སྐབས་དོན་གསར་འགྱུར།〔༢༠༢༤.༡༡.༡〕

政务   2024-11-01 17:36   西藏  




བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོའི་ཆེའི་ཕུགས་འདུན་མངོན་འགྱུར་བྱེད།


གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཅིག་པ་འཚོགས་པ།

ཉེ་ཆར། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཅིག་པ་བསྐོང་འཚོགས་བྱས་པ་རེད། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དགོངས་དོན་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡི་འབྲེལ་ཡོད་གསུང་བཤད་དགོངས་དོན། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་བ་དང་། གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་ཆེད་དོན་ལས་ཀའི་སྙན་ཞུ་དང་བསམ་འཆར་དོན་འཁྱོལ་གནས་ཚུལ་གྱི་སྙན་ཞུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་རྟོག་ཞིབ་ཚོ་ཆུང་གི་འབྲེལ་ཡོད་རྟོག་ཞིབ་སྙན་ཞུ་བཅས་གསན་ནས་གྲོས་ཞིབ་བྱས་པ། འབྲེལ་ཡོད་ཀྱི་གྲོས་ཆོད་དང་མི་དོན་བསྐོ་འཐེན་དོན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དུས་མཚུངས་སུ་རྩ་ཁྲིམས་མདུན་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེ་དང་། ཉིའུ་ཁུན། ཀྲའོ་ཐན་ཝུའུ། བུ་ཏོག གྲའེ་ཁུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་ཡུན་ཆིང་དང་། གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། 

ཚོགས་འདུར་ཕེབས་དགོས་ངེས་ཀྱི་མི་གྲངས་43ཡོད་པ་དང་། དོན་དགོངས་དང་ནད་དགོངས་ཞུས་པའི་མི་གྲངས་15ཡོད་པ། དངོས་སུ་ཕེབས་པའི་མི་གྲངས་28ཡོད་པས། ཁྲིམས་ཀྱི་གཏན་འབེབས་བྱས་པའི་མི་གྲངས་དང་འཚམ་མཐུན་བྱུང་ཡོད།

ཝང་ཏེ་ཝུན་གྱིས་བླང་བྱ་བཏོན་གནང་དོན། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཡག་པོ་བྱེད་དགོས། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་འདོན་སྤེལ་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་སྲ་ཞིང་བརྟན་པ་མཁོ་འདོན་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་དགོས་པ་དང་། ལྟེ་བ་དང་སྤྱི་ཡོངས་ལ་བལྟོས་ནས་འགན་འཁྲི་ནན་འཁུར་དང་བྱས་རྗེས་འཇོག་ཕོད་ཀྱིས་ས་གནས་ཁྲིམས་འཛུགས་བྱེད་ནུས་གནད་སྨིན་ཐུབ་རྒྱུར་བརྩོན་དགོས། དངོས་ཐོག་བདེན་འཚོལ་དང་ལྟ་སྐུལ་ཁྲིད་སྟོན་ལ་ཕན་འབྲས་དངོས་ཐོན་པ་བྱས་ཏེ་བློ་བརྟན་འགྱུར་མེད་སྒོ་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་ཡག་པོ་བསྟར་ཐོག་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལག་བསྟར་ལ་གསོན་ཤུགས་རྒྱས་པ་བྱེད་དགོས།

ཚོགས་འདུའི་རིང་། ད་དུང་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་ལྔ་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བཅས་བསྐོང་འཚོགས་བྱས་པ་རེད།


ཡར་ཀླུང་བསྡུས་འཕྲིན།


ཉེ་སྔོན། གོང་དཀར་རྫོང་2024ལོའི་མི་རིགས་ཁྱད་ལྡན་ཡུལ་ཟོག་འགྲེམས་ཚོང་འདུ་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་ཞིང་། ཉོ་ཚོང་སྤྱིའི་རིན་གོང་སྒོར་ཁྲི་700.42ལྷག་ཟིན་པ།

ཉེ་སྔོན། སྣ་དཀར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའུ(འཆལ་སེལ་ལོག་རྡུང་གཞུང་ལས་ཁང)ཡིས་རྫོང་སྤྱི་བདེ་ཅུད་དང་མཉམ་འབྲེལ་ཐོག་སྣ་དཀར་རྩེ་གྲོང་རྡལ་སློབ་ཆུང་དུ་རང་སྲུང་འདུ་ཤེས་དང་ནུས་པ་མཐོར་གཏོང་བརྗོད་བྱ་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉིན་ཤས་བསྟུད་མར། འཕྱོངས་རྒྱས་རྫོང་གིས་སྡོང་རྒན་ལ་མིང་བྱང་བཀལ་ནས་གནོད་འབུ་འགོག་བཅོས་ཀྱི་བྱ་སྤྱོད་སྤེལ་བ།
ཉེ་དུས། ལྷུན་རྩེ་རྫོང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་བླངས་པ།

ཉེ་སྔོན། གྲོང་ཁྱེར་ལས་རིགས་སློབ་གྲྭ་གཉིས་པའི་མཛེས་རྩལ་ཆེད་ལས་དང་ཨར་སྐྲུན་ཆེད་ལས་ཡིན་པའི་འགྲན་ཞུགས་རུ་ཁག་གིས་2024ལོའི་འཛམ་གླིང་ལས་རིགས་སློབ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཞུགས་ཏེ། མཛེས་རྩལ་དབྱིབས་སྟོན་དང་ས་དཔྱད་ཀྱི་ལཱ་ཟེར་རེག་བརྡའི་ཚན་རྩལ་ཚོ་ཆུང་གི་འགྲན་ཞུགས་རྣམ་གྲངས་ནང་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་པ།

ཉེ་སྔོན། གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུད(ཀུང་སི)ཀྱིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུད་ཀྱི་འཆད་འཁྲིད་དགེ་རྒན་གདན་ཞུ་བྱས་ནས་སྲིད་གཙང་ཉེན་བརྡའི་སློབ་གསོའི་ཆེད་དོན་འཆད་འཁྲིད་ཉན་པ། 

བསོད་དོན་གྱིས་བསྒྱུར།
བསོད་བསྟན་དང་ཡེ་བཟང་གིས་ཞུས།

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   བསོད་ནམས་དོན་གྲུབ། 

ཞུ་དག  ཡེ་ཤེས་བཟང་མོ། 

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章