གད་སྙིགས་ཀྱི་འཁོར་སྐྱོད་བསྐྱར་སྤྱོད་ཀྱིས་དངོས་པོ་གསར་བའི་ཐོན་སྐྱེད་དང་ཇུས་འགོད་སོགས་ལ་བསྲི་ཚགས་བྱེད་ཐུབ།
ཡང་ཡང་བེད་སྤྱོད་གཏོང་ཐུབ་པའི་འཐག་མེད་རས་དང་ཤོག་ཐུམ་གྱིས་འགྱིག་ཐུམ་གྱི་ཚབ་བྱེད་པ།
སྲོལ་རྒྱུན་གྱི་ལུག་བལ་གྱི་དར་ལྕོག་སླར་གསོ་བྱེད་པ་དང་། ས་གནས་གཏན་ཁེལ་བྱས་ནས་དད་ལྡན་ཚོར་རླུང་རྟ་སྤུར་བ་དང་དར་ལྕོག་འཐེན་དུ་འཇུག་པ། ཡིན་ནའང་མང་ཉུང་ཚད་ལས་མི་བརྒལ་བ།
གད་སྙིགས་ས་འོག་ཏུ་འཇུག་སར་“གློག་གིས་བསྐོར་”ཏེ་རི་སྐྱེས་སྲོག་ཆགས་ཉེ་སར་བཅར་མི་ཐུབ་པ་བྱེད་དགོས།
གངས་རི་གནས་མཆོག་དང་རྫ་སྟོད་རྫོང་སྲིད་གཞུང་མཉམ་འབྲེལ་གྱིས་ནམ་རྒྱུན་དྲེད་མོང་ཐོན་སའི་གད་སྙིགས་ས་འོག་ཏུ་འཇུག་སར་མི་དང་སྒོ་ཕྱུགས། རི་སྐྱེས་སྲོག་ཆགས་ཚང་མར་གནོད་པ་མེད་པའི་གློག་གི་ལྕགས་ར་བསྐོར་ཡོད།
འབྲོག་པ་ཕལ་བ་ཚོས་ཇི་ལྟར་བྱེད་ཆོག
རྩ་བ་ནས་ཇེ་ཉུང་དུ་གཏོང་བ། Rགསུམ་གྱི་རྩ་དོན། བཀོལ་སྤྱོད་ཉུང་དུ་གཏོང་བ། ཡང་བསྐྱར་སྤྱོད་པ། དངོས་པོ་ཕྱིར་བསྡུ་བ།
བཀོལ་སྤྱོད་ཉུང་དུ་གཏོང་བ། ཐོན་སྐྱེད་དང་འཛད་སྤྱོད་ཀྱི་མགོ་ཁུངས་ནས་འགྱིག་རྫས་ཉུང་དུ་སྤྱོད་པ།
ཡང་བསྐྱར་སྤྱོད་པ། ཕྱི་ཐུམ་དང་སྣོད་ཆས་ཡང་ནས་ཡང་དུ་སྤྱོད་པ། སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བའི་ཁྲོད་མི་རྣམས་ཕྱི་རོལ་དུ་ཐོན་སྐབས་རང་ཉིད་ཀྱི་དཀར་ཡོལ་འཁྱེར་ཏེ་འོ་ཇ་དང་རྩམ་པ་ལོངས་སུ་སྤྱོད།
དངོས་པོ་ཕྱིར་བསྡུ་བྱེད་པ། བཀོལ་སྤྱོད་བྱས་ཟིན་པའི་དངོས་པོ་རྣམས་ཡང་བསྐྱར་བེད་སྤྱོད་བྱེད་པའི་ཐོན་ཁུངས་སུ་བསྒྱུར་ཆོག་པ་ལས་གད་སྙིགས་མ་ཡིན། དཔེར་ན། འགྱིག་དམ་གྱིས་འཁེལ་འཐག་མེད་པའི་རས་ཁུག་བསྐྱར་དུ་ཐོན་སྐྱེད་བྱེད་ཐུབ་པ། མིག་སྔར་མཚོ་སྔོན་གྱི་གྲོང་ཁྱེར་དང་རྫོང་ཁག་ཚང་མར་ཚུར་བསྡུ་ཆོག་པའི་རྒྱུ་ཆའི་རིན་ཡོངཚུར་བསྡུའི་ས་ཚིགས་ཡོད།
གད་སྙིགས་རང་གིས་འཁྱེར་བ། ཡུལ་སྐོར་དང་ཕྱུགས་ལས། མཉམ་འཛོམས་སོགས་ཀྱི་སྐབས་སུ་བྱུང་བའི་གད་སྙིགས་རང་གིས་འཁྱེར་ཏེ། གད་སྙིགས་ས་ལ་མི་ལྷུང་བར་བྱེད་དགོས།
གད་སྙིགས་འཐུ་བའི་བྱེད་སྒོ་སྤེལ་བ། རང་གི་རྩྭ་ས་དང་བླ་རི་བླ་མཚོ། ཆོས་ལུགས་འདུ་འཛོམས་སོགས་སུ་གད་སྙིགས་གཙང་ཉར་བྱེད་པའི་བྱེད་སྒོ་སྤེལ་བ།
གད་སྙིགས་སྤུངས་ནས་མི་འཇོག་པར་གཙང་སེལ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་མེད་པ་བྱེད་དགོས། རི་སྤོ་ས་དང་ཁང་བའི་ནང་གི་ཟས་རིགས། གད་སྙིགས་རྩ་བ་ནས་འདོར་བ་དང་གཙང་སེལ་བྱེད་དགོས། (དྲི་མ་འགེབས་དགོས།)ཁང་བའི་ནང་དུ་ཨོང་བའི་དུ་བ་བདུག་པ་དང་། ཁང་བའི་ཉེ་འཁོར་དུ་ཨན་ཆུ་གཏོར་ནས་དྲི་མ་འགེབས་དགོས།(ཨན་ཆུ་ལ་རུལ་སུངས་ཀྱི་ནུས་པ་ཡོད་པས། བེད་སྤྱོད་ཉུང་ཉུང་བྱེད་པ་དང་ལག་ཤུབས་གྱོན་དགོས།)
གད་སྙིགས་མཉམ་དུ་སྤུངས་གསོག་བྱེད་སར་“དྲེད་མོང་འགོག་པའི་སྙིགས་སྒམ་འཇོགདགོས་པ་དང་། ཁ་དམ་པོར་བཅད་པའི་གད་སྙིགས་སྒམ་བེད་སྤྱོད་བཏང་ན་དྲེད་མོངསོགས་རི་སྐྱེས་སྲོག་ཆགས་ཀྱིས་སྙིགས་སྒམ་སློག་མི་ཐུབ་ལ།མི་དང་གཅན་གཟན་བར་གྱི་འགལ་བའང་ཇེ་ཉུང་དུ་བཏང་ཡོད།
མཐར་དུས་རྒྱུན་ངེད་གངས་རི་གནས་མཆོག་ཚང་ལ་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་དག་ལ་ཐུགས་རྗེ་ཆེ།