སྦྱིན་པ་ཆར་ཆེན་འབེབ་པའི་དངོས་གྲུབ་སྩོལ།།བདེན་དང་མི་བདེན་ཚིག་ལ་གཉིས་མེད་པར།།རང་བཞིན་ཡེ་ནས་ཐབས་དང་མི་ལྡན་པས།།ཀུ་བྱི་མང་སྐེའི་ཐུགས་དང་ཅི་འགལ་བ།།ཐུགས་ཉིད་མཉམ་པའི་ངང་དུ་མཐོལ་ལོ་བཤགས།།ལས་རྣམས་ཐུགས་རྗེས་གྲུབ་པའི་དངོས་གྲུབ་སྩོལ།།ཨེ་ཨ།དེ་ནས་མཚམས་བཅད་དེ།ཨེ་གསང་བའི་གཞལ་ཡས་གཉེན་པོ་འདིར།།དབལ་ཆེན་ཐོག་གི་ར་བ་ལ།།དབལ་གྱི་ཚྭ་ཚྭ་ཐོག་སེར་འཕྲོ།།ལས་ཀྱི་ཉམས་པའི་སྙིང་ནས་བསྲེགས།།ལས་ཀྱི་ཉམས་པ་རྡུལ་དུ་བརློགདབལ་ཆེན་གསང་བའི་གྱད་མཚམས་འདིར།།ཀུན་ཀྱང་ཞི་ཞིང་བརླག་པར་བྱའོ།།ཨེ་ཨ་རཾ་ཛ་ལ་ཛ་ལ་ཤག་བྷྱོ།དེ་ནས་རྣམ་བརྒྱད་འབུལ་ཏེ།ཨེ་མ་ཐབས་ཆེན་ལྷ་ཡི་ངང་ཉིད་ལས།།རིག་པའི་ཡེ་ཤེས་བཅུད་ཤར་བས།།ཉི་ཟླ་གཟའ་སྐར་འོད་ཀྱི་ཚོགས།།གསལ་བ་ལམ་གྱི་སྒྲོན་མར་འབུལ།།གླིང་གྲགས་ཐབས་ལྡན་སྟོང་གསུམ་སྒྲ།།ཚངས་པ་ཡེ་ཤེས་སྒྲ་རུ་འབུལ།།མཆོག་ལྡན་དྲི་མཆོག་ཨ་ཀ་རུ།།དྲི་བདའ་སྤོས་ཀྱི་མཆོད་པ་འབུལ།།ཞལ་ཟས་བདུད་རྩི་རོ་མཆོག་དང་།།སྣ་ཚོགས་ལྡན་པའི་བདུད་རྩི་འདི།།རོ་ལྡན་ལྗགས་ལ་མཆོད་པ་འབུལ།།བདེ་ལྡན་ཡིད་འོང་ལྷབ་ལྷུབ་རེག་འཇམ་གོས།།གཉིས་མེད་མཉམ་པར་ཁྱེད་ལ་འབུལ།།དྲོད་དང་རླན་ལས་མདངས་བསྐྱེད་པའི།།མཛེས་པའི་མེ་ཏོག་ལྷ་ཡི་རྒྱན།།རྒྱན་དང་མདངས་དང་འོད་ལས་སོགས།།རྩ་གཟུགས་སྦུ་གུར་དོད་པ་ཡི།།ལྷ་རྒྱན་མཆོད་པ་ཡིད་འོང་འདི།།གཉིས་མེད་མཉམ་པར་ཁྱེད་ལ་འབུལ།།སྣང་སྲིད་རྒྱུ་བག་ལས་ལ་བསྒྱུར།ཐེ་ཐབས་རིན་ཆེན་བཅུད་ཀྱི་བདག།།འཁྲིལ་དང་སྦྱོར་དང་སྒྱུར་བ་ཡི།།ཐེ་ཐབས་གར་གྱི་མཆོད་པ་འདི།།གཉིས་མེད་མཉམ་པར་ཁྱེད་ལ་འབུལ།།སྣ་ཚོགས་ལས་ལ་གྲུབ་པ་ཡི།།ཟད་མེད་རིན་ཆེན་གཏེར་ལ་སྤྱོད།།འདོད་སྤྱོད་རིན་ཆེན་རྒྱུའི་ཚོགས།།གཉིས་མེད་མཉམ་པར་ཁྱེད་ལ་འབུལ།།དགྱེས་པར་དགོངས་ལ་བཞེས་སུ་གསོལ།།ཨེ་ཨ་ཧ་ལོ་ཨེ།དེ་ནས་སྨན་མཆོད་འབུལ་ཏེ།ཨེ་འཁར་བ་སྣོད་བཟང་མུ་མེན་དང་།།རྣམ་དག་ཨུན་དང་བསེ་ཁབ་དང་།།ཟངས་ལྕགས་རིན་ཆེན་སྣོད་བཟང་དུ།།རྩ་ལྔ་ལག་དང་བརྒྱད་སྦྱར་ནས།།རྩ་བརྒྱད་སྟོང་ལ་སྦྱར་བ་ཡི།།མ་ལུས་འདུས་པའི་ཐིག་ལེ་འདི།།ཨ་ཏི་མུ་ཝེར་ལས་སོགས་ཏེ།།དྲག་པོ་བདུད་འདུལ་སྐུ་ལ་མཆོད་པ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།བྱང་སེམས་ཡེ་ཤེས་ཡབ་ཀྱི་མཁའ།།རགྟ་ཤེས་རབ་ཡུམ་གྱི་དབྱིངས།།དྲི་ཆེན་ཀུན་གཞི་བྱང་ཆུབ་སེམས།།དྲི་ཆུ་རྒྱུན་མེད་ཐབས་དང་ལྡན།།གསང་ཤ་རིག་པ་ཐབས་ཀྱི་བདག།།སྐུ་ལྔ་ཐབས་དང་ལྡན་པ་ཡི།།གཏིང་རྫོགས་རྩ་བའི་སྨན་མཆོད་འདི།།ཨ་ཏི་མུ་ཝེར་ལས་སོགས་ཏེ།།ཡེ་ཤེས་གེ་ཁོད་ལྷ་ལ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།བསེ་ཕོར་རིན་ཆེན་གཙང་མ་རུ།།འབྲུ་དང་མེ་ཏོག་བཅུད་ཕྱུང་བའི།།ལས་ལ་གྲུབ་པའི་བདུད་རྩི་འདི།།སྤྲུལ་པའི་གེ་ཁོད་ལྷ་ལ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།རིན་ཆེན་ལྔ་ལ་གྲུབ་པ་ཡི།།རིན་ཆེན་མཛེས་པའི་སྣོད་བཟང་དུ།།འབྲུ་བཅུད་གཙང་མའི་སྨན་སྦྱར་ནས།།ལས་ཀྱི་གེ་ཁོད་ལྷ་ལ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།ཐབས་ལྡན་ལས་ཀྱི་བཟེད་ཞལ་དུ།།མཉམ་ཉིད་གསོས་ཀྱི་བདུད་རྩི་བླུག།།འབྱུང་བ་ཡུམ་བཞིའི་སྐུ་ལ་མཆོད་པ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།རང་བཞིན་ལྷུན་གྱིས་གྲུབ་པའི་སྣོད་བཟང་དུ།།སྙིང་པོ་བཅུད་བསྡུས་བདུད་རྩིའི་བཀང་།།དུས་བཞི་སྒོ་མ་བཞི་ལ་མཆོད་པ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།དྲག་པོ་གནམ་ལྕགས་འབར་བའི་བཟེད་ཞལ་དུ།གཉིས་མེད་མཉམ་པའི་བདུད་རྩིའི་བཀང་།།སྤྲུལ་པའི་ཁྱེའུ་ཆུང་སྐུ་ལ་མཆོད་པ་འབུལ།།ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ།།རྣམ་དག་དྲི་མེད་ཡེ་ཤེས་ལྔ་ལྡན་པའི།།སྤྱོད་དག་ཉམས་ང་མེད་པའི་བདུད་རྩི་འདི།།ཀུ་བྱི་མང་ཀེའི་སྐུ་ལ་མཆོད་པ་འབུལ།།བདུད་བཞི་ཟིལ་གྱིས་གནོན་ཕྱིར་བཞེས་གསོལ།།ཨེ་ཨ་མ་བ་བཱ་དེ་ན་ར་ས་ཡ་ན་བསྭོ་ཐཱ་ཁ་ཧཱི།དེ་ནས་དངོས་གྲུབ་ལེན་ཏེ།ཨེ་སྣང་སྲིད་ཕྱི་ཡི་དངོས་གྲུབ་ཏུ།།སྐྱེ་འགྲོ་བཅུད་རྣམས་དངོས་གྲུབ་མཆོག།།འབྱུང་བ་ནང་གི་དངོས་གྲུབ་ཏུ།།ཤ་ཁྲག་དྲོད་དབུགས་དངོས་གྲུབ་མཆོགཐབས་ཤེས་གསང་བའི་དངོས་གྲུབ་ཏུ།།ཐིག་ལེ་བདེ་གསལ་དངོས་གྲུབ་མཆོག།།སྐུ་གསུམ་ལྷུན་ལ་རྫོགས་པའི་དངོས་གྲུབ་བདག་ལ་སྩོལ།།རྩ་བ་ལྷུན་ལ་རྫོགས་པའི་དངོས་གྲུབ་བདག་ལ་སྩོལ།།ཕྲིན་ལས་ཉམས་ང་མེད་པའི་དངོས་གྲུབ་བདག་ལ་སྩོལ།།ཡན་ལག་འབད་རྩོལ་བྲལ་བའི་དངོས་གྲུབ་བདག་ལ་སྩོལ།།རྩེ་མོ་མངོན་དུ་གྲུབ་པའི་དངོས་གྲུབ་བདག་ལ་སྩོལ།།འབྲས་བུ་སྐུ་གསུམ་ལྷུན་ལ་རྫོགས་པའི་དངོས་གྲུབ་བདག་ལ་སྩོལ།།སྐུ་ལྔ་རང་ལ་ཚང་པའི་དངོས་གྲུབ་བདག་ལ་སྩོལ།འབད་མེད་དོན་རྣམས་ཚང་པའི་དངོས་གྲུབ་བདག་ལ་སྩོལ།།སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ།།ཨེ་མ་ཧོ།ཨེ་ཨ་ཧ་ཧེ་ཧོ།།དེ་ནས་གསང་བའི་སྔགས་བསྒྲུབ་བྱའོ།།རང་ལུས་ལྷ་ཡི་ཕྱག་རྒྱ་གསལ་གདབ།ངག་འཛབ་ཀྱི་ཕྱག་རྒྱས་སྤྲོ་བ་བསྐྱེད།ཡིད་ཏིང་འཛིན་གྱི་ཕྱག་རྒྱར་གསལ་གདབ་ལ་སྒྲུབ་སྟེ།དེ་ཡང་སྔགས་བསྒྲུབ་ནི།གྱེར་ཁོད་ལམ་ཞུང་ཅི།གྱེར་ཁོད་ལུམ་ཞུང་ཅི།ཧ་པྲ་ཏ་ཕུ་ཅི།རུ་པྲ་ཡང་ལ་ཆིམ།ལན་བརྒྱ་ཝང་ཅི་ན།ལེན་བརྒྱ་རྒྱུང་ནེ་སྤུངས།ནི་ལོ་རྒྱུང་སྤུངས་ཅི།ནི་ལོ་ཡུ་སྤུངས་ཅི།ཟང་རྩལ་གེ་ཏོ་མེན།གྲན་གྱག་ཁོད་མ་ཧྲིགནམ་གྱག་ཏྲི་ན་ཧྲིགགེ་ལོ་མོ་ཟངས་ཧྲིག་ཅི་ན།ཉེ་ལོ་ཨ་རང་ཐད་ཅི་ན།ཨུར་ཅི་སྨྲེ་མ་ཐད་རང་ནི།རུ་རྒྱུང་ཅི་ནི་ཐད་མེན།ཤག་ཏག་ཅི་ནི་ལོ།སུ་བུལ་ནལ་ཅི་ན།ཡུ་སྤུངས་རྦད་ཁ་ལོ་ལེ་ནི།ཟངས་རྦག་ལག་ཅི་ན།ཕྲུག་ལག་ཨུ་རཾ་སྤུངས།མུ་ཕཊ༔ཕཊ༔ཁྱུང་ཁྱུང་ཧ་ཧ་ཧྲིག་རྦད།ཅེས་དྲག་ཏུ་རྣ་རུ་ལ་བཟླས་སོ།དེ་ནས་དབྱིངས་ཀྱི་ཁྲོ་རྒྱལ་བསྐུལ་ཏེ།གསེར་རྒོད་དང་གཡུ་མངོན་དང་།དངུལ་ཕྱེ་ཆང་དང་སྦྱར་ལ་ནམ་མཁར་གཏོར་རོ།།གཡུ་ཕུད་གཙང་མའི་མཆོད་པ་འབུལ།གཏོར་མ་ལ་ཕུད་སྦྲེང་ཞིང་ཚོགས་ཀྱིས་བསྐང་བ་བྱ་སྟེ།སྤྱན་གཟིགས་སྣ་ཚོགས་ཀྱིས་སྣོད་བཀང་ལ།ཚོགས་ལ་ཚན་དང་གཡུ་ཕུད་བཏབ།སྣང་སྲིད་གང་པར་སྦྱངས་སྤེལ་བྱ་ལ་ཚོགས་ལ་སྤྱན་འདྲེན་པ་འདི་སྐད་དོ།།ཨེ་དབྱིངས་ནས་བཞུགས་པའི་ལྷ་ཆེན་ཨ་ཏི་མུ་ཝེར་དང་།།    སྤྲུལ་པ་ཐོག་ལྟར་འབེབ་པའི་གེ་ཁོད་དང་།།ལས་རྣམས་ལྷུན་གྱིས་གྲུབ་པའི་ཀུ་བྱི་དང་།།ལྷ་ལས་ཡུམ་དུ་གྱུར་པའི་ཡུམ་ལྔ་དང་།།དྲག་རྩལ་ཐོག་ལྟར་འབེབ་པའི་ཁྱེའུ་ཆུང་ཚོགས།།མི་མངོན་དབྱིངས་ནས་ཚོགས་ལ་གཤེགས་སུ་གསོལ།།སྟོང་གསུམ་འཇིག་རྟེན་གནམ་རི་ས་བྲག་རྣམས།།མཆོད་པའི་ལོངས་སྤྱོད་ཆེན་པོར་བདག་གིས་བཤམས།།ཟླ་གམ་དམར་ནག་མེ་དཔུང་འབར་བ་ནས།།ཡེ་ཤེས་ལྷ་ཆེན་ཨ་ཏི་མུ་ཝེར་དང་།།གེ་ཁོད་དྲག་པོ་བདུད་འདུལ་འཁོར་དང་བཅས།།གཙང་མ་ཞང་ཞུང་ལྷ་རིགས་འཁོར་བཅས་རྣམས།།བདག་ཅག་གཤེན་རབ་དམ་ཚིག་ལྡན་པ་ཡི།།དག་པར་བཤམས་ཤིང་དམིགས་པའི་རྒྱ་བསྐྱེད་ནས།།ལྟ་བ་དམན་པའི་ལས་ཅན་མ་ཡིན་ལ།།གཙང་ཞིང་ལྟ་བས་ལ་བཟླའི་ངང་ལ་བཞག།།དམེ་རྩོག་མེད་པར་དག་པར་ཚན་གྱིས་བཏབ།།རྒྱ་ཆེ་ཏིང་འཛིན་རོལ་པར་དམིགས་ནས་ནི།།དམ་ཚིག་རྩ་བའི་ལྷ་ལ་མཆོད་པ་འབུལ།།ཐུགས་རྗེས་དགོངས་ལ་ཞལ་གྱིས་འཛུམ་ཕྱུང་ཅིག།།དེ་ནས་གཡས་རལ་གྲི་དང་གཡོན་ལྕགས་ཀྱུའི་ཕྱག་རྒྱ་བཅའ་ཞིང་འགུག་འདྲེན་བྱ་ལ།ཨེ་གནམ་རི་ས་བྲག་རྩི་ཤིང་ནགས་ཚལ་ཀུན།།ལོངས་སྤྱོད་ལྷ་རུ་རོལ་པར་བཞེས་སུ་གསོལ།།སྣང་སྲིད་ཆགས་པའི་བཟེད་ཞལ་སྣོད་བཟང་དུ།།ལོངས་སྤྱོད་བཅུད་སྤུངས་རི་བོར་སྤུངས་ནས་ནི།།ལྟ་བའི་ཚོགས་མཆོད་ཁྱེད་ལ་མཆོད་པ་འབུལ།།དགྱེས་པར་དགོངས་ལ་བཞེས་སུ་གསོལ།།ཤ་རི་ཁྲག་མཚོ་རུས་པ་དང་།།རྐང་དང་ཚིལ་དང་ཞུན་ལ་སོགས།།བཟའ་དང་བཅའ་དང་མྱོང་བ་དང་།།མུར་དང་བཏུང་དང་བཅའ་བ་རྣམས།།གེ་ཁོད་རྩ་བའི་ལྷ་ལ་འབུལ།།དགྱེས་པར་དགོངས་ལ་བཞེས་སུ་གསོལ།།ཤ་ཟ་ཁྲག་འཐུང་ཚོགས་རྣམས་དང་།།མཉེས་པའི་མཆོག་དང་ལྡན་ནས་ཀྱང་།།བདག་ལ་དངོས་གྲུབ་སྩལ་དུ་གསོལ།།ལྷ་ཡི་ཞལ་ཟས་མཆོད་པར་བཞེས།།དཀར་གསུམ་མངར་གསུམ་རྩི་སྨན་སྦྱར།།སྤྱན་གཟིགས་ལོངས་སྤྱོད་རྒྱན་དང་ལྡན།།     མཐུན་པར་དགོངས་ལ་བཞེས་སུ་གསོལ།།ཨེ་བྲུཾ།དེ་ནས་དབྱིང་སུ་བཏབ་སྟེ།ཨེ་ལྷ་ཡི་ལོངས་སྤྱོད་ཞལ་ཟས་འདི།།གཙང་མར་བཤམས་ཀྱིས་བཞེས་སུ་གསོལ།།ཨེ་གཟུགས་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་སྤྱན་ལ་འབུལ།།བྱིན་གྱིས་བརློབས་ལ་བཞེས་སུ་གསོལ།།ཨེ་སྒྲ་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་སྙན་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་དྲི་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་ཤངས་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་རོ་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་ལྗགས་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་རེག་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་སྐུ་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་རྒྱན་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་གསུང་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་བོན་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་ཐུགས་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་གཏེར་ལས་སྤྲུལ་པའི་ཚོགས་རྣམས་ནི།།གེ་ཁོད་ལྷ་ཡི་དབྱིངས་ལ་འབུལ།།བྱིན་གྱིས་རློབས་ལ་བཞེས་སུ་གསོལ།།ཨེ་དགྲ་བགེགས་ལོག་འདྲེན་དམ་ཉམས་འདི།།དང་པོ་གཉིས་མེད་ཐུན་གྱིས་གཟིར།།དེ་ནས་ཟློག་མེད་བྱད་དུ་ཆུག།།དེ་ནས་མྱོས་ཤིང་བརྒྱལ་དུ་ཆུག།།དེ་ནས་ལས་བྱེད་གཟུགས་ལ་ཕོབ།།དེ་ནས་དྲན་པའི་སེམས་དང་ཕྲོལ།།དེ་ནས་ཤ་དང་རུས་པ་ཕྱེས།།སྤྲུལ་པའི་ཁྱེའུ་ཆུང་རྡོལ་ཐབས་ཅན།།མཆོང་རྒྱུག་འདོར་སྟབས་ལས་བྱས་ནས།།སྙིང་རྗེ་མེད་པར་བླང་ནས་ནི།།ཡེ་ཤེས་གེ་ཁོད་ཞལ་དུ་བསྟབ།དུག་ལྔ་གནས་སུ་དག་པར་མཛོད།།སྤྲུལ་པའི་གེ་ཁོད་ཞལ་དུ་བསྟབ།།བར་ཆོད་བདུད་དཔུང་ཟློག་པར་མཛོད།།ལས་ཀྱི་གེ་ཁོད་ཞལ་དུ་བསྟབ།།དགྲ་བགེགས་ལྟ་བ་གཞོམ་དུ་གསོལ།།འབྱུང་བ་ཡུམ་ལྔའི་ཞལ་དུ་བསྟབ།།འབྱུང་བ་དབྱིངས་སུ་མཁའ་ལ་མཉམ་དུ་གསོལ།།ལས་མཁན་སྤྲུལ་པའི་ཁྱེའུ་ཆུང་ཞལ་དུ་བསྟབ།།གྱི་གྲན་གཟུགས་ཀྱི་ཕུང་པོ་བཤིག་ཏུ་གསོལ།།ཚོགས་ཀྱིས་མཆོད་པ་དབྱིངས་སུ་འབུལ།མཉམས་པར་རོལ་ལ་སྨོན་ལམ་གདབ།ཨེ་དཀྱིལ་འཁོར་གསང་བ་གཏིང་རྫོགས།དྲག་པོ་བདུད་འདུལ་གྱི་ལྷ་ཚོགས།དུས་བཞི་ཀུན་ཏུ་གསལ་བའི་འབྱུང་བའི་ཡུམ་ལྔ།སྤྲུལ་པ་ལས་ཀུན་གྲུབ་པའི་ཀུ་བྱི་མང་སྐེ།དྲག་རྩལ་ཐོག་ལྟར་འབེབས་པའི་ཁྱེའུ་ཆུང།ལས་བཞི་ཀུན་ཏུ་སྙོམས་པའི་དུས་བཞི་སྒོ་སྲུང་སྙན་གསན་ཅིང་དགོངས་སུ་གསོལ།བདག་ཅག་གཤེན་པོ་ལས་ལ་ཞུགས་པ་རྣམས་ཀྱིས།ལྟ་བ་ལོག་པ་མུ་སྟེགས་ཀྱི་ལྟ་བ།སྤྱོད་པ་རྩིང་བ་དུན་ཙེའི་སྤྱོད་པ།འབྲས་བུ་ལོག་པ་རྩི་སྨན་དུག་ཏུ་བཟུང་པ་ནི་མ་མཆིས་སོ།།བརྒྱ་ལ་བྱུང་ན་གེ་ཁོད་ལྷ་ཡི་སྤྱན་སྔར་མཐོལ།སླན་ཆད་ཀྱང་སྡོམ་མོ།ཁྱེད་ལ་འཕྲིན་ལས་སུ་གསོལ་བ་ནི།མ་རིག་ལས་དང་ཉོན་མོངས་རྒྱུ།བག་ཆགས་ཐུགས་རྗེས་སྦྱང་དུ་གསོལ།གཞན་ཡང་ལས་ཀྱི་མནར་བའི་དམ་ཉམས།གཡུང་དྲུང་བོན་ལ་གནོད་ཅིང་བསྟན་པའི་སྤྱི་དགྲ།ཐུགས་རྗེ་བསྟན་པའི་གཉའ་གཅོགབདེན་པའི་བོན་ལ་སྨོད་ཅིང་ཁས་དྲག་གིས་དཔུང་པ་འཚོང་པ།མ་ལན་གྱི་ཁ་ཡོག་འབེབ་ཅིང་།དམ་ཚིག་གི་དཀྲུག་ཤིང་བྱེད་པ།ལས་དགེ་སྡིག་གི་ཤན་མི་འབྱེད་ཅིང་།དགེ་བ་ལ་བར་ཆོད་བྱེད་པའི་ཉེས་བྱེད་འདི།དང་པོ་ལྷ་དང་ཕྲོལ་ལ་ལྷ་སྡང་བདུད་དུ་ཕོབ།དེ་ནས་གཟུགས་ལ་ཕོབ་ལ་འཆོར་མེད་བྱད་དུ་སྡོམ།ཐ་མ་སྲོག་དང་ཕྲོལ་ལ་ལུས་སྲོག་དབང་པོ་ཕྱེས།འདིས་ལྷ་ལ་དོ་བསྡོས།གཤེན་ལ་འགྲན་བཙལ།བསྟན་པ་གཉེན་པོ་འདིས་གཤིགས་པས།མགོ་ལུས་སྲོག་དང་ཕྲོལ་ལ།ལུས་སྲོག་དབང་པོ་ཕྱེས།གཉིས་སུ་མེད་པར་དབྱིངས་སུ་བསྟིམ་དུ་གསོལ་ལོ།དེ་ནས་དབལ་བཤོས་ལ་མཚལ་གྱིས་ཐིག་ལེ་བཏང་ཞིང་སྐུ་བསྟོད་དེ་འདི་སྐད་དོ།།ཨེ་དབུས་ཕྱོགས་མཐིང་ནག་སྤྲུལ་པའི་དཀྱིལ་འཁོར་ནས།།བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།།མི་འགྱུར་གཡུང་དྲུང་གཏམ་པའི་གསས་མཁར་ནས།།བདུད་འདུལ་དྲག་པོ་འབར་བའི་སྐུར་བཞེངས་ལ།།མཐིང་ནག་འཁྲོས་པ་འཇིགས་བྱེད་འབར་བ་ལ།།དབུ་དགུ་འཇིགས་བྱེད་དྲེགས་པ་བདུད་ནག་འདུལ།།ལྷུ་ཐུང་སྦོམ་ལ་རགས་པས་སྲིན་པོ་བརྒྱལ།།གཡས་དཀར་གཡོན་དམར་དབུས་མཐིང་རྔམ་པའི་ཞལ།།ཞལ་གདངས་མཆེ་གཙིགས་སྤྱན་གསུམ་གྱེན་ལ་བཟློག།།སྨང་ར་ཁམ་སེར་མེ་སྟག་འཕྲོ་བའི་ཚུལ།།ཤངས་ཀྱི་ཁྲོ་གཉེར་སུམ་བརྩེགས་གྱེན་ལ་བསྒྲིག།།སྨིན་མ་གློག་སྟོང་འགྱུ་ཞིང་ཐོག་སེར་འཕྲོ།།ཞལ་གྱི་ཨེ་ལས་ཐོག་སེར་ཁྲག་ཆར་འབེབས།།ཚེམས་ལས་ཐོག་འཕྲོ་དགྲ་བགེགས་བསྒྲོལ།།ཤངས་ནས་རླུང་ནག་སུབ་མ་འཚུབ།།ལྗགས་ལས་གློག་ཆེན་སྟོང་ཁམས་ཁྱབ།།སྙན་ནས་འབྲུག་གི་སྒྲ་ཆེན་ལྡིར།།དབུ་སྐྲ་ཁྲོས་པས་སྲིན་པོའི་ཚུལ།།སྤྱི་གཙུག་ཁྱུང་ཆེན་འབར་བའི་དབུ།།རལ་པ་སྤྲིན་གཏིབ་སྟོང་གསུམ་ཁེབ།།དབུ་སྐྲ་གསེར་གྱི་ཚྭ་ཚྭ་འཕྲོ།།ཁྱུང་སྐད་ལྷང་ལྷང་སྒྲ་སྒྲོགས་པས།།རྒྱ་མཚོ་གཏིང་ནས་དཀྲུག་པར་བྱེད།།སྦྲུལ་ཆེན་རིགས་ལྔའི་དབུ་ཆིང་ལ།།ཆུ་སྲིན་པིར་གྱི་ཐོད་ཕྲིང་ཅན།།ཁྱུང་ཆེན་འབར་བའི་ཞལ་ཁ་ནས།།ཀླུ་ཆེན་རིགས་ལྔ་ཞལ་དུ་གསོལ།།ཞལ་བརྒྱད་སྡེ་བརྒྱད་གདུག་པ་འདུལ།།སྙན་ཆ་གཡུ་འབྲུག་སྔོན་པོས་བཅུས།།མེ་དཔུང་ཐོག་གི་དོ་ཤལ་ལ།།ཐོག་སེར་འཕྲོ་བས་རྒྱལ་འགོང་བསྲེགས།།སྐུ་སྟོད་ཁྱུང་ཆེན་གཤོག་པ་རྒྱས།།སྒྲོ་རྩ་དབལ་གྱི་མེ་དཔུང་འབར།།ཡ་བདུད་གཞོབ་ཏུ་བསྲེགས་པར་བྱེད།།ཁྱུང་གཤོག་ལན་གསུམ་བརྡབ་པ་ཡི།།གཤོག་རྩེ་ཐོག་གི་བུ་ཡུག་འཚུབ།།བདུད་སྲིན་ལོག་པ་གཞོབ་ཏུ་བསྲེགས།།བ་སྤུ་མེ་དཔུང་མཚོན་ཆར་འཁྲུག།།དུན་ཙེ་ཉམས་པ་ལྷ་དང་ཕྲོལ།།རྒྱལ་ཆེན་སྡེ་བཞི་ལས་ལ་འཇུག།།བཅོ་བརྒྱད་གཡས་གཡོན་དང་པོ་གཉིས།།ཡ་བདུད་མ་བདུད་ཞལ་དུ་གསོལ།།བདུད་རི་ནག་པོ་རྨིང་ནས་བསྒྱེལ།།གཡས་པ་བརྒྱད་ཀྱི་ཕྱག་མཚན་ནི།།རལ་གྲི་དགྲ་སྟ་འཁོར་ལོ་དང་།།ཐོག་མདའ་མེ་དཔུང་ཆུ་གྲི་དང་།།དབྱུག་ཐོ་འཁོར་ལོ་ཀླད་ལ་བསྐོར།།གྱི་གྲན་འབྱུང་པོ་བགེགས་ཀྱི་ཚོགས།།གཅོད་གཏུབ་དམྱལ་ཐག་གཅོད་པ་དང་།།འབུག་བསྲེགས་དུམ་བུར་བསྲེལ་བར་བྱེད།།གླད་འགེམ་མྱོས་ཤིང་བརྒྱལ་དུ་འཇུག།།གཡོན་པ་བརྒྱད་ཀྱི་ཕྱག་མཚན་ནི།།མདའ་གཞུ་ཞགས་པ་ཐོ་བ་དང་།།ལྕགས་སྒྲོགས་ལྕགས་ཀྱུ་སྣི་རྩེ་དང་།།རྣ་རུ་དབལ་ཆུ་ཁོལ་མ་ཡིས།།དབལ་ཆུ་ཁོལ་མའི་རྦ་ཀློང་འཁྲུག།།དམ་ཉམས་དགྲ་བོ་ལས་ངན་འདི།།གཟེར་དང་འཆིང་དང་བརྡུང་བ་དང་།།སྙིང་ནས་འདྲེན་ཞིང་དབུག་ལ་བཙོན།།སྡོམ་དང་འགལ་བྱེད་རྦ་ལ་གཡེང་།།ལས་ལོག་ཐལ་བ་རྡུལ་དུ་བརློག།།སྐུ་སྟོད་གླང་ཆེན་ཡ་བས་བསྐོར།།ཡ་བདུད་པགས་པའི་མཐའ་ཆག་ཅན།།དབལ་གྱི་མེ་དཔུང་འབུམ་ཚོ་འགྱེད།།བདུད་སྲིན་ལོག་པ་གཞོབ་ཏུ་བསྲེགས།།སྐུ་སྨད་སྟག་ཆེན་ཤམ་ཐབས་ལ།།གུང་རྒོད་གཟིག་གི་མཐའ་ཆག་ཅན།།གློག་དམར་འཁྱུག་པའི་སྐུ་རེགས་བཅིང་།།བ་སྤུའི་རང་བཞིན་མཚོན་ཆར་འཁྲུག།།སྡེ་བརྒྱད་ལྷ་སྲིན་བྲན་དུ་འཁོལ།།སྐུ་ལ་དབལ་གྱི་ཚྭ་ཚྭ་འཕྲོ།།སྦྲུལ་ཆེན་སྔོན་པོའི་དོ་ཤལ་ཅན།།ཕྱག་གདུབ་ཞབས་གདུབ་སྦྲུལ་གྱིས་བཅུད།།དཔུང་རྒྱན་ཁྱུང་ཆེན་འབར་བས་བརྒྱན།།ཞབས་བཞི་ཀླུ་བདུད་ནག་པོ་གཟིར།།སེང་གེ་ཆུ་སྲིན་ཁྲི་ལ་བཞུགས།།ཁྱུང་ཆེན་རིགས་ལྔ་དབུ་ལ་བརྒྱན།།ཀླུ་བདུད་ནག་པོ་ཟིལ་གྱིས་གནོན།།དབལ་ཆེན་གེ་ཁོད་བདུད་འདུལ་རྗེ།།བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ལ།།ལས་ངན་དགྲ་བགེགས་དབྱིངས་སུ་སྒྲོལ།།ཕྱོགས་བཅུ་གཡུང་དྲུང་བོན་གྱི་བསྟན་པ་སྲུངས།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ་ཨུ་ཡོ་ཐིས།།ཡུ་སྤུངས་སྨར་ལ་ཆར་ཙེ་ན།།སྨར་ལ་གྲན་ལ་ཧྲིག་ཙེ་ན།།ཙོ་ཧྲིལ་ཧ་ལ་ཧྲིག་རྩེ་ན།།ཧྲིག་མེན་གྲན་ལ་ཧྲིག།།མུ་མར་ཚལ་ཅི་ན།།ཧྲིག་གོ་སེ་སྟོ་སྨར་ལ་ཧྲིག།།སྤུངས་རྒྱུང་ཞུང་རྩེ་གྲན་ལ་ཧྲིག།།ཁོད་མར་ཞུང་རྩེ་གྲན་ལ་ཧྲིག།།མདའ་མར་ཞུང་རྩེ་གྲན་ལ་ཧྲིག།།ཙོ་དམར་སྡང་པའི་དགྲ་ལ་ཆོས།།ཨེ་དེ་དང་མཉམ་པའི་ཁྲོ་མོ་ནི།།སྒྲ་བླའི་རྒྱལ་མོ་མུ་ཙ་མེད།།ནམ་མཁའི་ཁྲོ་མོ་ཉི་མའི་འོད།།དམར་མོ་མེ་འོད་གློག་འབར་མ།།སྐུ་མདོག་དམར་མོ་བྱི་རུའི་མདངས།།དབུ་སྐྲ་དམར་སེར་མེ་འོད་འབར།།དབུ་ལ་མེ་ཤེལ་ཐོར་ཚུགས་ཅན།།ཉི་ཟླ་གསལ་བ་དབུ་ལ་བརྒྱན།།གསེར་གྱི་སྙན་ཆ་སི་ལི་ལི།།ཐོག་གི་སྨིན་མ་ཁྱུགས་སེ་ཁྱུག།།ཉི་ཟླའི་ཞལ་འོད་ཏ་ལ་ལ།།བསེ་ཡི་དོ་ཤལ་རྒྱངས་སེ་རྒྱང་།།ཞལ་གསུམ་ཕྱག་དྲུག་ཁྲོ་མོའི་ཚུལ།།གཡས་པ་ཆུ་ཤེལ་ཟླ་བའི་ཞལ།།གཡོན་པ་མེ་ཤེལ་ཉི་མའི་ཞལ།།དབུ་མ་གསེར་བཙོ་འབར་བའི་ཚུལ།།རལ་པ་སྤྲུགས་པའི་སྐྲ་གསེབ་ནས།།གསེར་འོད་ཐོག་གི་བུ་ཡུག་འཚུབས།།སྐུ་སྟོད་མེ་དར་ན་བཟའ་ལ།།གཟའ་ཆེན་བརྒྱད་ཀྱི་ཐོད་ཕྲེང་ཅན།།ཉི་ཟླ་གསལ་བའི་དཔུང་རྒྱན་ལ།།རྒྱུ་སྐར་ཉི་ཤུའི་ཟ་ར་ཚག།།སྐུ་སྨད་གློག་གི་ཤམ་བུ་ལ།།ཚྭ་ཚྭ་འཕྲོ་བའི་ཟ་ར་ཚག།།སྦྲུལ་ནག་འབར་བའི་སྐུ་རེག་བཅིང་།།ཕྱག་དྲུག་གཡས་གཡོན་དང་པོ་གཉིས།།མེ་དཔུང་གསེར་གྱི་རི་རབ་འཛིན།།ཕྱག་དྲུག་གཡས་གཡོན་བར་མ་གཉིས།།སྦྲུལ་ཞགས་ཐོག་མདའ་ཆར་ལྟར་འབེབས།།ཕྱག་དྲུག་གཡས་གཡོན་ཐ་མ་གཉིས།།གསེར་གླིང་ཕུད་རྒོད་ཡབ་ལ་བསྟོབས།།མཁའ་གསལ་ཡབ་ཀྱི་ཐུགས་དམ་བསྐང་།།གཉིས་མེད་མཉམ་པར་ཡབ་ལ་འཁྲིལ།།མཛེས་པའི་ཞལ་མདོག་ཡབ་ལ་སྟོན།།དྲག་པོའི་ཁྲོ་གཉེར་གྲན་ལ་མཛད།།བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ལ།།གྱི་གྲན་སྒྲོལ་བའི་ལས་མཛོད་ཅིག།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ།ཨུ་ཡོ་ཐིས།ཡུ་སྤུངས་སྨར་ལ་ཆར་ཙེ་ན།སྨར་ལ་གྲན་ལ་ཧྲིག་ཙེ་ན།ཙོ་ཧྲིལ་ཧ་ལ་ཧྲིབ་ཙེ་ན།ཧྲིག་མེན་གྲན་ལ་ཧྲིགམུ་མར་ཚལ་ཅི་ན།ཧྲི་གོ་སད་ཏོ་སྨར་ལ་ཧྲིགསྤུངས་རྒྱུང་ཞུང་རྩེ་གྲན་ལ་ཧྲིགཁོད་མར་ཞུང་རྩེ་གྲན་ལ་ཧྲིགམདའ་མར་ཞུང་རྩེ་གྲན་ལ་ཧྲིགཙོ་དམར་སྡང་བའི་དགྲ་ལ་ཆོས།ཨེ་ཡབ་ཡུམ་ཐུགས་ཀྱི་སྲས་མཆོག་ནི།།གྲུ་གསུམ་བསྣོལ་མའི་ཤར་ཕྱོགས་སུ།།མེ་འོད་ཐོག་གི་གསས་མཁར་ནས།།ལྷ་རྒོད་སྐུ་སྤྲུལ་དྲག་ཤུལ་ཅན།།སྤྲུལ་པ་ཀུ་བྱི་མང་སྐེ་ནི།།སྤྲུལ་པ་བསམ་མེད་ཀུན་ཏུ་གཏོང་།།ཆེ་ཆུང་ཚད་ལ་ངེས་པ་མེད།།ལས་ལ་འཇུག་ན་སྐུ་སྤྲུལ་པ།།སྐུ་ཆུང་གསེར་གྱི་མོ་འཕང་ཙམ།།ཐུགས་ཆུང་གསེར་གྱི་ཉུང་འབྲུ་ཙམ།།སྐུ་ལུས་ཐུགས་ཉིད་སྒོམ་པ་ལ།།སྐུ་མདོག་གསེར་བཙོ་མདངས་དང་ལྡན།།གཡུ་ཡི་དབུ་སྐྲ་སྨིན་མ་ཅན།།ཞལ་གཅིག་ཕྱག་གཉིས་སྤྲུལ་པའི་སྐུ།།སྤྱན་ཆུང་རྒྱ་ཁབ་མིག་ཙམ་ལ།།ཞལ་ནི་མོན་གྱི་གཡེལ་མ་ཙམ།།ཐུགས་དགོངས་སྤྲུལ་པ་ཕྱོགས་བཅུར་འགྱེད།།སྐུ་ལ་བསེ་སྟག་སླག་པ་ལ།།གཡུ་སྦྲུལ་སྔོན་པོའི་གོང་ལག་ཅན།།གནོད་བྱེད་ཆུང་སྲི་རྡུལ་དུ་བརློགས།།སྐུ་ལ་གསེར་གྱི་ཚྭ་ཚྭ་འཕྲོ།།དགྲ་བགེགས་ལོག་འདྲེན་གཞོབ་ཏུ་གཏོང་།།གཡས་པས་གསེར་གྱི་རལ་གྲི་ལ།།གནམ་ལྕགས་ཐོག་སེར་འཕྲོ་བ་བསྣམས།།གཡོན་པས་སྦྲུལ་ཞགས་ཁ་དགུ་འདེབས།།དམ་ཉམས་དུན་ཙེ་ལོག་ལྟ་འདི།།ཞགས་པས་ཟུང་ལ་རལ་གྲིས་ཆོད།།གཡུ་ཕུད་གཙང་མ་འདི་བཞེས་ལ།།དུན་ཙེ་ཉམས་པའི་རྩ་བ་ཆོད།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ།ཨུ་ཡོ་ཐིས།ཡུ་སྤུངས་སྨར་ལ་ཆར་ཙེ་ན།སྨར་ལ་གྲན་ལ་ཧྲིག་ཙེ་ན།ཙོ་ཧྲིལ་ཧ་ལ་ཧྲིག་ཙེ་ན།ཧྲིག་མེན་གྲན་ལ་ཧྲིགམུ་མར་ཚར་ཅི་ན།ཧྲིག་གོ་སེ་ཏོ་སྨར་ལ་ཧྲིགསྤུངས་རྒྱུང་ཞུང་རྩེ་གྲན་ལ་ཧྲིགཁོད་མར་ཞུང་རྩེ་གྲན་ལ་ཧྲིགམདའ་མར་ཞུང་རྩེ་གྲན་ལ་ཧྲིགཙོ་དམར་སྡང་པའི་དགྲ་ལ་ཆོས།ཨེ་དེ་དང་མཉམ་པའི་ཁྲོ་མོ་ནི།།ཏིང་ནམ་རྒྱལ་མོ་བདུད་རྩི་ཆར་འབེབས་མ།།སྐུ་མདོག་སྔོན་མོ་གཡུ་ཆས་བརྒྱན།།ཞལ་ནས་རྒྱ་མཚོའི་ཁྲོ་གཉེར་རྩེག།།སྐུ་ལ་ཆུ་སྲིན་ཤམ་ཐབས་གསོལ།།གཡས་པས་སྤྲུལ་པའི་རྒྱལ་མཚན་ཕྱར་།།མི་ནུབ་བོན་གྱི་རྒྱལ་མཚན་འཛུགས།།གཡོན་པས་ཐོད་ཁྲག་ཞལ་བུ་འཛིན།།ཡབ་ཀྱི་ཞལ་དུ་རྔུབ་པར་མཛད།།ཡང་ཅིག་སྤྲུལ་པ་ཀུན་ཏུ་རྒྱུག།།ཆུ་བདུད་པིར་ལ་ཆིབས་སུ་བཅིབ།།དམ་ཉམས་གེ་ཤན་བསྒྲལ་བར་མཛོད།།བོན་གྱི་བསྟན་པ་གཉེན་པོ་བསྲུང་།།བདུད་རྩི་གསེར་སྐྱེམས་འདི་བཞེས་ལ།།དུན་ཙེ་ཉམས་པའི་རྩ་བ་ཆོད།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ་ཨུ་ཡོ་ཐིས།ཡུ་སྤུངས་སྨར་ལ་ཆར་རྩེ་ན།སྨར་ལ་གྲན་ལ་ཧྲིག་རྩེ་ན།ཙོ་ཧྲིལ་ཧ་ལ་ཧྲིག་ཙེ་ན།ཧྲིག་མེན་གྲན་ལ་ཧྲིགམུ་མར་ཚར་ཅི་ན།ཧྲིག་གོ་སད་ཏོ་སྨར་ལ་ཧྲིགསྤུངས་རྒྱུང་ཞུང་ཙེ་གྲན་ལ་ཧྲིགཁོད་མར་ཞུང་ཙེ་གྲན་ལ་ཧྲིགམདའ་མར་ཞུང་ཙེ་གྲན་ལ་ཧྲིགཛོ་དམར་སྡང་པའི་དགྲ་ལ་ཆོས།ཨེ་དབལ་ཆེན་སྐུ་ཡི་གཡས་ཕྱོགས་ན།།གསེར་འོད་མེ་ཡི་དཀྱིལ་འཁོར་ནས།།ཡེ་ཤེས་ལྷ་ཡི་སྐུར་བཞེངས་པ།།སྐུ་ལྷ་ཨ་ཏི་མུ་ཝེར་ནི།།སྐུ་མདོག་གསེར་གྱི་སྙིང་པོ་འདྲ།།ཐུགས་རྗེ་ཉི་མའི་སྙིང་པོ་འདྲ།།བྱམས་གདུང་བུ་ཅིག་མ་དང་འདྲ།།བྱིན་རླབས་དབྱར་གྱི་སྤྲིན་དཔུང་འདྲ།།འགྲོ་དོན་མཁའ་ལ་ཆར་འབེབས་འདྲ།།མཐུ་སྟོབས་ནམ་མཁའི་ཐོག་དང་འདྲ།།དྲག་པོའི་ཚུལ་དུ་གཤེགས་ཙམ་ན།།གུ་ལང་གསེར་ཁྲབ་སྐུ་ལ་གསོལ།།གདུག་བྱེད་མཚོན་གྱིས་བསྐྱེད་དུ་མེད།།ཞལ་བཅུ་ཕྱོགས་བཅུ་ཡོངས་ལ་གཟིགས།།དམ་ཚིག་ཅན་ལ་ཐུགས་རྗེས་དགོངས།།དམ་ཉམས་སྙིང་ཁྲག་ཞལ་དུ་གསོལ།།གཡས་པས་གནམ་ལྕགས་མདའ་གཞུ་བསྣམས།།དུན་ཙེ་ཉམས་པའི་སྙིང་ལ་བརྡེག།།གཡོན་པས་ལྕགས་ཁྱུང་དགུ་འབུམ་འགྱེད།།དམ་ཉམས་འགུག་ཅིང་ཞལ་དུ་གསོལ།།སྐུ་ལ་སྲིན་པོའི་གཡང་གཞི་གསོལ།།བདུད་སྲིན་ལོག་པ་ཟིལ་གྱིས་གནོན།།ཞལ་ནས་གསེར་ཛྭ་ཕོ་ཉར་འགྱེད།།དུན་ཙེའི་ཕོ་བྲང་འཇིག་པར་མཛོད།།ཨེ་དེ་དང་མཉམ་པའི་ཁྲོ་མོ་ནི།།ནམ་མཁའ་དབྱིངས་ཀྱི་འཕྲུལ་མོ་ཆེ།།སྐུ་མདོག་སྔོན་མོ་ཡང་དག་ལ།།ལྕགས་ཀྱི་རལ་པ་སྤྲིན་དཔུང་གཏིབས།།གནམ་ལྕགས་ཐོག་སེར་ཕྱོགས་བཅུར་འཕྲོ།།དབུ་ལ་གནམ་ལྕགས་ཐོག་གིས་བརྒྱན།།གནམ་སྦྲུལ་འབར་བའི་མགུལ་ཆུས་བརྒྱན།།མེ་རླུང་འཁྲུགས་པའི་ན་བཟའ་གསོལ།།གཡས་པས་ཙོ་དང་ཁྲག་མདའ་འཕེན།།དུན་ཙེ་ཉམས་པ་རྡུལ་དུ་རློག།།གཡོན་པས་གནམ་བཅུད་འོད་ཟེར་གྱིས།།ཡབ་ཀྱི་ཞལ་དུ་སྟིམ་པར་བྱེད།།ཡབ་ལ་ཐབས་ཀྱི་དགྱེས་པར་འཁྲིལ།།འདུ་འབྲལ་མེད་པའི་དོན་ལ་བརྩོན།།ཐུགས་རྗེ་མངའ་བའི་ལས་མཛོད་ཅིག།།ཨེ་ཐུན་ཐིས་རྦ་རྦ་རཾ་རཾ་ཨུ་ཡོ་ཐིས།ཡུ་སྤུངས་སྨར་ལ་ཆར་ཙེ་ན།སྨར་ལ་གྲན་ལ་ཧྲིག་ཙེ་ན།ཙོ་ཧྲིལ་ཧ་ལ་ཧྲིག་ཙེ་ན།ཧྲིག་མེན་གྲན་ལ་ཧྲིག།།མུ་མར་ཚར་ཅི་ན།ཧྲིག་གོ་སེ་ཏོ་སྨར་ལ་ཧྲིག།།སྤུངས་རྒྱུང་ཞུང་ཙེ་གྲན་ལ་ཧྲིག།།ཁོད་མར་ཞུང་ཙེ་གྲན་ལ་ཧྲིག།།མདའ་མར་ཞུང་ཙེ་གྲན་ལ་ཧྲིག།།ཛྭ་དམར་སྡང་པའི་དགྲ་ལ་ཆོས།།ཨེ་དབལ་ཆེན་ཡབ་ཡུམ་སྤྲུལ་པ་ལས།།གྲུ་གསུམ་བསྣོལ་མའི་གཡས་ངོས་སུ།སྐུ་ལས་སྤྲུལ་པའི་དབལ་གྱི་མི།།ནམ་མཁའི་ཁྲོ་མོ་གཟི་མདངས་ཅན།།ཞལ་གཅིག་ཕྱག་གཉིས་རྔམ་པའི་སྐུ།།དབུ་ནི་ཁྲོ་གཉེར་སྲིན་པོའི་ཚུལ།།ཞབས་ཀྱང་གྱད་ཀྱི་འདོར་ཐབས་འགྲོས།།ཞལ་ཡང་ཧ་ཧེའི་སྒྲ་ཆེན་སྒྲོགས།།གཡས་པས་པྲ་ཕུད་དབྱུག་ཏོ་འཛིན།།དམ་ཉམས་དམྱལ་ཐག་གཅོད་པར་མཛད།།གཡོན་པས་བྱད་ཀྱི་གཟེ་མ་བསྣམས།།སྤྲུལ་པའི་གཡུ་སྤྱང་མགོ་བདུན་འགྱེད།གཟེ་མས་ཟུང་ལ་ལས་ལ་ཆོས།།གྲུ་གསུམ་བསྣོལ་མའི་གཡོན་ངོས་སུ།།སྤྲུལ་པའི་ཁྱེའུ་ཆུང་གཤིན་རྗེའི་འདོར་ཐབས་ཅན།།ཞལ་གཅིག་ཕྱག་གཉིས་སྲིན་པོའི་ཚུལ་དང་ལྡན།།མི་སྙན་ང་རོའི་འོ་དོད་སྒྲ་རུ་སྒྲོགས།།ཞལ་ཡང་ཁྲོ་གཉེར་མི་སྡུག་སྲིན་པོའི་ཚུལ།།སྐུ་སྟོད་འགྱིང་བག་ཆེ་བའི་ཆས་དང་ལྡན།།ཞབས་གཉིས་གྱད་ཚོམ་འཇིགས་བྱེད་རྔམ་ཚུལ་བསྒྲད།།ཕྱག་མཚན་ཐོག་མདའ་ཉེས་བྱེད་དགྲ་ལ་རྒྱོབ།།གྲུ་གསུམ་བསྣོལ་མའི་ནུབ་ཕྱོགས་སུ།།ཀླུ་ཡི་ལྕམ་ཅིག་བདུད་ཀྱི་ཚྭ།།ཚ་དྲག་ལས་ཀྱི་ལྕམ་མོ་ནི།།སྐུ་མདོག་དམར་ནག་འབར་བ་ལ།།ཆུ་སྲིན་འབར་བའི་གདོང་པ་ཅན།།ཁ་ནས་དུག་གི་རླངས་པ་འཐུལ།།སྤྱན་ནས་ཁྲག་གི་གྲུ་ཆར་འབེབས།།ལག་ན་ནད་ཀྱི་རྐྱལ་པ་བསྣམས།།གྱི་གྲན་ཡུལ་དུ་ནད་ཡམས་ཐོངས།།གྲུ་གསུམ་བསྣོལ་མའི་གཡས་མདུན་དུ།།ཀླུ་སྲིན་ནག་མོ་ལས་བྱེད་མ།།སྐུ་མདོག་སྔོ་ལྗང་འཚེར་བ་ལ།།དུག་སྦྲུལ་ནག་པོའི་གདོང་པ་ཅན།།ཁ་རླངས་སྔོ་དམར་སྤྲིན་དུ་གཏིབ།།སྤྱན་ནས་ཁྲོ་ཆུའི་སེར་ཆེན་འབེབས།།ལག་ན་ཆུ་སྲིན་རྒྱལ་མཚན་ཕྱར།།ཀླུ་བདུད་ནག་པོ་དབང་དུ་བསྡུད།།གྲུ་གསུམ་བསྣོལ་མའི་གཡོན་མདུན་དུ།།ཚེ་ཡི་ལྕམ་ཅིག་ལས་ཀྱི་ཡུམ།།སྐུ་མདོག་གསེར་གྱི་རང་བཞིན་ལ།།ཞལ་ན་གཡུ་ཡི་ན་བུན་འཐུལ།།ཕྱག་ནས་གསེར་འབྲས་ལྗོན་ཤིང་བསྣམས།།གཡུང་དྲུང་ལྷ་མོ་ཚེ་འཛིན་མ།།གཤེན་གྱི་ཚེ་སྲོག་བྱ་ར་མཛད།།ལྕམ་དྲལ་དྲུག་གི་དུས་ལ་བབ།།གཡུ་ཕུད་གཙང་མ་འདི་བཞེས་ལ།།བཀའ་ཡི་བསྟན་པ་གཉེན་པོ་སྲུངས།།དམ་ཚིག་ཅན་ལ་དངོས་གྲུབ་སྩོལ།།དམ་ཉམས་སྐྱེ་རྒྱུད་རྩད་ནས་ཆོད།།བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།།མང་ལ་ཁ་གཡུང་།གཡུང་ལ་ཁ་གཡུང་།དུ་ལ་ཁ་གཡུང་།སྲི་མང་ལ་ཁ་གཡུང་ཁ་གཡུང་།ཨེ་དབལ་ཆེན་སྐུ་ཡི་སྤྲུལ་པ་ལས།།ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས།།སྐུ་བླ་གེ་ཁོད་འོད་དཔུང་ནི།།སྐུ་མདོག་གསེར་འོད་འཕྲོ་བ་ལ།།དབུ་ལ་གསེར་གྱི་རྨོག་ཞུ་གསོལ།།སྐུ་སྟོད་གུ་ལང་གསེར་ཁྲབ་ལ།།སྐུ་སྨད་དྲེད་ཀྱི་ཤམ་བུ་བཏགས།།གཡས་པས་གསེར་གྱི་རལ་གྲི་ཀླད་ལ་བསྐོར།།ཤར་ཕྱོགས་དྲི་ཟ་འདུལ་བར་མཛད།།གཡོན་པས་སྦྲུལ་ནག་ཞགས་པ་འདེབས།།ལས་ཀྱི་ཉམས་པའི་མགུལ་ནས་འཛིན།།ཆིབས་སུ་གསེར་གྱི་གླང་ཆེན་ཆིབས།།སྣ་ལ་གསེར་གྱི་སྤུ་གྲི་བསྐོར།།ལོག་ལྟ་ཅན་ལ་ཉམས་མི་ང་།།གླང་ཆེན་སྤྱི་བོའི་གཙུག་རུམ་ནས།།སྐུ་ཡི་གེ་ཁོད་དགུ་འབུམ་འགྱེད།།ལས་ཀྱི་ཉམས་པ་རྡུལ་དུ་བརློག།།སྤུ་གསེབ་གསེར་གྱི་ཙོ་དམར་འཕྲོ།།ཉམས་པའི་ཡུལ་ཁམས་གཞོབ་ཏུ་བསྲེགས།།ཨེ་དེ་དང་མཉམ་པའི་ཁྲོ་མོ་ནི།།སྲ་བརྟན་རྒྱལ་མོ་གསེར་མདོག་མ།།སྐུ་མདོག་གསེར་གྱི་རང་བཞིན་ལ།།གཡུ་སྤྲིན་འཁྲུག་པའི་དབུ་སྐྲ་ཅན།།ཞལ་བཟང་གསེར་ལ་སྨིན་མ་གཡུ།།གསེར་གྱི་བཟང་རས་སྤུ་རུ་རུ།།གསེར་གྱི་དོ་ཤལ་རྒྱངས་སེ་རྒྱང་།།ཕྱག་ན་གསེར་གྱི་བུམ་པ་འཛིན།།གཡུང་དྲུང་ཚེ་ཡི་ལྷ་མོ་མཛོད།།ཕྱྭ་ཚེ་ཁུག་ལ་སྐུ་ཚེ་བསྲིང་།།ཧྲིག་ཀ་སོ་ཡ།ཕྲུག་ལག་ནུ་རྩེ་ཧྲིགཡུ་སྤུངས་ཧྲིང་ཧྲིང་།ལེ་ལོ་ཁ་ནི་ཞི།དུ་ཏིང་མུར་ཤ་རྦད།གྱ་ཧྲབ་ཕན་ཅི་ཧྲིགཡུ་སྤུངས་སླན་ཅི་ཧྲིགབྱ་ཞིང་ཧྲབ་ཏིང་ཅི།མདའ་ཏིང་ཧྲིལ་ཅི་ན།མདའ་གེ་ཕུད་གེ་ཧྲབ་ཅི་ལོ་ལེ་ནི།ཨེ་དབལ་ཆེན་ཡོན་ཏན་སྤྲུལ་པ་ནི།།བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན།།གེ་ཁོད་ཙོ་མན་ཐིས་ཀྱི་བདག།།སྐུ་མདོག་སྔོ་ལྗང་འཚེར་བ་ལ།།དབུ་ལ་ལྕགས་ཀྱི་པྲ་ཕུད་གསོལ།།སྐུ་སྟོད་གསེར་ཁྲབ་འབར་བ་ལ།།མེ་དཔུང་འབར་བའི་ཤམ་བུ་བཏགས།།གཡས་པས་དབལ་མདུང་གསང་བ་ལ།།དར་དཀར་བ་དན་སྤྲིན་ལྟར་གཏིབ།།རྩེ་ལ་དབལ་གྱི་མེ་རི་འབར།།བདུད་རི་ནག་པོ་གཞོབ་ཏུ་བསྲེགས།།གནོད་སྦྱིན་འབུམ་ཡང་བརྒྱལ་དུ་འཇུག།།ཆིབས་སུ་གཡུ་སྤྱང་མགོ་བདུན་ཆིབས།།རྨིག་ཟེར་ཐོག་གི་བུ་ཡུག་འཕྲོ།།བདུད་རི་ནག་པོ་རྩེ་ནས་བསྙིལ།།གཡོན་པས་ལྕགས་ཀྱི་མདའ་གཞུ་འགེང་།།གྱི་གྲན་རྩ་ལ་ཐོག་ལྟར་འཕང་།།འཁོར་དུ་གེ་ཁོད་ཁྲི་དང་འབུམ།།ཐོག་གི་དྲག་ཆར་དགྲ་ལ་ཕོབས།།དེ་དང་མཉམ་པའི་ཁྲོ་མོ་ནི།།ལན་བརྒྱད་རླུང་གི་ཁྲོ་མོ་སྟེ།སྐུ་མདོག་སྔོ་ལྗང་འཚེར་བ་ལ།།དབུ་ལ་གཡུའི་ཟེ་པྲོག་གསོལ།།ཞལ་བཟང་གཟི་ཡི་སྤྱན་མིག་ཅན།།མུ་མན་དོ་ཤལ་རྒྱངས་སེ་རྒྱང་།།རླུང་གི་གོ་ཟུ་སྐུ་ལ་གསོལ།།ཕྱག་ན་གསེར་ཁབ་ཚེ་མདའ་འཛིན།།གཡུང་དྲུང་ཚེ་ཡི་ལྷ་མོ་མཛོད།།ཕྱྭ་ཚེ་ཁུག་ལ་སྐུ་ཚེ་བསྲིང་།།ཧྲི་ཀ་སོ་ཡ།ཕྲུ་ལག་ནུ་ཙེ་ཧྲིགཡུ་སྤུངས་ཧྲིང་ཧྲིང་།ལེ་ལོ་ཁ་ནི་ཞི།དུ་ཏིང་མུར་ཤ་རྦད།གྱ་ཧྲབ་ཕན་ཅི་ཧྲིགཡུ་སྤུངས་སླན་ཅི་ཧྲིགབྱ་ཞིང་ཧྲབ་ཏིང་ཅི།མདའ་ཏིང་ཧྲིལ་ཅི་ན།མདའ་གེ་ཕུད་གེ་ཧྲབ་ཅི་ལོ་ལེ་ནི།ཨེ་དབལ་ཆེན་གསུང་གི་སྤྲུལ་པ་ནི།།ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན།།གེ་ཁོད་རིང་ནམ་འཕྲུལ་མོ་ཆེ།།སྐུ་མདོག་དམར་ནག་དུད་ཁ་ལ།།དབུ་ལ་མེ་ཡི་ཅོད་པཎ་འཁྲུངས།།སྐུ་སྟོད་མེ་འབར་འོད་ཁྲབ་ལ།།ཚྭ་ཚྭ་འཕྲོ་བའི་ཤམ་བུ་བཏགས།།གཡས་པས་མེ་དབལ་ཐོག་མདའ་འཕེན།།སྲིན་རི་ནག་པོ་ཤུགས་ཀྱིས་སྒྲོལ།།གཡོན་པས་ཚྭ་ཚྭ་སྐར་ལྟར་འཁྲུག།།ལོག་འདྲེན་བགེགས་ཀྱི་འདུན་ཚོགས་བཤིགས།།ཆིབས་སུ་སྟག་རྒོད་ཉེར་བ་ཆིབས།།སྤུ་གསེབ་མེ་ཡི་བུ་ཡུག་འཚུབ།།སྡེར་མོ་གནམ་ལྕགས་ལྕགས་ཀྱུ་ཡིས།།རྒྱལ་འགོང་སྙིང་ཡང་འབྱིན་པར་བྱེད།།འཁོར་དུ་གེ་ཁོད་ལས་མཁན་བརྒྱ།།ཐོག་གི་དྲག་ཆར་དགྲ་ལ་འབེབས།།དེ་དང་མཉམ་པའི་ཁྲོ་མོ་ནི།ཚངས་སྟང་མེ་ཡི་རྒྱལ་མོ་ནི།།སྐུ་མདོག་དམར་མོ་འཚེར་བ་ལ།།མེ་ཤེལ་འོད་ཀྱི་ཐོར་ཚུགས་ཅན།མེ་དར་བཟང་རལ་པུ་རུ་རུ།བྱི་རུའི་དོ་ཤལ་རྒྱངས་སེ་རྒྱང་།།གཡས་ན་གཡུང་དྲུང་ཤུག་པ་བསྣམས།།མི་འགྱུར་ཚེ་ཡི་སྲོག་ཤིང་ཚུགས།།གཡོན་ན་བཅུད་བསྡུས་གའུ་འཛིན།།གཡུང་དྲུང་ཕྱྭ་ཚེ་ཉམས་པ་སྡུད།།གཡུང་དྲུང་ཚེ་ཡི་ལྷ་མོ་མཛོད།།ཕྱྭ་ཚེ་ཁུག་ལ་སྐུ་ཚེ་བསྲིང་།།ཧྲིག་ཀ་སོ་ཡ།ཕྲུག་ལག་ནུ་རྩེ་ཧྲིགཡུ་སྤུངས་ཧྲིང་ཧྲིང་།ལེ་ལོ་ཁ་ནི་ཞི།དུ་ཏིང་མུར་ཤ་རྦད།གྱ་ཧྲབ་ཕན་ཅི་ཧྲིགཡུ་སྤུངས་སླན་ཅི་ཧྲིགབྱ་ཞིང་ཧྲབ་ཏིང་ཅི།མདའ་ཏིང་ཧྲིལ་ཅི་ན།མདའ་གེ་ཕུད་གེ་ཧྲབ་ཅི་ལོ་ལེ་ནི།ཨེ་དབལ་ཆེན་ལས་ཀྱི་སྤྲུལ་པ་ནི།།ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན།།གེ་ཁོད་སྲིད་གསུམ་ཀུན་འདུལ་རྗེ།།སྐུ་མདོག་སྔོ་དམར་འོད་དང་ལྡན།།དབུ་ལ་ལྕགས་ཀྱི་རྨོག་ཞུ་གསོལ།།སྐུ་ལ་ལྕགས་ཀྱི་ཚེམ་ཁྲབ་གསོལ།།དོམ་ནག་ཁྲོས་པའི་གཅོག་རལ་ཅན།།གཡས་ན་གནམ་ལྕགས་རལ་གྲི་ལ།།དབལ་གྱི་འོད་ཟེར་འཕྲོ་བ་བསྣམས།།དམ་ཉམས་མགོ་ལུས་འབྱེད་པར་བྱེད།།གཡོན་པས་ལྕགས་སྒྲོགས་ལུ་གུ་བརྒྱུད།།དམ་ཉམས་འཆིང་སྡོམ་ཞགས་པས་འཛིན།།ཆིབས་སུ་གཡུ་རྟ་མགྱོགས་པ་ཆིབས།།སྤུ་གསེབ་ཆུ་རླུང་བུ་ཡུག་འཚུབ།།ལས་ཀྱི་ཉམས་པ་མྱོས་སུ་ཆུག།།སྔོན་གྱི་སྲིད་པ་གཏིང་དཀྲུག་ལ།།གྲན་ཡུལ་མ་ཤོར་ཁྲམ་ལ་ཐོབ།།དེ་དང་མཉམ་པའི་ཁྲོ་མོ་ནི།།གཡུ་ཟ་ཁྲི་བཙུན་ལས་ཀྱི་ཡུམ།།སྐུ་མདོག་མ་ཏང་གཡུ་ཡི་མདོག།།གཡུ་སྦྲུལ་འབུམ་གྱི་དབུ་སྐྲ་ལ།།ཞལ་བཟང་གསེར་གྱི་སྨིན་ཁྱུག་ཅན།།སྐུ་ལ་ཆུ་དར་ལའུ་གསོལ།།གཡུ་ཡི་དོ་ཤལ་རྒྱངས་སེ་རྒྱང་།།གཡས་པས་འཕྲུལ་གྱི་མེ་ལོང་འཛིན།།མཉམ་ཉིད་ཚེ་ཡི་བྱ་ར་མཛད།།གཡོན་པས་འཕྲུལ་གྱི་མདའ་འཕང་འཛིན།།ཚེ་སྲོག་དམུ་ཡད་དབང་དུ་སྡུད།།གཡུང་དྲུང་ཚེ་ཡི་ལྷ་མོ་མཛོད།།ཕྱ་ཚེ་ཁུག་ལ་སྐུ་ཚེ་བསྲིང་།།ཧྲིག་ཀ་སོ་ཡ།ཕྲུག་ལག་ནུ་རྩེ་ཧྲིགཡུ་སྤུངས་ཧྲིང་ཧྲིང་།ལེ་ལོ་ཁ་ནི་ཞི།དུ་ཏིང་མུར་ཤ་རྦད།གྱ་ཧྲབ་ཕན་ཅི་ཧྲིགཡུ་སྤུངས་སླན་ཅི་ཧྲིགབྱ་ཞིང་ཧྲབ་ཏིང་ཅི།མདའ་ཏིང་ཧྲིལ་ཅི་ན།མདའ་གེ་ཕུད་གེ་ཧྲབ་ཅི་ལོ་ལེ་ནི།ཨེ་གེ་ཁོད་འོད་སྤུངས་སྤྲུལ་པ་ནི།།བྱང་ཤར་འཁོར་ལོའི་རྩིབས་སྟེང་ན།།སྤྲུལ་པའི་ཁྱེའུ་ཆུང་ཞི་བའི་སྐུ།།ཞལ་གཅིག་ཕྱག་གཉིས་ཞི་བའི་སྐུ།།འབར་བའི་ཆ་ལུགས་གྱད་ཀྱིས་སྟབས།།སྐུ་ཡང་འགྱིང་ལ་དབུ་ཡང་ཅོག།།ཞབས་གཉིས་ཞི་བའི་འདོར་སྟབས་བསྒྲད།།ཕྱག་གཡས་རྒྱུད་མེད་གཞུ་བརྡུང་ཅོག་གེ་ཅོག།།གཡོན་པས་ལྟོང་མེད་མདའ་འཕེན་ཤ་ར་ར།།སྤྲུལ་པའི་རྡོ་སྒྲ་འུ་རུ་རུ།།ཐབས་ཀྱི་མདའ་སྒྲ་ཤ་ར་ར།།དྲག་རྩལ་ཐོག་གིས་བསྐྱེད་དུ་མེད།།ས་རྡོ་རི་བྲག་ཐལ་བར་འབུག།།དུན་ཙེ་ཉམས་པ་སྨོས་ཅི་དགོས།།ཁྱེའུ་ཆུང་གསང་བའི་དུས་ལ་བབ།།གྲན་དད་རྨོག་ཧྲབ་ཅི་བྱོ།ཞ་གྲན་སྡང་ཅི་བྱོ།དྲོག་ཟངས་ཧྲོ་མར་བྱོ།ཙོ་དམར་ཧྲིལ་དུམ་ཡ་ཡ་རྦད།གེ་ནམ་ཙེ་ཡ་ཡ་བྱོ།།རྡོ་བ་དཀར་སེར་དམར་སྔོ་ལ་བསྔགས་ལ་འཕང་ངོ་།རྡོ་ལའང་ཁྲག་གིས་བྷྱོ་བྲིས་ལ།།ཨེ་ཙོ་མེན་གསང་བའི་སྤྲུལ་པ་ལས།།བྱང་ནུབ་འཁོར་ལོའི་རྩིབས་སྟེང་ན།།སྤྲུལ་པའི་ཁྱེའུ་ཆུང་ལས་ཀྱི་སྐུ།།ཞལ་གཅིག་ཕྱག་གཉིས་རྟུལ་ཤུགས་ཅན།།འབར་བའི་ཆ་ལུགས་རྔམ་པའི་སྟབས།།སྐུ་སྟོད་སེང་གེ་འགྱིང་ཚུལ་ཅན།།བརྐྱང་བསྐུམ་རྔམ་པའི་ང་རོ་སྒྲོགས།།ཞལ་གདངས་ཚེམས་གཙིགས་ལྗགས་ཡང་འདྲིལ།།སྡང་མིག་འབྲི་ཚུགས་དགྲ་ལ་གཟིགས།གཡས་པས་རྒྱུད་མེད་གཞུ་བརྡུང་ཅོག་གེ་ཅོག།།གཡོན་པས་ལྟོང་མེད་མདའ་འཕེན་ཤ་ར་ར།།སྤྲུལ་པའི་རྡོ་སྒྲ་འུ་རུ་རུ།།དམིགས་པའི་མདའ་སྒྲ་ཤ་ར་ར།།དྲག་རྩལ་བདུད་ཀྱིས་བསྐྱེད་དུ་མེད།།གནམ་ས་མགོ་ཞབས་ལྡོག་པར་བྱེད།།མུ་སྟེགས་སྲིན་པོ་སྨོས་ཅི་དགོས།ཁྱེའུ་ཆུང་ལས་ཀྱི་དུས་ལ་བབ།།གྲན་དད་རྨོག་ཧྲབ་ཅི་བྱོ།ཞ་གྲན་སྡང་ཅི་བྱོ།དྲོག་ཟངས་ཧྲོ་མར་བྱོ།ཙོ་དམར་ཧྲིལ་དུམ་ཡ་ཡ་རྦད།གེ་ནམ་ཙེ་ཡ་ཡ་བྱོ།ཨེ་རིང་ནམ་འཕྲུལ་ཆེན་སྤྲུལ་པ་ལས།།ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ན།།སྤྲུལ་པའི་ཁྱེའུ་ཆུང་དབང་གི་སྐུ།།ཞལ་གཅིག་ཕྱག་གཉིས་འཚིག་པའི་ཚུལ།།འབར་བའི་ཆ་ལུགས་རང་ལ་འཚིག།།སྐུ་སྟོད་མེ་ལ་སྐུ་སྨད་ཆུ།།ཞབས་གཉིས་བསྣོལ་ཞིང་ཀླུ་དབང་གཟིར།།ཞལ་ནས་མེ་ཡི་ཚྭ་ཚྭ་འཕྲོ།།སྤྱན་མིག་འབྲི་ཚུགས་གྱེན་དུ་བཟློག།།གཡས་པས་རྒྱུད་མེད་གཞུ་བརྡུང་ཅོག་གེ་ཅོག།།གཡོན་པས་ལྟོང་མེད་མདའ་འཕེན་ཤ་ར་ར།།སྤྲུལ་པའི་རྡོ་སྒྲ་འུ་རུ་རུ།།ཚངས་པའི་མདའ་སྒྲ་ཤ་ར་ར།།རི་རབ་སྡོང་པོ་འགུལ་བར་ནུས།།རྒྱ་མཚོའི་འཇིང་རྣམས་འཁྱོལ་བར་ནུས།།རྒྱལ་འགོང་རྒྱལ་ལྟོག་སྨོས་ཅི་དགོས།།ཁྱེའུ་ཆུང་དབང་གི་དུས་ལ་བབ།།གྲན་དད་རྨོག་ཧྲབ་ཅི་བྱོ།ཞ་གྲན་ལྡང་ཅི་བྱོ།དྲོག་ཟངས་ཧྲོ་མར་བྱོ།ཙོ་མར་ཧྲིལ་དུམ་ཡ་ཡ་རྦད།གེ་ནམ་ཙེ་ཡ་ཡ་བྱོ་།ཨེ་སྲིད་གསུམ་ཀུན་འདུལ་སྤྲུལ་པ་ལས།།ལྷོ་ཤར་འཁོར་ལོའི་རྩིབས་སྟེང་ན།།སྤྲུལ་པའི་ཁྱེའུ་ཆུང་དྲག་པོའི་རྡུལ་ཤུགས་ཅན།།ཞལ་གཅིག་ཕྱག་གཉིས་ཁྲོ་ལ་འཚིག།།འབར་བའི་ཆ་ལུགས་ཁྲོ་གཏུམ་ཅན།།སྐུ་ལ་སྤྲུལ་པའི་དབལ་ཆུ་འབྲུག།།ཞབས་གཉིས་གར་སྟབས་ལས་ལ་ཆས།།ཞལ་ནས་རྡོའི་སེར་བ་འབེབས།།སྤྱན་ནས་ཁྲག་གི་མཆིལ་མ་འཛག།།གཡས་པས་རྒྱུད་མེད་གཞུ་བརྡུང་ཅོག་གེ་ཅོག།།གཡོན་པས་ལྟོང་མེད་མདའ་འཕེན་ཤ་ར་ར།།སྤྲུལ་པའི་རྡོ་སྒྲ་འུ་རུ་རུ།།དྲག་པོའི་མདའ་སྒྲ་ཤ་ར་ར།།ལྕགས་ཀྱི་སྡོང་པོ་འཆག་པར་ནུས།།ས་བདག་ཀླུ་སྲིན་སྨོས་ཅི་དགོས།།ཁྱེའུ་ཆུང་དྲག་པོའི་དུས་ལ་བབ།།གྲན་དད་རྨོག་ཧྲབ་ཅི་བྱོ།།ཞ་གྲན་ལྡང་ཅི་བྱོ།དྲོག་ཟངས་ཧྲོ་མར་བྱོ།ཙོ་དམར་ཧྲིལ་དུམ་ཡ་ཡ་རྦད།གེ་ནམ་ཙེ་ཡ་ཡ་བྱོ།ལས་ལ་སྤྲུལ་པའི་ཁྱེའུ་ཆུང་བཞི།།དབལ་ཆེན་གེ་ཁོད་བཀའ་ཡིན་གྱིས།།བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།།གསེར་རྒོད་གཡུ་རྒོད་འདི་བཞེས་ལ།།གཡུང་དྲུང་བོན་གྱི་བསྟན་པ་སྲུངས།།དུན་ཙེ་དགྲ་བགེགས་རྡུལ་དུ་བརློག།།བྱོ་ཧབ་ཧྲབ་ཅི་རྦད།བྱོ་ཧི་ཧྲི་ཙ་ན་རྦད།དུན་ཙེ་ན་དུན་ཙེ་ན་ཡ་ཡ་བྱོ་བྱོ།ཨེ་ཤར་ཕྱོགས་སྒོ་མ་ཆེན་མོ་ནི།།སྟག་གདོང་ལས་མཁན་ཤ་ཟན་མ།།དྲི་ཟ་འབུམ་གྱི་ཤ་ལ་ཟོ།།དུན་ཙེ་ཉམ་པ་མ་ཤོར་ཅིག།།ཤར་སྒོ་སྡོམ་ལ་བགེགས་ཚོགས་ཤིག།།ཨེ་བྱང་ཕྱོགས་སྒོ་མ་ཆེན་མོ་ནི།།འབྲུག་གདོང་སྔོན་མོ་ཁྲག་འཐུང་མ།།གནོད་སྦྱིན་འབུམ་གྱི་ཁྲག་ལ་འཐུང་།།དུན་ཙེ་ཉམས་པ་མ་ཤོར་ཅིག།།བྱང་སྒོ་སྡོམ་ལ་བགེགས་ཚོགས་ཤིག།།ཨེ་ནུབ་ཕྱོགས་སྒོ་མ་ཆེན་མོ་ནི།།སྤྱང་གདོང་དམར་མོ་རུས་འཆའ་མ།།ཀླུ་དབང་འབུམ་གྱི་རུས་ལ་འཆོས།།དུན་ཙེའི་ཤ་རུས་ཕྱེས་ལ་ཤོག།།ནུབ་སྒོ་སྲུངས་ལ་བགེགས་ཚོགས་ཤིག།།ཨེ་ལྷོ་ཕྱོགས་སྒོ་མ་ཆེན་མོ་ནི།།དོམ་གདོང་གཏུམ་ཆེན་ལས་བྱེད་མ།།གཤིན་རྗེ་འབུམ་ཕྲག་ལས་ལ་འཁོར།།དུན་ཙེ་ཉམ་པའི་གཤེད་མ་གྱིས།།ལྷོ་སྒོ་སྡོམ་ལ་བསྟན་པ་སྲུངས།།ཁ་ཤག་མེན་གེ་ལག་ཅི་ན།།དུ་ཡ་སན་ཏྲི་མན་ཏྲི་ཤག་ཤག་བྱོ་བྱོ་ལས་རྣམས་འགྲུབ་པར་མཛོད།དེ་ནས་དབང་རྣམས་རྫོགས་པར་བསྐུར།དེ་ནས་དངོས་གྲུབ་བླང་པ་ལ།ཨེཿསྟོང་གསུམ་ཕྱི་ཡི་དངོས་གྲུབ་ཏུ།།རིན་ཆེན་སྣ་བརྒྱད་དངོས་གྲུབ་མཆོག།།འབྱུང་བ་ནང་གི་དངོས་གྲུབ་ཏུ།།སྐྱེ་འགྲོ་བཅུད་རྣམས་དངོས་གྲུབ་མཆོག།།ཐབས་ཤེས་གསང་བའི་དངོས་གྲུབ་ཏུ།།ཐིག་ལེ་བདེ་གསལ་དངོས་གྲུབ་མཆོག།།རྩ་བ་ལྷུན་ལ་རྫོགས་པའི་དངོས་གྲུབ་ཆེན་པོ་སྩལ་དུ་གསོལ།།ཡན་ལག་འཕྲིན་ལས་གྲུབ་པའི་དངོས་གྲུབ་སྩལ་དུ་གསོལ།།རྩེ་མོ་མངོན་དུ་གྲུབ་པའི་དངོས་གྲུབ་ཆེན་པོ་སྩལ་དུ་གསོལ།།མེ་ཏོག་སྐུ་ལྔར་གསལ་བའི་དངོས་གྲུབ་ཆེན་པོ་སྩལ་དུ་གསོལ།།འབྲས་བུ་སྐུ་གསུམ་རྫོགས་པའི་དངོས་གྲུབ་ཆེན་པོ་སྩལ་དུ་གསོལ།།ཅེས་པས་དངོས་གྲུབ་བླང་ལ་བསྟིམ།དེ་ནས་གཏོར་མ་གཏང་བར་བྱ་སྟེ།ཕུད་དང་ཁྲག་གཏོར་མར་སྦྲེང་ཞིང་འདི་སྐད་དོ།།ཨེ་གཙང་དག་དྲི་མེད་གཏོར་གཞོང་དུ།།དབལ་གཏོར་རྒྱན་ལྡན་དབལ་རུ་ཅན།།ཤ་ཁྲག་ལོངས་སྤྱོད་རྒྱན་གྱིས་སྤྲས།།འདོད་པའི་ལོངས་སྤྱོད་དགོས་འདོད་འབྱུང་།།གང་ལ་ཅི་འདོད་ཕུན་སུམ་འཚོགས།།བདུད་འདུལ་རྩ་བའི་ལྷ་ལ་འབུལ།།བདག་ཅག་ཤེལ་གྱེར་འཁོར་བཅས་ལ།།མཐུ་དང་རྩལ་གྱིས་དངོས་གྲུབ་སྩོལ།།དམ་ཉམས་དུན་ཙེ་བསྒྲལ་ནས་ཀྱང་།།གཡུང་དྲུང་བོན་གྱི་བསྟན་པ་སྲུངས།།རིན་ཆེན་ལྔ་ལྡན་གཏོར་གཞོང་དུ།།དབལ་གཏོར་རྩེ་མོ་དབལ་རུ་ཅན།།འདོད་པའི་ལོངས་སྤྱོད་ཤ་ཁྲག་བརྒྱན།།གཏིང་རྫོགས་རྩ་བའི་ལྷ་ལ་འབུལ།།ཡེ་ཤེས་ལྷ་ཡི་དངོས་གྲུབ་སྩོལ།།བསེ་ཕོར་རྒྱན་ལྡན་གཏོར་གཞོང་དུ།།འབྲུ་སྣ་མང་པོའི་གཏོར་མ་ལ།།ཤ་ཁྲག་མེ་ཏོག་རྒྱན་གྱིས་བརྒྱན།།སྤྲུལ་པའི་གེ་ཁོད་རྣམས་ལ་འབུལ།།བསྟན་པ་སྲུང་བའི་ལས་མཛོད་ཅིག།།རིན་ཆེན་གཟེ་ཞལ་གཏོར་གཞོང་དུ།།འབྲུ་བཅུད་རྒྱན་ལྡན་གཏོར་མ་འདི།།ལས་ཀྱི་གེ་ཁོད་རྣམས་ལ་འབུལ།དུན་ཙེ་གེ་ཤན་བསྒྲལ་ནས་ཀྱང་།།བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།།ཐབས་ལྡན་རུ་སྦལ་གཏོར་གཞོང་དུ།།འབྱུང་བའི་བཅུད་བསྡུས་གཏོར་མ་འདི།།འབྱུང་བ་ཡུམ་བཞི་རྣམས་ལ་འབུལ།།ཚེ་ནོར་དབང་དང་དངོས་གྲུབ་སྩོལ།རང་བཞིན་ལྷུན་གྱིས་གྲུབ་པའི་གཏོར་གཞོང་དུ།བཅུད་ལྡན་དབང་པོས་བསྡུས་པའི་གཏོར་མ་བཤམས།དུས་བཞི་སྒོ་མ་བཞི་ལ་འབུལ།བར་ཆོད་དགྲ་བགེགས་བསྲུང་དུ་གསོལ།དྲག་པོ་གནམ་ལྕགས་འབར་བའི་གཏོར་གཞོང་དུ།དྲག་པོ་དབལ་གྱི་གཏོར་མ་བཤམས།སྤྲུལ་པའི་ཁྱེའུ་ཆུང་རྣམས་ལ་འབུལ།དྲག་པོའི་ལས་རྣམས་གྲུབ་པར་མཛོད།གཙང་དག་ཁམ་སའི་གཏོར་གཞོང་དུ།ཤ་ཁྲག་རྒྱན་ལྡན་གཏོར་མ་བཤམས།ལས་མཁན་མ་མོ་རྣམས་ལ་འབུལ།བསྟན་པའི་དགྲ་བོ་བསྒྲལ་དུ་གསོལ།ཨེ་བོང་ངེ་ཟུར་ར་ཡུ་ཏི་ལ་ཁ་ཧི་གྲན་ལ་བྱོ།ཤ་ཁྲག་ལ་ཁ་ཧི།ཞེས་ཁྲི་ཐོག་ཏུ་བསྐང་ངོ་།།ཤ་ཁྲག་གཏོར་མར་བླུག་ལ།དེ་ནས་གཏོར་མ་སྤྱི་བོར་བཞག་ལ་འདི་སྐད་དོ།།ཨེ་དྲག་པོ་གཏིང་རྫོགས་གཏོར་མ་འདི།།སྤྱི་བོའི་གཙུག་ཏུ་བཞག་པར་བྱ།།སྤྱི་བོའི་གཙུག་ཏུ་བཞག་པ་ཡི།།གཏིང་རྫོགས་ལྷ་ཡི་དབང་ཐོབ་ནས།།སྐུ་ཡི་དངོས་གྲུབ་ཐོབ་པར་མཛོད།།དེ་ནས་མགྲིན་པའི་གནས་སུ་བཞག།མགྲིན་པའི་གནས་སུ་བཞག་པ་ཡི།།གཏིང་རྫོགས་གསུང་གི་དབང་ཐོབ་ནས།།གསུང་གི་དངོས་གྲུབ་ཐོབ་པར་མཛོད།།དེ་ནས་བདག་གི་ཐུགས་ཀར་བཞགབདག་གི་ཐུགས་ཁར་བཞག་པ་ཡི།།གཏིང་རྫོགས་ལྷ་ཡི་དབང་ཐོབ་ནས།།ཐུགས་ཀྱི་དངོས་གྲུབ་ཐོབ་པར་མཛོད།།དེ་ནས་བདག་གི་ལྟེ་བར་བཞག།བདག་གི་ལྟེ་བར་བཞག་པ་ཡི།།སྤྲུལ་པའི་གེ་ཁོད་དབང་ཐོབ་ནས།།དགྲ་བགེགས་དབང་དུ་འདུས་པར་མཛོད།།དེ་ནས་གཏོར་མ་ས་ལ་བཞག།གཏོར་མ་ས་ལ་བཞག་པ་ཡི།།ལས་ཀྱི་གེ་ཁོད་མཉེས་གྱུར་ནས།།བསྟན་པ་བསྲུང་བའི་ལས་མཛོད་ཅིག།དེ་ནས་གཏོར་མ་དབྱིངས་སུ་བཀྱེ།།གཏོར་མ་དབྱིངས་སུ་བཀྱེ་བ་ཡི།།དགོས་འདོད་ཆར་དུ་བབ་ནས་ཀྱང་།།གེ་ཁོད་ལྷ་ཚོགས་དགྱེས་ནས་ནི།།ཐུགས་དམ་གཉེན་པོ་བསྐང་བར་མཛོད།།དེ་ནས་གཏོར་མ་སྦྱིན་པར་བཀྱེ།།གཏོར་མ་སྦྱིན་པར་བཀྱེ་བ་ཡི།།གེ་ཁོད་འཁོར་ན་གནས་པ་ཡི།།ལས་མཁན་སྤྲུལ་པའི་ལྷ་སྲིན་ལ།།ལོངས་སྤྱོད་ཆར་དུ་བབ་གྱུར་ནས།།འདོད་པའི་རེ་བ་བསྐང་གྱུར་ཅིག།།ཨེ་ཟད་མིན་བོང་ངེ་ཟུར་ར་ཡེ་ཐིམ།ཞེས་གཏོར་མ་ས་གཙང་སར་ཁྱེར་ལ་གཏོང་ངོ་།།དེ་ནས་ཐབས་རོལ་བྲོ་བརྡུང་སྟེ།ཨེ་སྣང་སྲིད་ལྷ་ཡི་གཞལ་ཡས་ལ།།ལྷ་ཆེན་ཐམས་ཅད་ནན་ལྟར་མཉེས།།ལྷ་སྲིན་ཕོ་མོ་སྨོས་ཅི་དགོས།།གཤེན་རབ་ཚངས་པའི་གསུང་དབྱངས་ལ།།ཡེ་ཤེས་ལྷ་ཆེན་ཐམས་ཅད་མཉེས།།སྤྲུལ་པའི་ལྷ་ཆེན་ཐམས་ཅད་དགྱེས།།ས་གཞི་འགྱུར་མེད་བདེ་ཆེན་ལ།།གཤེན་གྱི་བྲོ་བརྡུང་ས་ལ་བརྡུང་།།འདྲེ་སྲིན་སྡེ་བརྒྱད་གནས་ནས་བརྒྱལ།།དྲག་པོ་གསུང་གི་ང་རོ་ཡིས།།ཡས་ཀྱི་བདུད་གཡོས་གྱེན་ལ་བསྒྱུར།།མས་ཀྱི་སྲི་ལངས་མཐུར་དུ་ནོན།།གསུང་དབྱངས་ཚངས་པའི་བདེ་དབྱངས་ཀྱིས།།ལྷ་མོ་ལྷ་བྲན་དགྱེས་ཤིང་མཆོད།།ཨེ་ཨ་ཧ་ཧེ།དི་ར་རི་ཨེ་མ་ཧོ།ཧ་ཧ་ཧེ་ཧེ་རཾ་ནི་སངས་ལ།ཨེ་མ་ཧོ།ཨཿཞེས་གེ་ཁོད་གསང་བ་དྲག་ཆེན་ལས།ཐབས་རོལ་གླུ་རུ་བསྟན་པའོ།།ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་གྱིས་བསྒྲུབ་ནས།སྟག་གི་ཁྲི་ཐོག་རྒྱལ་པོ་ཆམ་ལ་ཕབ་པ་ཡིན།དེ་ནས་ཚེ་གཡང་སོགས་ཀྱིས་མཐར་ཕྱུང་ངོ་།།གེ་ཁོད་གསང་བ་དྲག་ཆེན་ལྡོག་མེད་གསེར་གྱི་སྤུ་གྲིའི་འཕྲིན་ལས་གཞུང་གི་སྤྱི་དོན་རིམ་པར་བསྟན་པའོ།།སྨྲ་སེང་མཁས་རྣམས་འདི་ལ་བཏང་སྙོམ་མཛད།།སྐྱེ་བོ་ཕལ་ཆེར་དྲེགས་པའི་རྗེས་སུ་འབྲེང་།།གསང་སྔགས་ཟབ་མོ་ལྐུགས་པའི་ནོར་བཞིན་གྱུར།།ལས་ཅན་དད་མོས་ལྡན་ཀྱང་རང་བཞིན་བསྐལ།།དེ་ནས་བདག་གིས་བདག་གཞན་དོན་བསྒྲུབ་ཕྱིར།།ཕྱི་རབས་དོན་དུ་དེ་བཞིན་འདི་ཉིད་བསྒྲིགས།།གལ་ཏེ་ནོངས་མཆིས་སྐྱབས་ཡུལ་གཉན་ལ་བཤགས།།དགེ་བ་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ།།བདག་ཀྱང་འདི་ནས་དུས་རྣམས་ཐམས་ཅད་དུ།།འདི་ཡི་དོན་ལ་ཚུལ་བཞིན་སྤྱོད་པ་དང་།རྗེས་འཇུག་ཉེས་པའི་བདུད་ལས་རབ་རྒྱལ་ནས།།ཟབ་མོའི་བསྟན་པ་ཀུན་ཏུ་འཕེལ་རྒྱས་ཤོག།ཅེས་པའི་ཚུལ་འདི་ནིགཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིབཀྲ་ཤིས་སྨན་རིའི་ཁྲོད་དུ་བསྒྲིགས་པ་དགེ་ལེགས་འཕེལ།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章