ཟླ་11ཚེས་5ཉིན། གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11ཚེས་4ཉིན་གྱི་ཆུ་ཚོད་20ནས་ཚེས་5ཉིན་གྱི་ཆུ་ཚོད་9བར་ལྷ་སའི་རྒྱུད་དུ་ཆར་པ་(གངས)ཆུང་བ་ནས་འབྲིང་བར་བབས་ནས་ལྷ་ས་གྲོང་ཁུལ་དུ་ཆར་ཆུ་འབབ་ཚད་ཧའོ་སྨི་2.1ཟིན་ཡོད་པ་རེད། སྔོན་དཔག་བྱས་ན། ཟླ་11ཚེས་5ཉིན། ལྷ་སའི་རྒྱུད་དུ་ཆར་ཆུ་སྔར་བཞིན་མངོན་གསལ་དོད་པོས་འབབ་རྒྱུ་ཡིན་ཞིང་། འབབ་ཚད་ཆུང་བ་ནས་འབྲིང་བར་ཡིན་པ་དང་། ཆར་ཆུ་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་རེད་འདུག ཡིན་ནའང་། ཟླ་11ཚེས་6ཉིན་ནས་ཚེས་7ཉིན་བར་ལྷ་སའི་རྒྱུད་དུ་ཆར་ཆུ་འབབ་མཚམས་ཆད་དེ་སྤྲིན་པ་ཉུང་བ་ནས་མང་བའི་བར་གྱི་གནམ་གཤིས་བསྟན་རྒྱུ་རེད་འདུག
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། ཡེ་ཤེས་བཟང་མོ།
ཞུ་དག བསོད་ནམས་དོན་གྲུབ།